བོང་བུའི་དཔོན་གཏམ།

  ༡

  སྔོན་གྱི་དུས་སུ་ཡུལ་དབེན་པ་ཞེས་པའི་ལུང་པ་རིང་མོ་ཞིག་ཡོད་ལ་དེའི་ནང་དུ་རིགས་མི་གཅིག་པའི་སྲོག་ཆགས་མང་པོ་ཞིག་གིས་སྐྱིད་ཀྱི་རྟ་ཕོ་མཉམ་བཞོན་དང་སྡུག་གི་ཁུར་བོ་མཉམ་འཁུར་བྱས་ནས་བག་ཡངས་ཀྱི་འཚོ་བ་རོལ་བཞིན་བསྡད་ཡོད།

  ཉིན་ཞིག་ལ་ལུང་པའི་ནང་གི་སྲོག་ཆགས་མང་པོས་མཉམ་དུ་གྲོས་བྱས་ནས་སྲོག་ཆགས་གཅིག་ཁོ་ཚོ་སྤྱིའི་དཔོན་པོར་འཇོག་དགོས་བསམ། དེའི་ཁྲོད་ཀྱི་ལོ་ན་ཅུང་བགྲེས་པའི་ཨ་ཁུ་ར་རྒན་གྱིས “ཐེངས་འདིའི་དཔོན་པོ་གདམ་པའི་ཕྱོགས་ལ་སྲོག་ཆགས་མང་པོས་བསམ་བློ་བཞི་གསུམ་བཅུ་གཉིས་ཐོངས། བློ་རྩེ་ཉི་ཤུ་རྩ་གཅིག་ཁོལ། གལ་ཏེ་རང་གི་བསམ་བསམ་འདོད་འདོད་ཅིག་བྱས་ན། དབེན་པ་ཞེས་པའི་ལུང་པ་འདིའི་འདས་མ་ད་གསུམ་པོ་ཚར་ངེས་ཡིན”ཞེས་ཐོག་མའི་རེ་བ་སྲོག་ཆགས་ཚང་མར་དྲང་མོར་བཤད། སྐབས་དེར་ཤ་དར་ཁྲག་དར་གྱི་རྟ་ཕོས་རྔོག་མ་གཡུག་བཞིན“གོང་ནས་ཨ་ཁུ་ར་རྒན་གྱི་སྲོག་ཆགས་ཚང་མར་མི་ངོ་ལྷ་ངོ་འཕྲོད། ལྷ་ངོར་ཉི་མ་ཤར་དུ་བཅུག་ཡོད་པ་ཀན་རེད། དེ་བས། སྲོག་ཆགས་ཚང་མས་གཟབ་ནན་གྱི་སྒོ་ནས་བསམ་བློ་གཏོང་རྒྱུ་ལས་གཞན། ཕན་ཚུན་གྱི་བྱ་བ་སྤྱོད་པ་ལ་འདང་མང་པོ་རྒྱག་དགོས། དེ་ལྟར་མིན་པར་རང་ཁོ་ནའི་ཉེ་འབྲེལ་གྱི་ངོ་སོ་ཙམ་ལ་བལྟས་ནས་སྲོག་ཆགས་ཚང་མའི་བདེ་སྡུག་ལ་བསམ་བློ་མ་བཏང་ན། རྗེས་ཕྱོགས་ཀྱི་དབེན་པའི་ལུང་པ་འདི་ལ་གོད་ཆག་ཀྱང་སྣ་ཚོགས་འབྱུང་ངེས་ཡིན”ཞེས་གལ་བོ་ཆེ་ལ་ནན་བཤད་བྱས།

  སྲོག་ཆགས་མང་པོས་རང་རང་གི་ཐད་ནས་གྲོས་བསྡུར་རབ་དང་རིམ་པ་ཞིག་བྱས་པ་བརྒྱུད་ནས། བསལ་གདམ་བྱས་པའི་སྲོག་ཆགས་ཀྱི་མིང་ཡང་གཅིག་མཐུན་མིན་པ་མང་པོ་བྱུང་།

  ཕྱི་ཉིན་ཞོགས་པར། དབེན་པའི་ལུང་པའི་ནང་གི་སྲོག་ཆགས་ཚང་མ་མ་གྲོས་གཅིག་མཐུན་ངང་ཆུ་བོ་ཟམ་མེད་ཀྱི་འགྲམ་ནས་འཛོམས། ཐོག་མར་ཅུང་འཚུབ་ཆ་ལངས་ཡོད་པའི་རྔ་མོང་གིས་“ཚང་མ་འཛོམས་པ་ཡག་བྱུང་། དེ་རིང་གི་དུས་ཚོད་འདི་ལ་སྲོག་ཆགས་ཚང་མས་རང་རང་གི་ཐད་ནས་སྲོག་ཆགས་དཔོན་པོ་ཞིག་གདམ་དགོས་པ་དེ་རེད། གང་ཞིག་གདམ་རུང་གཙོ་བོ་དབེན་པའི་ལུང་པའི་ནང་གི་སྲོག་ཆགས་ཚང་མའི་མ་འོངས་པའི་བདེ་སྡུག་ལ་བསམ་བློ་གཏོང་རྒྱུ་ངའི་རེ་བ་ཡིན”ཟེར། ཏག་ཏག་སྐབས་དེ་ལ་ར་རྒན་དང་རྟ་ཕོ་སོགས་ཀྱིས་ཆེས་བཀུར་ཅིང་བརྩི་བའི་ཨ་ཁུ་གླང་ཆེན་དལ་དལ་ལྷོད་ལྷོད་ཀྱིས་སླེབས་བྱུང་།

