ལྷམ་ཀོག་གི་སྙན་ངག་དེབ《ཕྲེང་བ་ནག་པོ》པར་སྐྲུན་དང་དེ་འབྲེལ་གྱི་དཔྱད་བརྗོད།

    ཉེ་ལམ། སྙན་ངག་པ་རོང་བོ་དགེ་འདུན་ལྷུན་གྲུབ་བམ་དྲ་མིང་ལ་ལྷམ་ཀོག་ཏུ་འབོད་པ་གང་དེའི་སྙན་ངག་དེབ<<ཕྲེང་བ་ནག་པོ>>ཞེས་པ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་ཞིང་དེའི་སྐོར་གྱི་གསར་འགྱུར་དག་དྲ་བ་གཞན་དུ་གསལ་བས་འདིར་དེབ་དེ་དང་འབྲེལ་བའི་དཔྱད་བརྗོད་ཅིག་ངོ་སྤྲོད་ཀྱི་ཚུལ་དུ་བཀོད་ཡོད། 
  
   སེམས་ཀྱི་འཕར་ལངས་ཤུགས་དྲག་པོ་ཞིག་གིས་ཡིད་ཚོར་དང་ཕྱི་ཡུལ་གྱི་གནས་བབས་
ཡོད་ཚད་དབང་དུ་བསྡུ་བའི་ཡིད་ཆེས་རྙེད་ཅིང་། འཇིག་རྟེན་དོགས་འཚེར་གྱི་བཀག་རྒྱ་མ་ལུས་ཀྱང་ཅི་འདོད་དུ་བསྐྱུར་སྙམ་གྱི་ཡིད་ཆེས་བཟོད་དཀའ་བ་ཞིག་གིས་རང་གི་ཚེ་སྲོག་ལ་ཕོད་བཙུགས་ནའང་འདོད་པ་མི་ཚིམ་པའི་ཡིད་དབང་ཚོར་རྒྱ་ཅན་ཞིག་ཉིན་དང་མཚན་དུ་འཕར་བའི་མཐའ་མར། དགེ་འདུན་ལྷུན་གྲུབ་ཟེར་བའི་གྲྭ་རྐྱང་འདི་ལྷམ་ཀོག་བྱ་བའི་སྙན་ངག་པ་ཞིག་ཏུ་གྱུར་ལ། དུས་མཚུངས་སུ་བདག་གཞན་མཉམ་བརྗེ་ཡི་སྙིང་རུས་བརྟན་པོ་དེ་དབང་བོའི་དགའ་སྐྱོ་ཡི་མཚན་ཉིད་རིག་པའི་ཁྱབ་ཁོངས་སུ་བརླན་ནས་གཟུགས་འདས་རིག་པའི་ཚོར་རྟོག་གི་ལྷུ་ལག་མ་ལུས་ཀྱང་ནེམ་ཞིང་འཇམ་པའི་སེམས་གཤིས་ཤིག་ཏུ་བསྒྱུར་བར་སེམས་ཀྱི་བརྟན་པ་དབང་མེད་དུ་ཕྱོགས་ཡོད།
 
