མཚོ་སྔོན་པོའི་སྙན་ངག་གི་རྩིག་པའི་ཞལ་ཡོལ་འབྱེད་པའི་མཛད་སྒོ་བསྡུ་འཆར་ཡོད་པ།

 

       
  
ཉེ་ལམ། མཚོ་སྔོན་ཞིང་ཆེན་གྱི་ཞིང་སྤྱི་གཞོན་པ་དང་། ཀྲུང་གོའི་སྙན་ངག་སློབ་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཅེ་རྡེ་རྨ་རྒྱས་མཚོ་སྔོན་པོའི་སྙན་ངག་གི་རྩིག་པའི་ཞལ་ཡོལ་དེ་མཚོ་སྔོན་པོའི་རྒྱལ་སྤྱིའི་སྙན་ངག་དུས་ཆེན་སྐབས་གཉིས་པའི་དུས་སུ་དབྱེ་རྒྱུ་གཏན་ལ་འཁེལ་བ་དང་རྩིག་པ་དེའི་ངོས་སུ་འཛམ་གླིང་ཡོངས་ཀྱི་སྒྱུ་རྩལ་བ་གྲགས་ཅན་བཞི་བཅུ་ལྷག་གི་འདྲ་རིས་བརྐོས་ཡོད་ཚུལ་སྐོར་གསལ་བོར་གསུང་།

        མཚོ་སྔོན་པོའི་རྒྱལ་སྤྱིའི་སྙན་ངག་དུས་ཆེན་ཞེས་པ་དེ་ལོ་གཉིས་རེའི་ནང་ཐེངས་གཅིག་རེ་སྡུད་བཞིན་པ་དང་། སྐབས་གཉིས་པའི་རིང་འཛམ་གླིང་གི་རྒྱལ་ཁབ་༥༠ལྷག་ནས་ཕེབས་པའི་སྙན་ངག་པ༢༠༠ལྷག་ཚོགས་ཞུགས་གནང་རྒྱུ་རེད།

མཚོ་སྔོན་པོའི་སྙན་ངག་གི་རྩིག་པའི་ངོས་སུ་སི་ཕེན་སྐད་ཀྱི་རྩོམ་པ་པོ་གྲགས་ཅན་ཅ་ཡེ་ཡ་མར་རྒེ་ཟི་དང་། རོའུ་ཝུན་ཏལ་ཨོ་སོགས་ཀྱི་འདྲ་རིས་བརྐོས་ཡོད་ལ་ཨ་ཇེན་ཐེན་གྱི་སྙན་ངག་པ་གྲགས་ཅན་ཧོའུན་ཧོལ་མན་མཆོག་སྙན་ངག་དུས་ཆེན་དེའི"གསེར་གཙོད"བྱ་དགའ་ལེན་མཁན་ཡིན་པའི་ངོས་ནས་ཚོགས་འདུར་དངོས་སུ་ཞུགས་རྒྱུ་རེད།

སྙན་ངག་དུས་ཆེན་དེ་ནི་རྣམ་པར་གཟབ་རྒྱས་ཆེ་ཞིང་རྒྱལ་སྤྱིའི་རང་བཞིན་ཆེས་ཆེར་མངོན་པ་ཞིག་ཏུ་སྲིད་མོད་དེ་ཉིད་གཞུང་ཕྱོགས་ཀྱིས་སྒྲུབ་པ་ལས་དམངས་ཁྲོད་དང་འབྲེལ་བ་ཆེར་མ་བྱུང་བས་བོད་ནང་དུ་ཤུགས་རྐྱེན་ཅི་ཡང་ཐེབས་མི་འདུག

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཚོ་སྔོན་པོའི་སྙན་ངག་གི་རྩིག་པའི་ཞལ་ཡོལ་འབྱེད་པའི་མཛད་སྒོ་བསྡུ་འཆར་ཡོད་པ།

2009-04-19 ངེད་དྲ་བ། ཀློག་གྲངས། མཆན ཡོད།

 

       
  
ཉེ་ལམ། མཚོ་སྔོན་ཞིང་ཆེན་གྱི་ཞིང་སྤྱི་གཞོན་པ་དང་། ཀྲུང་གོའི་སྙན་ངག་སློབ་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཅེ་རྡེ་རྨ་རྒྱས་མཚོ་སྔོན་པོའི་སྙན་ངག་གི་རྩིག་པའི་ཞལ་ཡོལ་དེ་མཚོ་སྔོན་པོའི་རྒྱལ་སྤྱིའི་སྙན་ངག་དུས་ཆེན་སྐབས་གཉིས་པའི་དུས་སུ་དབྱེ་རྒྱུ་གཏན་ལ་འཁེལ་བ་དང་རྩིག་པ་དེའི་ངོས་སུ་འཛམ་གླིང་ཡོངས་ཀྱི་སྒྱུ་རྩལ་བ་གྲགས་ཅན་བཞི་བཅུ་ལྷག་གི་འདྲ་རིས་བརྐོས་ཡོད་ཚུལ་སྐོར་གསལ་བོར་གསུང་།

        མཚོ་སྔོན་པོའི་རྒྱལ་སྤྱིའི་སྙན་ངག་དུས་ཆེན་ཞེས་པ་དེ་ལོ་གཉིས་རེའི་ནང་ཐེངས་གཅིག་རེ་སྡུད་བཞིན་པ་དང་། སྐབས་གཉིས་པའི་རིང་འཛམ་གླིང་གི་རྒྱལ་ཁབ་༥༠ལྷག་ནས་ཕེབས་པའི་སྙན་ངག་པ༢༠༠ལྷག་ཚོགས་ཞུགས་གནང་རྒྱུ་རེད།

མཚོ་སྔོན་པོའི་སྙན་ངག་གི་རྩིག་པའི་ངོས་སུ་སི་ཕེན་སྐད་ཀྱི་རྩོམ་པ་པོ་གྲགས་ཅན་ཅ་ཡེ་ཡ་མར་རྒེ་ཟི་དང་། རོའུ་ཝུན་ཏལ་ཨོ་སོགས་ཀྱི་འདྲ་རིས་བརྐོས་ཡོད་ལ་ཨ་ཇེན་ཐེན་གྱི་སྙན་ངག་པ་གྲགས་ཅན་ཧོའུན་ཧོལ་མན་མཆོག་སྙན་ངག་དུས་ཆེན་དེའི"གསེར་གཙོད"བྱ་དགའ་ལེན་མཁན་ཡིན་པའི་ངོས་ནས་ཚོགས་འདུར་དངོས་སུ་ཞུགས་རྒྱུ་རེད།

སྙན་ངག་དུས་ཆེན་དེ་ནི་རྣམ་པར་གཟབ་རྒྱས་ཆེ་ཞིང་རྒྱལ་སྤྱིའི་རང་བཞིན་ཆེས་ཆེར་མངོན་པ་ཞིག་ཏུ་སྲིད་མོད་དེ་ཉིད་གཞུང་ཕྱོགས་ཀྱིས་སྒྲུབ་པ་ལས་དམངས་ཁྲོད་དང་འབྲེལ་བ་ཆེར་མ་བྱུང་བས་བོད་ནང་དུ་ཤུགས་རྐྱེན་ཅི་ཡང་ཐེབས་མི་འདུག

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།