བོད་ཀྱི་སྙན་ངག་པའི་མི་རབས་གསུམ་པའི་རྩོམ་རིག་བགྲོ་གླེང་ཚོགས་འདུ་སྐབས་བཞི་བ་མདོ་སྨད་གཅན་ཚ་ནས་འཚོགས་པ།

   མཉམ་པར།

            བོད་ཀྱི་སྙན་ངག་པའི་མི་རབས་གསུམ་པའི་རྩོམ་རིག་བགྲོ་གླེང་ཚོགས་འདུ་སྐབས་བཞི་བ་དེ་སྤྱི་ལོ་2010ལོའི་ཟླ་7པའི་ཚེས་23ནས་26ཉིན་བར་མདོ་སྨད་གཅན་ཚ་ནས་འཚོགས།  འདུ་ཚོགས་ལ་མི་རབས་གསུམ་པའི་སྙན་ངག་པ་རྨོག་རུ་ཤེས་རབ་རྡོ་རྗེ་སོགས་ཚོགས་མི་བཅུ་དང་གངས་ཞུན་སོགས་གདན་ཞུས་སྐུ་མགྲོན་དང་ཟུར་ཞུགས་པ་མི་སུམ་ཅུ་ལྷག་ཞུགས་ཡོད།   ཚོགས་ཐོགས་ཏུ་སྙན་ངག་གྱེར་འདོན་དང་བགྲོ་གླེང་བྱས་པ་མ་ཟད།  མི་རབས་གསུམ་པའི་སྙན་ངག་པ་ས་དཀྱིལ་ཚེ་བཀྲའི་ལྷུག་རྩོམ་སྙན་ངག་ལས་འཕྲོས་ཏེ་བོད་ཀྱི་ལྷུག་རྩོམ་སྙན་ངག་སྐོར་ལ་བགྲོ་གླེང་བྱས་ཤིང་།  མི་རབས་གསུམ་པའི་སྙན་དེབ་དང་ཚགས་པར་སྐོར་ལ་ཁ་མིན་དོན་གྱིས་བསམ་བློ་བརྗེ་རེས་བྱས།
            ཚོགས་འདུ་མཇུག་གྲོལ་ཁ་མར་མི་རབས་གསུམ་པའི་ཚོགས་མི་ཡོངས་དང་གདན་ཞུས་་སྐུ་མགྲོན་བཅས་གཅན་ཚའི་སྔོ་རྒྱ་འགག་ཆུ་གློག་ས་ཚིགས་དང་།  ཁམས་ར་ནགས་ཁུལ། ཨ་ཆུང་གནམ་རྫོང་སོགས་སུ་གནས་སྐོར་ལ་སོང་སྟེ་བོད་ཀྱི་མཁས་པ་མི་གསུམ་སོགས་ལོ་རྒྱུས་མི་སྣ་དག་གི་གཞིས་སྒར་དངོས་ལ་མཇལ་ཁ་ཞུས་ཤིང་སྙན་ངག་གྱེར་འདོན་བྱས། །
 
      སྐྱབས་ཆེན་བདེ་གྲོལ་ལ་མི་རབས་གསུམ་པའི་ཚབ་མཚོན་སྙན་ངག་པ་ཞེས་པའི་མཚན་སྙན་ཐོབ་པ།
      སྙན་ངག་པ་སྐྱབས་ཆེན་བདེ་གྲོལ་ལགས་ཀྱི་བརྩམས་ཆོས་དེས་ཆོས་རྣམས་སྒེར་ཆོས་ཀྱི་དོན་སྙིང་འབའ་ཞིག་ཏུ་བསྐྲུན་ཐུབ་པ་ནས། ཀླད་དབང་གི་བབས་སུ་བཙོ་སྦྱངས་ཐུབ་པའི་ཐ་སྙད་ཀྱི་མཛེས་པ་དག་ཚོགས་སྤྱིའི་ལྷན་སྐྱེས་ཀྱི་ཤེས་རབ་རྣལ་མ་ཞིག་གིས་ངོ་སྤྲད་ཡོད་པས་ན། སུ་དང་གང་ལའང་འདྲ་བ་འཇོག་དཀོན་པའི་རང་གི་སྙན་ངག་གི་ལྟ་བ་དེས་བོད་ཀྱི་སྙན་ངག་གསར་བའི་སྐོར་ལ་ལོ་རྒྱུས་ཀྱི་རིན་ཐང་གསར་བ་ཞིག་བསྐྲུན་ཐུབ་ཡོད་པས་ཆེད་དུ་བོད་ཀྱི་སྙན་ངག་གི་མི་རབས་གསུམ་པའི་ཚབ་མཚོན་སྙན་ངག་པ་ཞེས་པའི་མཚན་སྙན་དེ་གནང་བ་ཡིན། །
   
