ནུབ་བྱང་ཚང་གིས༠༧ལོའི་དངོས་གཞི་སློབ་མའི་དཔྱད་རྩོམ་ཁ་བྱང་གི་བགྲོ་གླེང་ཚོགས་འདུ་བསྡུས་པ།

སློབ་རའི་འཕྲིན་གཏོང་བ་སྐར་མ་འཚ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-12-15

    ༢༠༡༠ལོའི་ཟླ༡༢པའི་ཚེས་༡༥ཉིན་སློབ་གྲྭ་དེ་གའི་རིག་གནས་ཐོག་ཁང་དུ་༢༠༡༡ལོའི་མཐར་ཕྱིན་སློབ་མའི་དཔྱད་རྩོམ་མགོ་རྩོམ་པའི་སྙན་ཞུ་ཚོགས་འདུ་བསྡུ་འགོ་བརྩམས་པ་རེད།


འདྲ་པར(༡)


འདྲ་པར(༢)

    ཐེངས་འདིའི་བགྲོ་གླེང་ཚོགས་འདུ་དེ་ནི་དཔྱད་རྩོམ་གྱི་ཁ་བྱང་གཞིར་བཟུང་ནས་རྩོམ་རིག་དང་། སྐད་ཡིག ཡིག་བསྒྱུར། བརྡ་རྙིང་བཅས་ལ་དཔྱད་པའི་ཚོ་ཆུང་བཞིར་དགར་ནས་ཚོགས་པ་རེད། ཁ་བྱང་ནི་རྩོམ་ཡིག་གི་མིག་ལྟ་བུ་ཡིན་ཟེར་བ་བཞིན་དུ་ཁ་བྱང་ལེགས་པོ་ཞིག་འདེམས་རྒྱུ་ནི་དཔྱད་རྩོམ་ལེགས་པོ་ཞིག་ཡོང་བའི་རྨང་གཞི་ཡིན་པས། མཐར་ཕྱིན་སློབ་མ་རྣམས་ལ་མཚོན་ན་ཐེངས་འདིར་སྙན་ཞུ་གནང་བའི་ཁ་བྱང་ནི་རང་ཉིད་ཀྱི་རིག་རྩལ་ངོམ་བྱེད་ཀྱི་གཞི་མ་ཞིག་དང་། ལོ་བཞིའི་སློབ་ཚད་འཇལ་བྱེད་ཀྱི་གོ་སྐབས་གལ་ཆེན་ཞིག་ཡིན་ཕྱིན། གཏམ་བརྗོད་ཀྱི་གོ་རིམ་ཁྲོད་རིག་པ་ཡངས་པའི་སྒོ་ནས་རང་ཉིད་ཀྱི་བསམ་གཞི་གཙོ་བོ་དེ་ཁ་གསལ་ཞིང་གོ་རིམ་ཡོད་པའི་སྒོ་ནས་དགེ་རྒན་རྣམས་ལ་མཚམས་སྦྱར་ཞིང་། དགེ་རྒན་རྣམས་ཀྱིས་ཀྱང་ནན་ཏན་གྱིས་སློབ་མ་རྣམས་ལ་སྤང་བླངས་ཀྱི་ཆ་གསལ་བོར་བཀོད་ཏེ། དགེ་སློབ་ཀུན་གྱིས་མཐར་ཕྱིན་དཔྱད་རྩོམ་ལེགས་པོ་ཞིག་ཡོང་བར་འབད་བརྩོན་ལྷོད་མེད་བྱེད་བཞིན་ཡོད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ནུབ་བྱང་ཚང་གིས༠༧ལོའི་དངོས་གཞི་སློབ་མའི་དཔྱད་རྩོམ་ཁ་བྱང་གི་བགྲོ་གླེང་ཚོགས་འདུ་བསྡུས་པ།

2010-12-15 སློབ་རའི་འཕྲིན་གཏོང་བ་སྐར་མ་འཚ ཀློག་གྲངས། མཆན ཡོད།

    ༢༠༡༠ལོའི་ཟླ༡༢པའི་ཚེས་༡༥ཉིན་སློབ་གྲྭ་དེ་གའི་རིག་གནས་ཐོག་ཁང་དུ་༢༠༡༡ལོའི་མཐར་ཕྱིན་སློབ་མའི་དཔྱད་རྩོམ་མགོ་རྩོམ་པའི་སྙན་ཞུ་ཚོགས་འདུ་བསྡུ་འགོ་བརྩམས་པ་རེད།


འདྲ་པར(༡)


འདྲ་པར(༢)

    ཐེངས་འདིའི་བགྲོ་གླེང་ཚོགས་འདུ་དེ་ནི་དཔྱད་རྩོམ་གྱི་ཁ་བྱང་གཞིར་བཟུང་ནས་རྩོམ་རིག་དང་། སྐད་ཡིག ཡིག་བསྒྱུར། བརྡ་རྙིང་བཅས་ལ་དཔྱད་པའི་ཚོ་ཆུང་བཞིར་དགར་ནས་ཚོགས་པ་རེད། ཁ་བྱང་ནི་རྩོམ་ཡིག་གི་མིག་ལྟ་བུ་ཡིན་ཟེར་བ་བཞིན་དུ་ཁ་བྱང་ལེགས་པོ་ཞིག་འདེམས་རྒྱུ་ནི་དཔྱད་རྩོམ་ལེགས་པོ་ཞིག་ཡོང་བའི་རྨང་གཞི་ཡིན་པས། མཐར་ཕྱིན་སློབ་མ་རྣམས་ལ་མཚོན་ན་ཐེངས་འདིར་སྙན་ཞུ་གནང་བའི་ཁ་བྱང་ནི་རང་ཉིད་ཀྱི་རིག་རྩལ་ངོམ་བྱེད་ཀྱི་གཞི་མ་ཞིག་དང་། ལོ་བཞིའི་སློབ་ཚད་འཇལ་བྱེད་ཀྱི་གོ་སྐབས་གལ་ཆེན་ཞིག་ཡིན་ཕྱིན། གཏམ་བརྗོད་ཀྱི་གོ་རིམ་ཁྲོད་རིག་པ་ཡངས་པའི་སྒོ་ནས་རང་ཉིད་ཀྱི་བསམ་གཞི་གཙོ་བོ་དེ་ཁ་གསལ་ཞིང་གོ་རིམ་ཡོད་པའི་སྒོ་ནས་དགེ་རྒན་རྣམས་ལ་མཚམས་སྦྱར་ཞིང་། དགེ་རྒན་རྣམས་ཀྱིས་ཀྱང་ནན་ཏན་གྱིས་སློབ་མ་རྣམས་ལ་སྤང་བླངས་ཀྱི་ཆ་གསལ་བོར་བཀོད་ཏེ། དགེ་སློབ་ཀུན་གྱིས་མཐར་ཕྱིན་དཔྱད་རྩོམ་ལེགས་པོ་ཞིག་ཡོང་བར་འབད་བརྩོན་ལྷོད་མེད་བྱེད་བཞིན་ཡོད།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།