ཚོགས་དྲུག་རང་གྲོལ་གྱི་གསུང་རྩོམ་བཅུ་ཕྲག་ཅིག་གིས
རི་བོ་དེའི་ཕ་རོལ་ནས་ང་ལ་སྡོམ་རྒྱ་ཞིག་མཐོང་དུ་བཅུག་བྱུང
སྡོམ་རྒྱ་དེ་བརྩེ་བས་གཏུབས་ཀྱིན སྡོམ་རྒྱ་དེ་ཤེས་རབ་ཀྱིས་གཏུབས་ཀྱིན
ངའི་ད་སྐབས་ཀྱི་སྡུག་བསྔལ ངའི་ད་སྐབས་ཀྱི་དྲན་གདུང
ཡོད་ཚད་རི་བོ་འདིའི་གསེབ་ཏུ་སྦས་ན་ཡང
རི་བོ་དེའི་གྲིབ་ངོས་ནི་ནམ་མཁའི་རྩིག་ལྡེབས་རེད
ངས་ནམ་རྒྱུན་རྩིག་ངོས་དེར་ཞལ་བ་བྱས་ན་འང
ཚེར་མའི་མེ་ཏོག་གིས་བརླན་པར་བྱས་པའི་མཚན་མོ་ཞིག
བཏུད་ཅིང་བཏུད་བཞིན་ང་ལ་གདོང་གཏུགས་བྱེད་ཐེངས་རེར
འཁོར་བའི་རྩིབ་མ་ཞེས་པ་ནི་གློ་དང་སྙིང་གི་མཐིལ་དུ་གཟེངས་པས
དཀར་ལ་དམར་ཞིང དམར་ལ་དཀར་བའི་རྨི་ལམ་དག་འཚུབ་ནས་འོང
        _____ལྷམ་ཀོག་གི་སྙན་ངག་རི་བོ་ཞིག་གི་ཕར་ཚུར་ཞེས་པ་ལས་དྲངས།
    
       མཚོན་སྟངས་ནི་མཚོན་སྟངས་དེ་ཀོ་རེད་མོད། ཁྱད་དུ་མཚར་བ་གང་ཞིག་མ་ཡིན་པ་ལ་ལྟོས་པའི་གོ་གནས་དང་རྒྱུ་ནོར། ཐོབ་ཐང་དང་བདེ་སྐྱིད་ཡོད་ཚད་བློས་གཏོང་གི་སེམས་ཤུགས་རྨ་མེད་དུ་བརྟས་པའི་རྟོག་འཆར་དེ་ནི་ཅིས་ཀྱང་སྐྱོ་དུབ་བྱ་བའི་ཚོར་བ་འདིའི་ཁོངས་སུ་འགྱུར་བག་རྣམ་པར་རྒོད་པའི་ངང་དུ་འཕྱུར་ན།རང་གི་སེམས་གཤིས་སྨུག་པོའི་ཀློང་ནས་ཆགས་སྡང་གང་རུང་གིས་བསྐུལ་བའི་སེམས་བྱུང་ཉེས་སྐྱོན་དུ་འབར་བ་དག་དམར་རྗེན་དུ་ཕྱིར་འབྱིན་པ་ལ་མཐར་ཐུག་པའི་ལམ་གྱི་བདེན་པའི་རིམ་པ་ཞིག་ཏུ་ལྟོས་ཤིང་། དེ་ཉིད་འདོན་པའི་སྒུལ་ཤུགས་གཙོ་བོ་ཡང་ཚོར་ཤེས་ཀྱིས་དེད་པའི་མཇུག་མཐའི་འཇའ་རིས་འོད་དུ་བཀྲག་པ་ཞིག་ཡིན་འདུག 
       དེ་ནི་ལྷམ་ཀོག་གི་ལྷན་སྐྱེས་ལས་བྱུང་བའི་ནུས་སྟོབས་ཤིག་རེད་དེ། ཡོངས་གྲགས་སུ་ཁས་ལེན་པའི་སྙན་ངག་གི་གཉུག་གཤིས་དངོས་དེ་དཔེ་གཟུགས་གང་རུང་གི་ཕར་རྒྱབ་ཏུ་གབ་པའི་སྣང་བརྙན་གཅེར་བུ་ཞིག་ཡིན་ནའང་། དབྱིབས་དང་ཁ་དོག་སྣ་ཚོགས་པའི་མངོན་སུམ་གྱི་འཇིག་རྟེན་མདུན་དུ་དེ་དག་ནི་གྲུང་ཤུགས་འབེལ་ཤོས་ཀྱི་སྐད་ཆ་དག་རྩད་ནས་མིན་པར་ཚོར་རྟོག་དངོས་ཀྱི་གཟུགས་སྣང་ལས་ཐོན་པའི་ཚེ་སྲོག་གི་གཏམ་གླེང་ཉག་གཅིག་ཏུ་གྱུར་ལ། བདེན་པ་ཟོལ་མེད་ཀྱི་ཚོར་རྟོག་དེ་ནི་ཆེས་སྤྱིར་བཏང་གི་འདོད་བློ་ཞིག་ནས་མིའི་རིགས་སྤྱིའི་འཚོ་གནས་དང་དེའི་ཁྱད་གཤིས་ལ་སྙེགས་པའི་རྟོག་དགོངས་དམིགས་བསལ་བ་ཞིག་ཏུ་གྱུར་ཡོད།
    
