བོད་མི་རིགས་ཀྱི་ཁྱད་ཆོས་ལྡན་ཞིང་དེང་རབས་ཀྱི་གསར་ཆ་འཛོམས་པའི་རིག་རྩལ་སྤྲོ་ཚོགས་ཐེངས་ཤིག

ཉེ་ཆར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་སྐད་ཡིག་རིག་གནས་སློབ་གླིང་གིས2010ལོའི་སློབ་མ་གསར་བ་བསུ་བའམ་སྐབས་བདུན་པའི་གངས་ཀྱི་གཟི་མདངས་ཞེས་པའི་རིགས་རྩལ་སྤྲོ་ཚོགས་བསྡུས།


འཁྲབ་སྟོན་པ་དང་མཛུབ་སྟོན་པའི་མཉམ་པར།

    ཐེངས་འདིའི་རིག་རྩལ་སྤྲོ་ཚོགས་ཀྱིས་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་སྣ་ཚོགས་འཁྲབ་སྟོན་བྱས་པ་མ་ཟད། དེང་རབས་ཀྱི་ཁྱད་ཆོས་ལྡན་པའི་ཞབས་བྲོ་དང་གླུ་དབྱངས་སོགས་སྣ་ཁ་མང་པོའི་སྒྱུ་རྩལ་གྱི་དོ་ར་ཞིག་རྒྱ་ཆེའི་སྐུ་མགྲོན་རྣམ་པའི་སྤྱན་ལམ་དུ་བཤམས་པ་རེད། ལྷག་པར་དུ་དེང་སྐབས་ཅུང་ཉམས་རྒུད་དུ་འགྲོ་བཞིན་པའི་བོད་ཀྱི་དམངས་གླུ་དང་བརྡུང་ལེན་སོགས་ཀྱི་རྩེད་རིགས་སྣ་ཚོགས་པ་ཞིག་སློབ་མ་ཚོས་རང་ནུས་ཀྱི་སྒྱུ་རྩལ་ལས་བརྩམས་ཏེ། རང་རིགས་ཀྱི་སྤུན་ཟླ་ཡོངས་ལ་སླད་མེད་དྭངས་གཙང་གི་ལེགས་སྐྱེས་ཤིག་དང་། 2010ལོའི་སློབ་མ་གསར་བ་རྣམས་ནུབ་བྱང་མི་རིགས་སློབ་ཆེན་དུ་ཡོང་བར་སེམས་གཏིང་ནས་དགའ་བསུ་ཞུས། སྤྱིར་ནུབ་བྱང་མི་རིགས་སློབ་ཆེན་ནི་མི་རིགས་མང་པོ་འདུས་པའི་སློབ་ཆེན་ཞིག་ཡིན་པས། མི་རིགས་ཕན་ཚུན་དབར་གྱི་མཐུན་སྒྲིལ་ནི་ཧ་ཅང་གལ་ཆེ་བའི་གནད་ཅིག་ཡིན་ལ། ཐེངས་འདིའི་རིགས་རྩལ་སྤྲོ་ཚོགས་ཀྱིས་གོང་གི་གནད་འདི་གཞིར་བཟུང་ནས་མི་རིགས་མང་པོ་ཞིག་གི་རྩེད་རིགས་སྣ་ཚོགས་འཁྲབ་སྟོན་བྱས་པ་མ་ཟད། སློབ་གླིང་གཞན་པའི་འཁྲབ་ཚན་འགའ་ཡང་གདན་འདྲེན་ཞུས་ཡོད།


སོག་རིགས་ཀྱི་ཞབས་བྲོ།

    རང་མི་རིགས་ཀྱི་གོམས་སྲོལ་བཟང་པོའི་རྒྱུན་སྐྱོང་བ་དང་མི་རིགས་གཞན་པའི་སྔོན་ཐོན་གྱི་ཆ་ནང་འདྲེན་བྱེད་པ་ནི་སློབ་ཆེན་སློབ་མ་ཞིག་གི་འོས་འགན་ཡིན་ལ། ལྷག་པར་དུ་འདི་ལྟ་བུའི་རིག་རྩལ་གྱི་སྤྲོ་ཚོགས་ཤིག་ཡིན་རུང་སྣང་མེད་དུ་མི་འཇོག་པར་བཀོད་སྒྲིག་དང་འཁྲབ་ཚན་སོ་སོའི་ཁྱད་ཆོས་ལ་ཞིབ་དཏུ་བསམས་ནས་མི་མང་པོ་ཞིག་གི་སྤྱན་ལམ་དུ་འགོད་རྒྱུ་གལ་ཆེའོ།  །


