བདུད་ལྷ་རྒྱལ་ལགས་གྱིས་ལོ་རྒྱུས་ཀྱི་མིག་དབང་གསར་བ་ཞེས་པའི་འཆད་ཁྲིད་གནང་བ།

2010ལོའི་ཟླ12པའི་ཚེས8ཉིན་ནུབ་བྱང་མི་རིགས་སློབ་ཆེན་གྱི་སྣ་འཛོམས་ཐོག་ཁང་གི་རིག་གཞུང་སྙན་ཞུ་ཁང་དུ་དགེ་རྒན་ཆེན་མོ་བདུད་ལྷ་རྒྱལ་ལགས་གྱིས་ལོ་རྒྱུས་ཀྱི་མིག་དབང་གསར་བ་ཞེས་པའི་འཆད་ཁྲིད་གནང་བ་རེད།

ཐེངས་འདིའི་འཆད་ཁྲིད་སྟེང་ཁོང་གིས་"གསར་བ"གཙོར་བཟུང་ནས་དུས་རབས་ཉི་ཤུ་བའི་མཇུག་གི་སྙན་ངག་ལ་ཕྱོགས་ཡོངས་ནས་དབྱེ་ཞིབ་བྱས་པ་སྟེ། གདོད་མའི་དུས་སྐབས་ཀྱི་སྙན་ངག་དང་དེའི་འཕེལ་རྒྱས། བདག་ཞེས་པ་དེའི་རྟོགས་སད་དང་ལོ་རྒྱུས་ཀྱི་ཕྱིར་རྟོག སྙན་ངག་གསར་བ་དང་དེའི་འཕེལ་རྒྱས མཐར་རིག་གནས་ལ་བསམ་གཞིགས་བྱེད་སྟངས་བཅས་བརྗོད་ནས། སློབ་མ་ཡོངས་ལ་ལོ་རྒྱུས་ཀྱི་གོམས་འགྲོས་དང་མཐུན་པའི་སྙན་ངག་གསར་བ་དེ་བཤད་པ་དང་། དུས་རབས་ཀྱི་འཕེལ་རྒྱས་ལས་བྱུང་བའི་སྙན་ངག་གསར་བ་དེ་ལོ་རྒྱུས་ལ་ཕྱིར་རྟོག་བྱེད་ཐུབ་པའི་མིག་དབང་གསར་བ་ཡིན་པ་ལུང་དང་རིག་པས་བསྒྲུབས།

རིན་ཐང་ལྟ་ཚུལ་གང་ཞིག་ཡིན་རུང་སྤྱི་ཚོགས་ཞིག་གི་ཐོན་དངོས་ཡིན་པ་དང་། སྙན་ངག་གསར་བ་ཡང་ཇི་བཞིན་ནོ། མི་མང་བོ་ཞིག་གིས་སྙན་ངག་གསར་བ་ནི་ཚིག་རྐྱང་བའི་སྒོ་ནས་གོ་བ་ལེན་ཡང་། དགེ་རྒན་ཆེན་མོ་ཁོ་ཡིས་"གསར་བ་"དེ་གསར་རྩོམ་བྱེད་སྟངས་སྟེ། སྙན་ངག་གི་གསར་བའི་བརྗོད་བྱ་དང་ཚིག་གི་མཚོན་སྟངས་གཉིས་ལ་གོ་བ་རེད། དེ་ཡང་རང་གྲོལ་གྱི་ལང་ཚོའི་རྦབ་ཆུ་དང་ལྗང་བུའི་གངས་དཀར་ལྷ་མོའི་བསླུ་བྲིད་ཀྱི་དབང་གིསཞེས་པའི་རང་མོས་སྙན་ངག་སོགས་དྲངས་ནས་དུས་རབས་ཀྱི་འགན་འཁྲི་འཁུར་དུ་འཁྱེར་བའི་སྙན་ངག་གསར་བའི་དགེ་མཚན་ཡང་སློབ་མ་རྣམས་ལ་ངང་གིས་བཤད། མི་ཚང་མ་སྤྱི་ཚོགས་ཀྱི་གྲུབ་བྱེད་ཡིན་ལ་ལོ་རྒྱུས་ཀྱི་འཕེལ་རྒྱས་ཀྱི་ཐོན་དངོས་ཀྱང་ཡིན་པ་རེད། དེར་དཀའ་གནད་ཞིག་ཡོད་པ་ནི་འཕེལ་རྒྱས་དེའི་ཁྲོད་ཀྱི་སྣེ་གང་རུང་ཞིག་གི་རིན་ཐང་འཚོལ་ཐུབ་པ་དེ་ཡིན་མོད། འོན་ཀྱང་དགེ་རྒན་ཆེན་མོ་ལགས་ཀྱིས་གཞན་དང་མི་མཚུངས་པའི་ལྟ་བ་གསར་དང་སྙིང་སྟོབས་གསར་བ་ཞིག་རིག་གཞུང་ཞིབ་འཇུག་གི་ཁྲོད་ནས་ཤེས་རྟོགས་བྱུང་ཡོད་པ་སྟེ། ལོ་རྒྱུས་ནི་ཀུན་བཤད་ཀྱི་ལོ་ཚིགས་ཁོ་ན་ཉིད་མ་ཡིན་པར་སྤྱི་ཚོགས་ཀྱི་འགྱུར་ལྡོག་དང་འཕེལ་རྒུད་ཀྱི་ཆོས་ཉིད་ཡིན་པ་དང་། ལོ་རྒྱུས་ཀྱི་འཕེལ་རྒྱས་མཚོན་ཐུབ་པ་ནི་འབོལ་རྩོམ་དང་མཁས་པའི་ལྗགས་རྩོམ་ལྟ་བུ་མ་ཡིན་པརསྙན་ངག་གི་འཕེལ་རྒྱས་ཡིན་པ་བརྗོད་ནས། དུས་རབས་ཉི་ཤུ་བའི་མཇུག་གི་སྙན་ངག་ནི་ལོ་རྒྱུས་ཀྱི་མིག་དབང་གསར་བ་ཡིན་པ་དོན་དང་མཐུན་པའི་སྒོ་ནས་བསྒྲུབས་ཏེ། ལས་ཀྱི་སྐལ་ལྡན་རྣམས་ལ་ཡར་སྔོན་ཤེས་རྟོགས་བྱུང་མེད་པའི་བསམ་གཞི་མང་པོ་མང་པོ་ཞིག་བསྩལ་བའོ།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བདུད་ལྷ་རྒྱལ་ལགས་གྱིས་ལོ་རྒྱུས་ཀྱི་མིག་དབང་གསར་བ་ཞེས་པའི་འཆད་ཁྲིད་གནང་བ།

2010-12-09 ཀླུ་མོ་ཡག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།