  སྲོག་ཆགས་ཚང་མ་སྐད་ཅིག་ལ་ཁ་རོག་གེར་གྱུར་ཅིང་། རང་རང་གི་ཐད་ནས་བདམས་པའི་དཔོན་པོའི་མིང་ཡིག་དང་བསམ་འཆར་སོགས་ཡར་ལ་སྤྲད། ཡུན་རིང་མ་འགོར་བར་གླང་ཆེན་གྱིས་སྐད་གསང་ཅུང་མཐོ་ཞིང་ཚིག་འབྲུ་གསལ་བོའི་སྒོ་ནས་སྲོག་ཆགས་ཚང་མས་འདེམས་ཡོད་པའི་དཔོན་པོའི་མཚན་བྱང་བསྒྲགས་པ་སྟེ། “ཐེངས་འདིར་བོའུ་འཕེན་ས་ན་འབེན་ཞིག བྱ་འཁོར་ས་ན་ཐེམ་ཞིག་ཟེར་བ་ལྟར་མང་པོས་གྲོས་བྱས་ནས་དཔོན་པོ་ཞིག་བདམས་ཡོད་པ་ནི་བོང་བུ་རེད། དེ་རིང་ནས་བཟུང་དབེན་པའི་ལུང་བ་འདི་ལ་སྐྱིད་ན་སྐྱིད་པའི་དཔེ་དང་སྡུག་ན་སྡུག་གི་ལོ་རྒྱུས་སྐྱོང་མཁན་ཞིག་ཡོད་པ་ནི་ཁོ་རེད། རྗེས་ཕྱོགས་སྲོག་ཆགས་ཚང་མས་ཁོ་ལ་རོགས་རམ་དང་རྒྱབ་སྐྱོར་བྱེད་རྒྱུ་ནི་གླང་ཆེན་ངའི་རེ་བ་ཡིན།”

  ༢

  “བོང་བུ་དཔོན་པོ་བྱས་སོང་།”ཞེས་པའི་སྐད་ཆ་དེ་དབེན་པའི་ལུང་པའི་ག་ས་གང་ལ་ཁྱབ་ཅིང་། སྲོག་ཆགས་མང་པོ་ཞིག་གིས་དེའི་བསྐོར་ནས་རྩོད་པའང་མང་པོ་བྱས་སོང་ཟེར། ཡིན་ནའང་། བོང་བུ་ལ་མཚོན་ན་འདི་ལས་ལྷག་པའི་གོ་སྐབས་ཡག་པོ་ཞིག་རྙེད་རྒྱུ་མི་འདུག་བསམ་ནས་རང་གིས་གསར་དུ་སྒྲིག་ལམ་སྣ་ཚོགས་ཤིག་བསྒྲགས་ཤིང་། སྲོག་ཆགས་ཁྲོད་ཀྱི་ཉམ་ཆུང་དཔུང་མེད་ཀྱི་སྡེ་ལ་མནར་གཅོད་གཏོང་བ་སོགས་ངན་ལས་མང་པོ་བྱེད་འགོ་བརྩམས།

  ཁོས་རང་ཉིད་འདི་ལྟར་རྒྱལ་པོ་ལྟ་བུ་ཞིག་ཡིན་པའི་སྣང་བ་ཡོད་པ་ནས། གཞན་གྱི་བྱ་སྤྱོད་ལ་ཐེ་གཏོགས་བྱེད་པ་ཤིན་ཏུ་བློ་ཡིད་ལས་འདས། ཉིན་ཞིག་བྱིའུ་ཆུང་ཞིག་བོང་བུའི་ལྷས་རའི་མཁའ་ལམ་བརྒྱུད་ནས་འཕུར་སོང་བ་བོང་བུའི་མིག་ལ་མ་སོང་བས། ཁོས་རང་གི་ལག་འོག་གི་སྲོག་ཆགས་འགའ་མངགས་ནས་བྱིའུ་ཆུང་འཛིན་བཟུང་བྱེད་དུ་བཅུག་ཅིང་། རང་བློ་གང་དྲན་སྒོས་བྱིའུ་ཆུང་ལ་གཅར་རྡུང་ཚད་ལས་བརྒལ་བ་བྱས་པ་མ་ཟད། བོང་བུས་བྱིའུ་ཆུང་ལ“གནས་ཚུལ་འདི་སྲོག་ཆགས་གཞན་ལ་བཤད་རྒྱུ་ཞིག་ཡོད་དུས། ངས་ཁྱེད་ལ་ས་འདི་ནས་འདུག་ཐབས་མེད་པའི་བཀོད་པ་ཞིག་འཐེན”ཟེར་ནས་ཕྱིར་བཏང་།