མི་རིགས་ཀྱི་ཁྱད་ཆོས་མ་ཉམས་པའི་བདུང་ལེན་སྒྱུ་རྩལ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བོད་མི་རིགས་ཀྱི་ཁྱད་ཆོས་ལྡན་ཞིང་དེང་རབས་ཀྱི་གསར་ཆ་འཛོམས་པའི་རིག་རྩལ་སྤྲོ་ཚོགས་ཐེངས་ཤིག

2010-12-09 དཀའ་ཐུབ་ཐར། ཀློག་གྲངས། མཆན ཡོད།

ཉེ་ཆར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་སྐད་ཡིག་རིག་གནས་སློབ་གླིང་གིས2010ལོའི་སློབ་མ་གསར་བ་བསུ་བའམ་སྐབས་བདུན་པའི་གངས་ཀྱི་གཟི་མདངས་ཞེས་པའི་རིགས་རྩལ་སྤྲོ་ཚོགས་བསྡུས།


འཁྲབ་སྟོན་པ་དང་མཛུབ་སྟོན་པའི་མཉམ་པར།

    ཐེངས་འདིའི་རིག་རྩལ་སྤྲོ་ཚོགས་ཀྱིས་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་སྣ་ཚོགས་འཁྲབ་སྟོན་བྱས་པ་མ་ཟད། དེང་རབས་ཀྱི་ཁྱད་ཆོས་ལྡན་པའི་ཞབས་བྲོ་དང་གླུ་དབྱངས་སོགས་སྣ་ཁ་མང་པོའི་སྒྱུ་རྩལ་གྱི་དོ་ར་ཞིག་རྒྱ་ཆེའི་སྐུ་མགྲོན་རྣམ་པའི་སྤྱན་ལམ་དུ་བཤམས་པ་རེད། ལྷག་པར་དུ་དེང་སྐབས་ཅུང་ཉམས་རྒུད་དུ་འགྲོ་བཞིན་པའི་བོད་ཀྱི་དམངས་གླུ་དང་བརྡུང་ལེན་སོགས་ཀྱི་རྩེད་རིགས་སྣ་ཚོགས་པ་ཞིག་སློབ་མ་ཚོས་རང་ནུས་ཀྱི་སྒྱུ་རྩལ་ལས་བརྩམས་ཏེ། རང་རིགས་ཀྱི་སྤུན་ཟླ་ཡོངས་ལ་སླད་མེད་དྭངས་གཙང་གི་ལེགས་སྐྱེས་ཤིག་དང་། 2010ལོའི་སློབ་མ་གསར་བ་རྣམས་ནུབ་བྱང་མི་རིགས་སློབ་ཆེན་དུ་ཡོང་བར་སེམས་གཏིང་ནས་དགའ་བསུ་ཞུས། སྤྱིར་ནུབ་བྱང་མི་རིགས་སློབ་ཆེན་ནི་མི་རིགས་མང་པོ་འདུས་པའི་སློབ་ཆེན་ཞིག་ཡིན་པས། མི་རིགས་ཕན་ཚུན་དབར་གྱི་མཐུན་སྒྲིལ་ནི་ཧ་ཅང་གལ་ཆེ་བའི་གནད་ཅིག་ཡིན་ལ། ཐེངས་འདིའི་རིགས་རྩལ་སྤྲོ་ཚོགས་ཀྱིས་གོང་གི་གནད་འདི་གཞིར་བཟུང་ནས་མི་རིགས་མང་པོ་ཞིག་གི་རྩེད་རིགས་སྣ་ཚོགས་འཁྲབ་སྟོན་བྱས་པ་མ་ཟད། སློབ་གླིང་གཞན་པའི་འཁྲབ་ཚན་འགའ་ཡང་གདན་འདྲེན་ཞུས་ཡོད།


སོག་རིགས་ཀྱི་ཞབས་བྲོ།

    རང་མི་རིགས་ཀྱི་གོམས་སྲོལ་བཟང་པོའི་རྒྱུན་སྐྱོང་བ་དང་མི་རིགས་གཞན་པའི་སྔོན་ཐོན་གྱི་ཆ་ནང་འདྲེན་བྱེད་པ་ནི་སློབ་ཆེན་སློབ་མ་ཞིག་གི་འོས་འགན་ཡིན་ལ། ལྷག་པར་དུ་འདི་ལྟ་བུའི་རིག་རྩལ་གྱི་སྤྲོ་ཚོགས་ཤིག་ཡིན་རུང་སྣང་མེད་དུ་མི་འཇོག་པར་བཀོད་སྒྲིག་དང་འཁྲབ་ཚན་སོ་སོའི་ཁྱད་ཆོས་ལ་ཞིབ་དཏུ་བསམས་ནས་མི་མང་པོ་ཞིག་གི་སྤྱན་ལམ་དུ་འགོད་རྒྱུ་གལ་ཆེའོ།  །


མི་རིགས་ཀྱི་ཁྱད་ཆོས་མ་ཉམས་པའི་བདུང་ལེན་སྒྱུ་རྩལ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།