          དང་བླངས་ལས་མི་གུ་རུ་དོན་གྲུབ་ཀྱིས་མདོ་འཛིན་གནང་གིན་པ།
          མདོ་འཛིན་པའི་གཏམ།
          སྙན་ངག་གི་བླ་སྲོག་སེམས་ཀྱིས་རུམ་ཞིང་སྒྱུ་རྩལ་གྱི་ཞིང་ས་རྔུལ་ཁྲག་གིས་བསྐྲུན་དང་སྐྲུན་བཞིན་པའི་སྙན་ངག་པ་གདན་ཞུས་སྐུ་མགྲོན་རྣམ་པ་དང་བོད་ཀྱི་སྙན་ངག་པའི་མི་རབས་གསུམ་པའི་བློས་ཐུབ་གྲོགས་པོ་རྣམ་པ། ཟུར་ཞུགས་པ་རྣམ་པ།  ཁྱེད་རྣམ་པ་མི་རབས་གསུམ་པའི་སྐབས་བཞི་བའི་སྙན་ངག་གི་འདུ་ཚོགས་སྟེང་སྐུ་ཚེགས་དཀའ་ངལ་ལ་མ་འཛེམ་པར་ཐག་ཉེ་རིང་ཀུན་ནས་ཕེབས་པར་དགའ་བསུ་དང་བཅས་སྐུ་བདེའི་འཚམས་འདྲི་ཞུ་བ་ཡིན།
           ད་ལོའི་མི་རབས་གསུམ་པའི་སྙན་ངག་གི་བགྲོ་གླེང་འདིའི་སྒྲུབ་སྟངས་ནི་སྐབས་སྔོན་མ་དག་དང་ཅུང་མི་འདྲ་བས་ཞོལ་ནས་ད་ལོར་འདི་ལྟར་བསྒྲུབ་དགོས་དོན་ཐད་ཀྱི་རང་གི་ལྟ་ཚུལ་དང་བསྒྲུབ་པའི་གོ་རིམ་མཚམས་སྦྱོར་རགས་ཙམ་བྱ་རྒྱུ་ཡིན།
           མི་རབས་གསུམ་པའི་སྙན་ངག་གི་འདུ་ཚོགས་དེ་དཀའ་ཚེགས་དང་དབུལ་ཕོངས། མྱི་ཁ་སོགས་ལ་ཁེན་ནས་ད་ལྟ་སྐབས་བཞི་བར་ཐོན་བྱུང་། ཐེངས་དུ་མའི་འདུ་ཚོགས་བརྒྱུད་ནས་ཚོགས་མི་རིམ་བཞིན་ཇེ་མང་དང་སྙན་ངག་གི་ཁ་ཕྱོགས་ཀྱང་སྣ་མང་ཅན་དུ་གྱེས་པ། ཚོགས་པའི་རྒྱ་ཡང་རིམ་ཇེ་ཆེར་སོང་དང་འགྲོ་བཞིན་ཡོད་པས། ཚོགས་པ་རྐྱང་བའི་ངོས་ཐད་ནས་བལྟས་ན་དེ་ནི་དགའ་འོས་པའི་དོན་བཟང་ཞིག་རེད་མོད། ཡིན་ཡང་བོད་ཀྱི་སྙན་ངག་གི་ཕྱོགས་ཡོངས་ལ་བསམ་ན་ད་དུང་ཡང་བཅོས་བསྒྱུར་དང་འཐུས་ཇེ་ཚང་དུ་གཏོང་དགོས་སའི་ཆ་མང་པོ་ཞིག་ཡོད་པས།  ད་ལོའི་ཚོགས་འདུ་ནི་སྐབས་སྔོན་མ་དག་དང་མི་འདྲ་བར་ང་ཚོས་བོད་ཀྱི་སྙན་ངག་གི་གནས་བབ་དངོས་ལ་བསམས་ནས་སྙན་ངག་པ་རྒན་གྲས་གཅན་མེ་སྟག་དང་འབྲུག་ལྷ་རྒྱལ། གངས་ཞུན། རྨོག་རུ་དོན་གྲུབ་ཚེ་རིང་། ཁྱུང་ཐར་རྒྱལ། རོང་བོ་དགེ་འདུན་ལྷུན་གྲུབ་སོགས་དང་། ན་གཞོན་སྙན་ངག་པ་སེང་རྡོར། ཁྲི་སེམས་དཔའ།   