རྒྱ་ཡིག་གི《དོན་གྲུབ་རྒྱལ་གྱི་བརྩམས་སྒྲུང་གཅེས་བཏུས་དེབ》ཞེས་པ་པར་དུ་བསྐྲུན་པ།

        རྒྱ་ཡིག་གི་བོད་མིའི་རིག་གནས་དྲ་བར་གནས་ཚུལ་བཀོད་པ་ལྟར་ན། བོད་ཀྱི་དེང་རབས་རྩོམ་རིག་གི་ཤིང་རྟ་བར་གྲགས་པའི་སྐུ་ཞབས་དོན་གྲུབ་རྒྱལ་ལམ་སྨྱུག་མིང་ལ་རང་གྲོལ་དུ་འབོད་པ་ལགས་ཀྱི་བརྩམས་སྒྲུང་ལེགས་ཤོས་རྣམས་རྒྱ་ཡིག་ཏུ་བསྒྱུར་བའི་དཔེ་དེབ<<དོན་གྲུབ་རྒྱལ་གྱི་བརྩམས་སྒྲུང་གཅེས་བཏུས་དེབ>>ཅེས་པ་ཉེ་ལམ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམ་སྤེལ་བྱས་ཡོད་ལ་དེ་ནི་དོན་གྲུབ་རྒྱལ་ལགས་ཀྱི་བརྩམས་ཆོས་ཅུང་འཐུས་ཚང་ངའི་ངང་རྒྱ་ཡིག་ཏུ་སྒྱུར་ཐེངས་དང་པོའང་རེད།
        རྒྱུས་ལོན་བྱུང་བ་ལྟར་ན། འགྱུར་དེབ་དེའི་ཡིག་སྒྱུར་བ་ནི་བོད་རྒྱ་ཡིག་རིགས་གཉིས་ཀར་བྱང་ཆ་ཆེ་ཞིང་གཉིས་ཀའི་ཐོག་ནས་བརྩམས་སྒྲུང་འབྲི་ཐུབ་པའི་རྩོམ་པ་པོ་ལུང་རིན་ཆེན་ལགས་རེད་ལ་མགོ་བརྗོད་དང་མཇུག་བྱང་གཉིས་ཀ་སོ་སོར་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཞིང་དཔོན་གཞོན་པ་སྟག་འབུམ་ཐར་དང་རྩོམ་མཁན་འདས་པོ་ཁོང་གི་དེ་སྔའི་སྐུ་ལྕམ་ཡུམ་སྐྱིད་ལགས་ཀྱིས་བྲིས་ཡོད་འདུག
      

 

རྩོམ་ཁུངས། བོད་མིའི་རིག་གནས་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྒྱ་ཡིག་གི《དོན་གྲུབ་རྒྱལ་གྱི་བརྩམས་སྒྲུང་གཅེས་བཏུས་དེབ》ཞེས་པ་པར་དུ་བསྐྲུན་པ།

2009-01-04 ནག་རྡོ། ཀློག་གྲངས། མཆན ཡོད།

        རྒྱ་ཡིག་གི་བོད་མིའི་རིག་གནས་དྲ་བར་གནས་ཚུལ་བཀོད་པ་ལྟར་ན། བོད་ཀྱི་དེང་རབས་རྩོམ་རིག་གི་ཤིང་རྟ་བར་གྲགས་པའི་སྐུ་ཞབས་དོན་གྲུབ་རྒྱལ་ལམ་སྨྱུག་མིང་ལ་རང་གྲོལ་དུ་འབོད་པ་ལགས་ཀྱི་བརྩམས་སྒྲུང་ལེགས་ཤོས་རྣམས་རྒྱ་ཡིག་ཏུ་བསྒྱུར་བའི་དཔེ་དེབ<<དོན་གྲུབ་རྒྱལ་གྱི་བརྩམས་སྒྲུང་གཅེས་བཏུས་དེབ>>ཅེས་པ་ཉེ་ལམ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམ་སྤེལ་བྱས་ཡོད་ལ་དེ་ནི་དོན་གྲུབ་རྒྱལ་ལགས་ཀྱི་བརྩམས་ཆོས་ཅུང་འཐུས་ཚང་ངའི་ངང་རྒྱ་ཡིག་ཏུ་སྒྱུར་ཐེངས་དང་པོའང་རེད།
        རྒྱུས་ལོན་བྱུང་བ་ལྟར་ན། འགྱུར་དེབ་དེའི་ཡིག་སྒྱུར་བ་ནི་བོད་རྒྱ་ཡིག་རིགས་གཉིས་ཀར་བྱང་ཆ་ཆེ་ཞིང་གཉིས་ཀའི་ཐོག་ནས་བརྩམས་སྒྲུང་འབྲི་ཐུབ་པའི་རྩོམ་པ་པོ་ལུང་རིན་ཆེན་ལགས་རེད་ལ་མགོ་བརྗོད་དང་མཇུག་བྱང་གཉིས་ཀ་སོ་སོར་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཞིང་དཔོན་གཞོན་པ་སྟག་འབུམ་ཐར་དང་རྩོམ་མཁན་འདས་པོ་ཁོང་གི་དེ་སྔའི་སྐུ་ལྕམ་ཡུམ་སྐྱིད་ལགས་ཀྱིས་བྲིས་ཡོད་འདུག
      

 

རྩོམ་ཁུངས། བོད་མིའི་རིག་གནས་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།