ཕྱོགས་ངོས་ཤིག་ནས་བལྟས་ན་ལྷམ་ཀོག་གི་ཚོར་བ་དེ་ནི་དགའ་སྤྲོ་དང་སྡུག་བསྔལ་ལ་ལྟོས་པ་ལས་འདས་པ་ཞིག་གམ་ཡིད་ཀྱི་འགྱུ་བ་བླ་རུ་འཕགས་པའི་ཤེས་རབ་ཀྱི་སྙོམས་ངོས་ཤིག་ཏུ་འཕགས་འདུག་ཅིང་། རང་ལས་ཐ་དད་མ་ཡིན་པའི་འདུ་ཤེས་བརྟན་ཆགས་ཅན་ཞིག་ཏུ་གྱུར་ཡོད་དེ། གཙང་ཞིང་དྲི་མས་མ་གོས་པའི་སེམས་ཀྱི་རང་གཟུགས་འབའ་ཞིག་ཏུའང་གྱུར་ཡོད། དེའི་དབང་གིས་ནི་གྲོགས་པོ་སྙན་ངག་པ་ཞིག་གིས་སྙན་ངག་གི་མཐར་ཐུག་སངས་རྒྱས་ཡིན་པའི་སྒྲུབ་བྱེད་དམ་ལྟ་སྟངས་ཤིག་བཏོན་པ་ལའང་བདེན་པའི་མཐར་ཐུག་གི་ཡིད་ཆེས་ཡོད་པ་ལྟར་མཐོང་ཞིང་། ཞིབ་ཅིང་མ་ནོར་བའི་གཏན་ཚིགས་ཀྱིས་གསིལ་དུ་མི་ནུས་པའི་ཚོར་ཤེས་ཀྱི་རོ་ཉམས་རྐྱང་བ་ཞིག་ཡིན་པར་མཐོང་གིན་ཡོད།
   
རེད་དེ། ལྷམ་ཀོག་ནི་རབ་བྱུང་བ་ཞིག་རེད། འཁོར་བའི་སྡུག་བསྔལ་ལས་ཡིད་འབྱུང་སྐྱེས་ཤིང་ཐར་བའི་ལམ་སྣེ་ལ་གོམ་བགྲོད་བྱེད་ཀྱིན་པའི་ན་གཞོན་དགེ་འདུན་པ་ཞིག་རེད་ལ། དེ་དང་དུས་མཚུངས་སུ་བོད་པའི་སྤྱི་ཚོགས་ཀྱི་མེ་མུར་ནང་དུ་ལྷུང་ཞིང་ཡབ་མེས་རིག་གནས་ཀྱི་སྲོག་རྩར་ཤི་སྤར་འཐམས་པའི་ན་གཞོན་ལ་རྒྱ་ཅན་ཞིག་ཀྱང་རེད། སྣང་ཚུལ་དང་དམིགས་ཡུལ་གཉིས་ནི་ནམ་ཡང་ཁ་གཏད་དུ་ཆགས་པའི་སྒེར་ཕུང་གསར་བ་ཞིག་རེད་པས། དུངས་ཚོར་ཤུགས་ཀྱིས་རྒྱུ་བའི་ཞེན་པ་དང་སྨྲ་བསམ་བརྗོད་ལས་འདས་པའི་ཚོར་བ། དངོས་སྣང་འཇིག་རྟེན་གྱི་རོ་ཉམས་ཁྱད་པར་བ་དག་གིས་རིགས་ཀྱི་རྗེས་ཆགས་དང་རང་བཞིན་གཉིས་རང་ཤུགས་ཀྱིས་ཕན་ཚུན་བསྟུན་པར་བྱས་སོང་ན། སེམས་ཀྱི་དགའ་སྡུག་གི་ཚོར་རྟོག་གླུ་རུ་ལེན་པའི་སྙོམས་འཇུག་གི་ལས་ལ་བརྩོན་པར་ཐོ་ཅོ་སུ་ཡིས་རྩོམ།