གཉན། གེ་སར། ན་རོ། ཁྱུང་བཟང་། རྡོ་དཀར་མོག་ཟླ་སོགས་དང་།  རྒྱ་ཡིག་གི་ལམ་ནསའབྲི་བའི་སྙན་ངག་པ་བདེ་ཆེན་དཔག་མེད།  སློབ་ཆེན་སྙན་ངག་པའི་འཐུས་ཚབ་རེ་བཅས་ཆེད་ཞུས་ཀྱིས་བོད་ཀྱི་སྙན་ངག་གི་འཕེལ་རྒྱས་དང་གནས་བབ་ཐད་ལ་བགྲོ་གླེང་དང་ཁ་བརྡ་གློད་རྩིས་བྱས་ནའང་བྱ་བའི་ལས་བྲལ་ལམ་ཡང་ན་རྒྱུ་རྐྱེན་གཞན་དག་གི་དབང་གིས་མང་ཆེ་བ་ཞིག་རེབ་འདིའི་ཚོགས་འདུར་ཡོང་མ་ཐུབ་པར་ཕན་ཚུན་ཕྱོགས་གཉིས་ཀའི་ཕངས་སེམས་ཤིག་ཏུ་མཐོང་ནས་ཡོད།
             ནམ་ཡང་གཞན་སྐྱབས་སུ་མི་རེ་ཞིང་རང་ཉིད་རང་གི་མགོན་དུ་རློམ་པ་ནི་སྙན་ངག་པའི་ཐུན་མིན་གྱི་ཁྱད་གཤིས་ཤིག་ཏུ་གྲུབ་འདུག་ཀྱང་། གནད་འདིས་ནི་ཞོར་ཏུ་མི་རིགས་ཤིག་གི་སྙན་ངག་གི་ནང་ཆ་ཕྱི་ཕྲལ་ནང་ཕྲལ་བྱས་ཏེ་མཁལ་མས་མཆིན་པ་ནག་པར་མཐོང་ཞིང་མཆིན་པས་མཁལ་མ་སྨུག་པར་ལྟ་བ་དང་།  དེ་ནས་གློ་བ་དང་སྙིང་ཡང་མི་མཛེས་པར་གཅོད་པ་དང་།  དེ་ནས་ཁྲག་གི་བསླུ་བྲིད་དང་རྒྱུ་མའི་གཡོ་སྒྱུ་སོགས་ཀྱང་རེ་རེ་བཞིན་འཕར་ཡོང་བས་ན།   ང་ཚོར་ཕྱི་ལ་ངོམ་ཆོག་ཆོག་གི་འབྲས་བུ་ཅི་ཡང་མེད་ལ་དངོམ་རྒྱུ་ཡང་ཅི་ཡང་མི་འབྱུང་བས། སྙན་ངག་རང་སྟེང་ནས་བལྟས་ན་འདི་ལས་ལྷག་པའི་སྐྱོ་བ་འཆང་ས་ཞིག་དང་ཕམ་ཁ་རེག་ས་ཞིག་ཕལ་ཆེར་མེད་པར་བཤད་ཆོག  དེ་བས་རེབ་འདིར་ང་ཚོས་འདི་ལྟར་བོད་ཀྱི་སྙན་ངག་པ་མང་པོ་གདན་ཞུས་བྱེད་དོན་ནི་གཅིག་ནས་དེང་སྐབས་བོད་ཀྱི་ཤེས་ཡོན་པ་དང་རིག་གནས་པ། ལྷག་དོན་སྙན་ངག་པའི་སྡེ་རུ་རང་གིས་རང་གི་ལག་ངར་ཁོ་ན་གནམ་ལ་བསྒྲེངས་ནས་འགྲོ་བ་ལས།  