དཀར་མཛེས་ཉིན་རེའི་ཚགས་པར་ཁང་གིས་ཁམས་པའི་བོད་ཡིག་དྲ་བ་ཤར་གཏོང་བྱས་པ།

   ཟླ་བ༡༠པའི་ཚེས༢༢ཉིན་དཀར་མཛེས་ཉིན་རེའི་ཚགས་པར་ཁང་གིས་ཁམས་པའི་བོད་ཡིག་དྲ་བ་སྒོ་ཕྱེ་བའི་ཚོད་གཏོང་མཛད་སྒོ་དཀར་མཛེས་ཚགས་པར་ཁང་དུ་གཟབ་རྒྱས་ངང་སྤེལ་བ་རེད།  ཁུལ་རིམ་པའི་འབྲེལ་ཡོད་ལས་ཁུངས་དང་དབུ་ཁྲིད།བོད་རིག་པའི་ཆེད་མཁས་པ་རྣམས་མཛད་སྒོའི་ཚོགས་འདུར་ཞུགས།  མཛད་སྒོའི་ཐོག་ཁུལ་ཨུ་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་དབྱང་ཞིའུ་པིང་གིས་ཁམས་པའི་དྲ་བ་སྒོ་ཕྱེ་བ་ལ་རྟེན་འབྲེལ་ཞུས་པ་དང་ཆབས་ཅིག་དྲ་བའི་དམིགས་ཡུལ་དང་ནང་དོན།  འགྲོ་ལམ་བཅས་ཀྱི་ཐད་ལ་གསུང་བཤད་གལ་ཆེན་གནང་ལ།  སྤྱི་ཁྱབ་རྩོམ་སྒྲིག་པ་ཚེ་བརྟན་དགྲ་འདུལ་གྱིས་ཕྱོགས་སོ་སོ་ནས་སྤྲིངས་པའི་རྟེན་འབྲེལ་ཞུ་ཡིག་སྒྲོག་འདོན་བྱས།   སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་དཀོན་མཆོག་རྡོ་རྗེས་ཁམས་པའི་དྲ་བའི་དམིགས་ཡུལ་དང་ནང་དོན།  ཕྱིན་ཆད་ཀྱི་འཆར་གཞི་སོགས་ངོ་སྤྲོད་གནང༌།  མཛད་སྒོར་ཞུགས་པའི་དབུ་ཁྲིད་དང་ཆེད་མཁས་པ་རྣམས་ཀྱིས་ཀྱང་ལྷག་བསམ་རྣམ་དག་གིས་རེ་བ་དང་བསམ་འཆར་བཏོན་པ་རེད། དྲ་གནས་ནིwww.kbcmw.comཡིན།

རྩོམ་ཁུངས། བོད་ལྗོངས་རླུང་འཕྲིན་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།