ཆར་བ་དེ་མེ་ཏོག་གི་སྙིང་ལ་ཟགས་འོང་དུས
རི་བོ་ཞིག་གི་རྩེ་མོ་བཀུག་ཅིང་རལ་འོང་བས
ང་ཡི་འཕགས་མི རི་བོ་ཞིག་གི་རྩེ་མོ་ལས་བབ་འོང
དུས་ཚོད་སྐར་མ་འགའ་ཤས་ནི་གྲོག་མ་ལྟར་ནུར་གྱིན་པའི་སྐབས་སུ
གང་དུ་འགྱུ་བ་མེད་ཅིང གང་དུ་གྲོལ་བ་མེད་པར
ལུས་ཀྱི་འོད་ཟེར་དེ་ལུས་ཀྱི་སྟེང་དུ་ཟུག་འོང་སྐབས
ཚོར་བ་སིབ་ཅིག་ནི་རྒྱ་མཚོའི་དབུ་བ་ལྟར་སྙིང་ལ་སིམ་ཏེ
ཤེལ་བུམ་ཞིག་གི་ཁ་ནས་འཕྱུར་དུས
ཡང་བསྐྱར་མཐོང་བྱུང ང་ཡི་འཕགས་མི་དེ
མཛུབ་མོའི་རྩེ་ན་འཕྲེད་དུ་ཉལ་བའི་གླིང་བུ་ཞིག་རེད་འདུག   
ཚེ་ཚེ་རབས་རབས་ལ་འགྲོགས་འོང་བའི་འོད་ཟེར་སྔོན་པོ་དེ་དང་འདྲ་བོ་འདུག  
      _____ལྷམ་ཀོག་གི་སྙན་ངག་ང་ཡི་འཕགས་མ་ཞེས་པ་ལས་དྲངས།
 
     སྤྱིར་བཏང་གི་སྙན་ངག་པ་ཞིག་ལ་མཚོན་ན་རང་ཕན་གཉེར་བ་ནི་གཤིས་ཀྱི་རྨང་ན་གནས་པའི་རྐང་ཚུགས་པའི་ལྟ་སྟངས་ཤིག་རེད་མོད། ཕུང་བོ་བྱེ་བྲག་པའི་དོན་སྒོ་གཉེར་བའི་དམིགས་ཡུལ་དེ་ནི་ཤེས་རབ་ཀྱིས་བསླངས་པའི་
སྟོང་བསམ་ཤིག་གཏན་མ་ཡིན་པར་འདོད་བློ་ཁོ་ནས་བསྐྱེད་པའི་སྟོབས་ཤུགས་ཤིག་རེད། དེ་ནི་བསླུ་བྲིད་ཅིག་སྟེ། ཕུང་བོ་བྱེ་བྲག་པའི་ཚོར་བ་དེ་ནི་སྲོག་ཆགས་གང་ལའང་ཡོད་པའི་ལྷན་སྐྱེས་ཀྱི་ནུས་པ་ཞིག་ཡིན་ནའང་། སྐྱེས་ཐོབ་ཀྱི་ཤེས་རབ་མ་ཡིན་ཏེ། ནུས་པ་དེས་མིག་མདུན་གྱི་འཇིག་རྟེན་འདི་གཏིང་མི་དཔོག་ལ། དེའི་ཕར་ངོགས་ཀྱི་འོད་ཟེར་དེ་ཡང་མཐོང་མི་ནུས་པ་བཞིན་ནོ།
 