  བྱིའུ་ཆུང་ངུ་བཞིན་ངུ་བཞིན་ཡུལ་ལ་འགྲོ་བཞིན་པའི་དུས་སུ། སྐྱ་ཀས་བྱིའུ་ཆུང་མཐོང་ནས་ཁོ་སར་འཕུར་ནས་ཡོང་།“བྱིའུ་ཆུང་ཆུང་། དེ་རིང་ཁྱེད་ལ་ཅི་བྱས་སོང་བ་རེད། ཁྱེད་ཀྱི་མིག་མཐའ་སྔོ་ནག་ཏུ་གྱུར་འདུག་པའི་རྒྱུ་མཚན་ཅི་རེད།”ཅེས་དྲིས་པ་ན། བྱིའུའི་སེམས་ལ་གལ་ཏེ་དོན་དག་འདི་མ་གསང་དྲང་མོར་སྐྱ་ཀ་ལ་བཤད་ན། བོང་བུས་ཡང་ཁོའི་ལག་འོག་གི་སྲོག་ཆགས་མངགས་ནས་རང་ལ་བརྙས་བཅོས་བྱེད་ངེས་ཡིན་བསམ་ནས་གནས་ཚུལ་དྲང་མོར་མ་བཤད།

  ཡང་ཉི་མ་ཁ་ཤས་འགོར་སོང་། བོང་བུས་ནགས་བྱི་དང་བྱི་བ། གླང་ཕྲུག་སོགས་ལ་ཐུབ་ཚོད་སྣ་ཚོགས་བྱས་པ་ཡར་མར་གྱི་སྲོག་ཆགས་མང་པོ་ཞིག་གིས་ཤེས་སོང་བས། ཁོ་ཚོས་གྲོས་བྱས་ནས་བོང་བུ་ངེས་པར་དུ་དཔོན་ས་ནས་ཕབ་དགོས་པར་འདོད།

  ༣

  སྲོག་ཆགས་མང་པོ་ཞིག་བོང་བུ་ཡོད་སའི་ལྷས་རར་འཛོམས་པ་ན། བོང་བུ་སྔོན་དང་མི་འདྲ་བར་གཟུགས་སྟོབས་རྒྱས་ཤིང་། ཤ་ཤེད་བཟང་པོར་གྱུར་འདུག ཁོ་རང་དཔོན་ཉམས་དང་བཅས་སྲོག་ཆགས་མང་པོའི་སྔུན་ནས་ཐུར་འཁོར་ནས་བསྡད་འདུག སྐབས་དེར་སྲོག་ཆགས་ཚོས་བོང་བུ་དཔོན་ས་ནས་འདུག་མི་ཆོག་ཅེས་འུར་བརྒྱབ། ཡིན་ཡང་ཁོ་ཚོར་འཐུས་ཚབ་བྱེད་མཁན་གཅིག་ཀྱང་མེད་པས། བོང་བུའི་སེམས་ཅུང་ལྷོད་ལ་བབས་ནས་“གཏམ་དེ་ནི་ཕལ་ཆེར་ང་ལ་དགའ་བོ་མེད་པའི་སྲོག་ཆགས་ཁ་ཤས་ཀྱིས་ངན་སྐུལ་བྱས་པ་ཁོ་ཐག་རེད”ཟེར་བར་གྲོག་མས་ངག་ལ་འདར་སྐད་འདྲེས་ནས“དེ་འདྲ་ཡིན་མིན་གཙོ་བོ་མ་རེད། གཙོ་བོ་ཁྱེད་ངེས་པར་དུ་དཔོན་ས་ནས་མུ་མཐུད་དུ་འདུག་མི་དགོས་པ་དེ་རེད་”ཟེར། ཡིན་ཡང་སྐད་ཆ་དེ་ནི་བོང་བུ་ལ་མཚོན་ན་སྤྱང་ཀིའི་རྣ་བར་ཆོས་བཤད་ཡིན་པ་བཤད་མི་དགོས་པ་རེད།

  བསམ་འཆར་བཤད་མཁན་གྱི་སྲོག་ཆགས་དག་ཅི་བྱ་གཏོལ་བྲལ་དུ་གྱུར་ནས་ཕྱིར་མི་ཡོང་ཐབས་མེད་དུ་གྱུར། དེའི་རྗེས་ནས་ཡང་བསྐྱར་སྲོག་ཆགས་མང་པོ་ཞིག་མཉམ་དུ་འཛོམས་ནས་གྲོས་བྱས། ཁོ་ཚོས་ཐོག་མར་ཨ་ཁུ་ར་རྒན་བཙལ་བ་དང་། དེ་ནས་རྟ་ཕོ་བཙལ། མཐར་གླང་ཆེན་ཡང་གྲོས་བསྡུར་དེ་ལ་མོས་འཐད་བྱུང་བས། ཁོ་ཚོ་མཉམ་དུ་བོང་བུ་འཚོལ་དུ་སོང་།

རྩོམ་སྒྲིག་པ། ལྷ་སྐྱིད།

  (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བོང་བུའི་དཔོན་གཏམ།

2019-05-03 རྡོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།