གཞན་གྱི་བྱས་འབྲས་ལ་ཅི་མི་སྙམ་པའི་ཕྱོགས་རེ་བའི་ལྟ་ཚུལ་གྱིས་ཀུན་ནས་ལྷད་དེ་ཁོར་ཡུག་ཇེ་དོག་དང་ཁ་དབུགས་ཇེ་སྲབ་ལ་གཏོང་བའི་གནས་བབ་སྐྱུག་བྲོ་བོ་འདི་བཟློག་ཆེད་དང་། གཉིས་ནས་ངེད་ཚོགས་པར་རྒྱབ་སྐྱོར་དང་དགག་རྒྱག་བྱེད་མཁན་སུ་ཡིན་རུང་འུ་ཅག་ཀུན་པོའི་དམིགས་ཡུལ་ནི་བོད་ཀྱི་སྙན་ངག་གི་རིན་ཐང་ཇེ་མཐོར་དང་འཕེལ་རྒྱས་སུ་གཏོང་རྒྱུ་ལས་མ་འདས་པས་ན།  རེབ་འདིར་ང་ཚོས་ང་ཁྱོད་ཀྱི་དབྱེ་མཚམས་མི་འབྱེད་པར་བློ་གཟུ་ བོས་བོད་ཀྱི་སྙན་ངག་གི་འབྱུང་འགྱུར་བསམ་ཁུལ་གྱིས་ཁྱེད་ཅག་དང་ཁྱེད་ཅག་ལྟ་བུའི་སྙན་ངག་པ་གཟེངས་ཐོན་ཅན་དག་ལ་བརྩི་བཀུར་དང་། ཁྱེད་ཚོའི་སྙན་ངག་གི་རིན་ཐང་ལ་བརྩི་མཐོང་། ཁྱེད་ཚོས་ད་བར་དུ་སྙན་ངག་གི་སྟེང་ལ་ཕུད་པའི་བླ་མེད་ཀྱི་སེམས་ཤུགས་སོགས་ལ་བསྟོད་བསྔགས་དང་བཅས་མུ་མཐུད་རྒྱུན་བསྐྱང་བྱ་ཕྱིར་དང་། གསུམ་ནས་མ་འོངས་བར་བོད་ཀྱི་སྙན་ངག་པ་ཀུན་གྱིས་གདུག་རྩུབ་ཀྱི་སྤྱི་ཚོགས་འཚོ་བའི་མདུན་དུ་དཔུང་བ་མཉམ་གཤིབ་དང་སྟོབས་ཤུགས་གཅིག་སྒྲིལ་ཀྱིས་སྙན་ངག་གི་ལས་དོན་ཐད་ནུས་ཤུགས་འདོན་ཆེད་བཅས་ཡིན་པས་ན། ཁྱབ་ཆེ་ས་ནས་ང་ཚོས་མི་སྒེར་དང་ཚོགས་པ་གང་རུང་གི་ཁ་ངོ་ཁོ་ན་མ་བསྲུང་ཡང་དགེ་བ་ལས་གནོད་པར་མི་འགྱུར་གི་བསམ་གི  ད་དུང་ང་རང་ལ་བསམ་ཚུལ་ཞིག་ཡོད་པ་ནི། བོད་ཀྱི་སྙན་ངག་པའི་མི་རབས་གསུམ་པའི་སྙན་ངག་བགྲོ་གླེང་སྐབས་ལྔ་བ་ནི་མི་རབས་གསུམ་པའི་གཙོ་སྒྲུབ་བྱས་འོག་བོད་མདོ་དབུས་ཁམས་གསུམ་གྱི་སྙན་ངག་པ་ཡོངས་ཀྱི་སྙན་ངག་གི་བགྲོ་གླེང་ཆེན་པོ་ཞིག་ཏུ་འགྱུར་ཐུབ་ན་ནི་ཕན་པ་དང་དོན་སྙིང་རྒྱ་ཆེན་པོ་ཡོད་ཀྱི་རེད་བསམ། །
  
          སྙན་ངག་པ་ས་དཀྱིལ་ཚེ་བཀྲས་ལྷུག་རྩོམ་སྙན་ངག་གྱེར་འདོན་བྱེད་བཞིན་པ།
          མི་རབས་གསུམ་པའི་སྙན་ངག་པ་ས་དཀྱིལ་ཚེ་བཀྲ་ལགས་ཀྱི་བརྩམས་ཆོས་གྱེར་འདོན་བྱས་པའི་ཁ་བྱང་།
          ༡  སྙན་ངག་དང་སྐྲ་ལོ།  (གྱེར་འདོན་བྱེད་མཁན། ས་དཀྱིལ་ཚེ་བཀྲ) 
         ༢  རྨོ་བོའི་སེམས་ནང་གི་པོ་ཏ་ལ།  (གྱེར་འདོན་བྱེད་མཁན།  ས་དཀྱིལ་ཚེ་བཀྲ) 