                              མགོ་བོ་གཟན་གྱིས་བཏུམས་ཏེ
མིག་གི་ཡུལ་ལ་མཛེས་པའི་གཟུགས་དང
རྣ་བའི་ཡུལ་དུ་སྙན་པའི་སྒྲ
ལུས་ཀྱི་ཡུལ་དུ་འཇམ་པའི་རེག་བྱ
ལྕེ་ཡུལ་དུ་ཞིམ་པའི་རོ
སྣ་ཡི་ཡུལ་དུ་ངད་པའི་དྲི་ཡི་སྐྱེ་མཆེད་དག་ལ
ཡིག་ནོར་དང་སྒྲ་ལོག་མ་ཡིན་པའི་དེབ་གཟུགས་རེ་བརྩམས་ཏེ
སྨུག་པ་བན་བུན་ཁྲོད་ཀྱི་རྫི་བོ་ལྟར་གླུ་སྐད་ཅིག་ལ་འཇུས་འདུག
གླུ་སྐད་དེ གྲིབ་བརྙན་མེད་པའི་ལྷ་སྐུ་ཞིག་གི་ཕག་ནས་འཕྱོ་ཞིང
དམིགས་པ་མེད་པའི་མཁར་རྫོང་ཞིག་གི་མཐིལ་ནས་གྱེར་འོང      
 
       _____ལྷམ་ཀོག་གི་སྙན་ངག་རིང་མོ་རྨི་ལམ་རིང་བའི་གྲྭ་བ་ཞེས་པ་ལས་དྲངས།
 
    འདི་ན་ཤེས་རབ་དང་འགྲོགས་པའི་སྙན་ངག་གི་ཚོར་རྟོག་ཅིག་སྟེ། དེ་ནི་གསལ་ཞིང་མ་འདྲེས་པ་ཞིག་དང་མ་བསླད་པ་ཞིག་ཡིན་ཏེ། དེ་ནི་དངོས་སྣང་གི་འཇིག་རྟེན་མཐོང་བྱེད་ཀྱི་མིག་གསུམ་པ་ཞིག་དང་། སེམས་ཡུལ་གྱི་གནས་ལུགས་རྟོགས་བྱེད་ཀྱི་འདུ་ཤེས་གསུམ་པ་ཞིག་དང་ཡང་ཤིན་ཏུ་མཚུངས་ཡོད། ལྷམ་ཀོག་གི་སྙན་ངག་དག་ལ་གནས་ལུགས་ཀྱིས་བརྒྱུས་པའི་ཤེས་རབ་ཀྱི་ཆ་ཞིག་མངོན་པར་སྣང་ཡོད་ལ། རང་སྣང་གི་ཤེད་ཆེ་བའི་ཚོར་བའི་ཆ་ཞིག་ཀྱང་རྒྱུན་པར་མངོན་གྱི་འདུག་སྙམ། རང་སྣང་གི་ཤེད་ཆེ་བ་ཟེར་དོན་ནི་ཐད་ཀའི་ཚོར་བ་དག་ལ་བཤད་པ་སྟེ། དེ་ནི་ཚོར་རྟོག་གི་ཁམས་ལས་རིམ་པ་ཅུང་དམའ་བའི་བསམ་བློ་ཞིག་ལ་གོ་དགོས་མོད། ཐད་ཀའི་ཚོར་བ་མ་ལུས་པའང་ཤེས་རབ་ཀྱི་ཆ་ལས་བརྒལ་བ་ཞིག་མ་ཡིན་ནོ།།
    
