ནུབ་བྱང་མི་རིགས་སློབ་ཆེན་ནས་བོད་ཀྱི་སྤྱི་སྐད་མཐུན་ཚོགས་དབུ་བརྙེས་པ།

གསར་འགོད་པ། ཚེ་རིང་རྡོ་རྗེ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-12-09

        བོད་ཀྱི་སྤྱི་སྐད་མཐུན་ཚོགས་ཞེས་པའི་སྐད་རིགས་གཅིག་གྱུར་ཐད་ཀྱི་མཐུན་ཚོགས་༢༠༡༠ལོའི་ཟླ༡༢པའི་ཚེས༩ཉིན་ནུབ་བྱང་མི་རིགས་སློབ་ཆེན་བོད་སྐད་ཡིག་རིག་གནས་སློབ་གླིང་དུ་ཐོག་མར་དབུ་ཚུགས།

        སྤྱི་སྐད་མཐུན་ཚོགས་ཀྱི་ཞུ་ཡིག་ཆོག་མཆན་འགོད་ནས་དེ་རིང་དངོས་སུ་ཚོགས་མི་བསྡུ་བའི་མགོ་བརྩམས། རྒྱུས་ལོན་ལྟར་ན། དེ་གའི་བོད་སྐད་ཡིག་རིག་གནས་སློབ་གླིང་གི་སློབ་གྲོགས་འགས་ད་ལྟའི་བོད་ཆོལ་ཁ་གསུམ་གྱི་སྐད་རིག་གཅིག་གྱུར་མིན་པའི་གནས་བབས་ལ་བསམ་ནས། བོད་ཀྱི་སྤྱི་སྐད་མཐུན་ཚོགས་ཞེས་པའི་མཐུན་ཚོགས་གསར་བ་ཞིག་བཙུགས་ལ་གསར་བཙུགས་ཀྱི་མཐུན་ཚོགས་དེར་དགེ་སློབ་དག་གིས་ཐུགས་ཁུར་དང་རྒྱབ་སྐྱོར་ཆེན་པོ་ཐོབ། མཐུན་ཚོགས་དེ་དང་འབྲེལ་ཆོལ་ཁ་གསུམ་ནས་འོངས་བའི་སློབ་གྲོགས་བར་ལ་རང་གི་ཕ་སྐད་ཀྱི་ལམ་ནས་འབྲེལ་འདྲིས་བྱེད་པར་ཤུགས་ཆེན་པོ་བཏོན་པ་དང་། མཐུན་ཚོགས་དེ་ལ་བརྟེན་ཏེ་བོད་ཀྱི་སྐད་རིག་གཅིག་གྱུར་ཞིག་ཆགས་པར་སྟ་གོན་གྱི་གླེང་བསླངས་སོ།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ནུབ་བྱང་མི་རིགས་སློབ་ཆེན་ནས་བོད་ཀྱི་སྤྱི་སྐད་མཐུན་ཚོགས་དབུ་བརྙེས་པ།

2010-12-09 གསར་འགོད་པ། ཚེ་རིང་རྡོ་རྗེ། ཀློག་གྲངས། མཆན ཡོད།

        བོད་ཀྱི་སྤྱི་སྐད་མཐུན་ཚོགས་ཞེས་པའི་སྐད་རིགས་གཅིག་གྱུར་ཐད་ཀྱི་མཐུན་ཚོགས་༢༠༡༠ལོའི་ཟླ༡༢པའི་ཚེས༩ཉིན་ནུབ་བྱང་མི་རིགས་སློབ་ཆེན་བོད་སྐད་ཡིག་རིག་གནས་སློབ་གླིང་དུ་ཐོག་མར་དབུ་ཚུགས།

        སྤྱི་སྐད་མཐུན་ཚོགས་ཀྱི་ཞུ་ཡིག་ཆོག་མཆན་འགོད་ནས་དེ་རིང་དངོས་སུ་ཚོགས་མི་བསྡུ་བའི་མགོ་བརྩམས། རྒྱུས་ལོན་ལྟར་ན། དེ་གའི་བོད་སྐད་ཡིག་རིག་གནས་སློབ་གླིང་གི་སློབ་གྲོགས་འགས་ད་ལྟའི་བོད་ཆོལ་ཁ་གསུམ་གྱི་སྐད་རིག་གཅིག་གྱུར་མིན་པའི་གནས་བབས་ལ་བསམ་ནས། བོད་ཀྱི་སྤྱི་སྐད་མཐུན་ཚོགས་ཞེས་པའི་མཐུན་ཚོགས་གསར་བ་ཞིག་བཙུགས་ལ་གསར་བཙུགས་ཀྱི་མཐུན་ཚོགས་དེར་དགེ་སློབ་དག་གིས་ཐུགས་ཁུར་དང་རྒྱབ་སྐྱོར་ཆེན་པོ་ཐོབ། མཐུན་ཚོགས་དེ་དང་འབྲེལ་ཆོལ་ཁ་གསུམ་ནས་འོངས་བའི་སློབ་གྲོགས་བར་ལ་རང་གི་ཕ་སྐད་ཀྱི་ལམ་ནས་འབྲེལ་འདྲིས་བྱེད་པར་ཤུགས་ཆེན་པོ་བཏོན་པ་དང་། མཐུན་ཚོགས་དེ་ལ་བརྟེན་ཏེ་བོད་ཀྱི་སྐད་རིག་གཅིག་གྱུར་ཞིག་ཆགས་པར་སྟ་གོན་གྱི་གླེང་བསླངས་སོ།།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།