དཔེར་ན་ལྷམ་ཀོག་གི་སྙན་ངག་རྨི་ལམ་རིང་བའི་གྲྭ་བ་ཞེས་པ་ནི་ཐད་ཀའི་ཚོར་རྟོག་ལས་བརྒལ་བའི་ཤེས་རབ་ཀྱི་མངོན་རྟགས་ཤིག་ཏུ་མཐོང་སྟེ། ཕྱོགས་ངོས་ཤིག་ནས་ང་ཚོས་ཡིད་འགྱུར་སྙན་ངག་ཅིག་དང་ཡིད་འབྱུང་གི་སྐྱོ་གླུ་ཞིག་
བཀླགས་པ་དང་ཆ་མཚུངས་ལ། ཕྱོགས་ངོས་གཞན་ཞིག་ནས་ལས་དབང་ཞིག་གི་གཏམ་གླེང་ཅུང་ཟབ་མོས་ཀློག་ཀྱིན་པ་དང་འདྲ། དེ་གཉིས་ཀྱི་གཞི་རྩའི་འདུས་མདོ་ནི་སྙན་ངག་གི་དཔེ་མཚོན་དང་གབ་སྦས་རྐྱང་བ་མ་ཡིན་པར་དུས་རབས་ཀྱི་འདུ་ཟིང་ལས་བྱུང་བའི་གནས་བབས་ཤིག་གི་གཏམ་རྒྱུད་ལྟ་བུར་མངོན་ཡོད།
   
ཡང་ན་བསམ་བློ་དེས་སེམས་ཀྱི་གོ་དོན་དང་དྲན་པ་ཡོད་ཚད་སྤྱི་མཚན་ཞིག་ལས་མི་འཛིན་པས་ན་འདི་ནི་ཐད་ཀའི་ཚོར་བ་ལས་བྱུང་བའི་ཕྱི་ཚུལ་འབའ་ཞིག་ཡིན་ལ། སྙན་ངག་བྱ་བ་ཚོར་རྟོག་གི་ཁྱབ་ཁོངས་སུ་འཛིན་པའི་སྒྱུ་རྩལ་གྱི་མཛེས་དཔྱོད་མྱོང་སྟངས་ནོར་འཁྲུལ་ཅན་ཞིག་ཀྱང་ཡིན་ཏེ། སྐབས་རེར་ནང་སེམས་སུ་གནས་པའི་འཆར་སྣང་གི་འཇིག་རྟེན་དེ་དྲི་མ་དང་བྲལ་བ་ཞིག་ཡིན་པས། རང་གི་འདོད་བློའི་འཇིག་རྟེན་དང་ཁ་གྱེས་འགྲོ་བའི་སྟོང་བསམ་ཞིག་ཀྱང་ངང་གིས་
འཁྱིལ་འགྲོ། དེའི་ཕྱིར་ན་ནམ་ཡང་རང་གི་ཤེས་རབ་དང་འདྲེས་པའི་ཚོར་བ་དེ་དག་འཚོ་ཚིས་མིང་གྲགས་ཀྱི་འདོད་བློའི་སྒྲོག་ལས་ཐར་ཏེ་རང་དབང་ངང་འཕྲོ་བར་བྱས་ན་ད་གཟོད་སྙན་ངག་གི་ཞིང་ཁམས་ཁྲོད་ཀྱི་འོད་ཟེར་འཇའ་རིས་ཅན་དེའང་མཐོང་བར་འགྱུར་རམ་སྙམ་ཀྱི་ཡོད།
 
       ཞེས་པ་སྤྱི་ལོ་༢༠༡༠ལོའི་ཟླ༩པར་གཅན་མེ་སྟག་ཏུ་འབོད་པས་གྲོགས་ལྷམ་ཀོག་གི་སྙན་དེབ་དཔར་སྐྲུན་བྱས་པར་རྟེན་འབྲེལ་དང་བསམ་འཆར་ཙམ་དུ་བྲིས་པར་ནོར་འཁྲུལ་གང་ཡོད་གྲོགས་པོས་དགོངས་གཞིགས་ཀྱིས་གཤེགས་པར་གསོལ།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྷམ་ཀོག་གི་སྙན་ངག་དེབ《ཕྲེང་བ་ནག་པོ》པར་སྐྲུན་དང་དེ་འབྲེལ་གྱི་དཔྱད་བརྗོད།

2011-01-05 གཅན་མེ་སྟག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།