         ༣  གསང་ཉན།  གསང་ཉན།  (གྱེར་འདོན་བྱེད་མཁན།  གཅན་ཚ་རྫོང་མི་རིགས་སློབ་འབྲིང་གཉིས་པའི་སློབ་མ་དབྱངས་ཅན་མཚོ།)
         ༤   གངས། (གྱེར་འདོན་བྱེད་མཁན།  གཅན་ཚ་རྫོང་མི་རིགས་སློབ་འབྲིང་གཉིས་པའི་སློབ་མ་སྐལ་བཟང་མཚོ།)
         ༥   ཁྲག   (གྱེར་འདོན་བྱེད་མཁན།  གཅན་ཚ་རྫོང་མི་རིགས་སློབ་འབྲིང་གཉིས་པའི་སློབ་མ་གཡང་འབུམ་རྒྱལ།)
         ༦  སྒུག (གྱེར་འདོན་བྱེད་མཁན།  གཅན་ཚ་རྫོང་མི་རིགས་སློབ་འབྲིང་གཉིས་པའི་སློབ་མ་པདྨ་བཀྲ་ཤིས།)
 
   གཅན་ཚ་རྫོང་མི་རིགས་སློབ་འབྲིང་གཉིས་པའི་སློབ་མ་དག་གིས་སྙན་ངག་པ་ས་དཀྱིལ་ཚེ་བཀྲ་ལགས་ཀྱི་ལྷུག་རྩོམ་སྙན་ངག་གྱེར་བཞིན་པ།
  
    མི་རབས་གསུམ་པའི་སྙན་ངག་པ་དག་གིས་སྙན་ངག་གྱེར་བཞིན་པ།
    མི་རབས་གསུམ་པ་དང་ཟུར་ཞུགས་མི་སྣ་དག་གིས་གྱེར་འདོན་བྱས་པའི་སྙན་ངག་གི་ཁ་བྱང་།
     ༡   རོ་ལངས། (ཕག་ལོ) སྙན་ངག་གི་སྐྱབས་མགོན་དང་ཁོ་བོའི་བསྒྲགས་གཏམ།
    ༢   སྐལ་བཟང་རྣམ་རྒྱལ།  དུས་བྱ། 
    ༣   སྦྲང་བུ། (བསོད་ནམས་རབ་བརྟན)  མཚན་མོའི་མེ་ལྕེ།
    ༤   བྱང་སྒྲ་སྙན།  མི་རབས་གསུམ་པ་གླེང་ཚུལ།
     ༥   ཁུ་བྱུག་སྔོན་མོ།   ཁྱོད་ཀྱིས་ང་ལ་འོ་ཞིག་བྱོས་དང་།  ཡང་བསྐོར་བསྐྱར་བསྐོར་གྱིས་འོ་ཞིག་བྱོས་དང་།
     ༦   རེ་རྐང་གླིང་།  ཡབ་ཆེན་གྱིས་བསྩལ་བའི་ཁྲག་གི་མེ་ཏོག
     ༧   དུང་།     ཆོད་ཀྱང་མི་འདུག    
                        རྩིབ་ལྡེབས་ཀྱི་སྟག་སེང་ཁྱུང་འབྲུག
      ༨   རྨོག་རུ་ཤེས་རབ་རྡོ་རྗེ།   སྦྲུལ་ཤུན་སྟེང་གི་རི་མོ།   
                                             ལག་པ་འཁྱག་པ།
       ༩   དོན་འགྲུབ།  ཆག་འཇིག  
                              སྙན་ངག་གི་རྒྱལ་སྲས།
        ༡༠  མར་ཁུ་རྒྱལ་མཚན།  ཆུང་མ་དང་མཉམ་དུ་ཕྱི་རོལ་ལ་འཆམ་འཆམ་དུ་ཕྱིན་པ།
        ༡༡ མདའ་བཙན་པོ།   མི་ཪྙེད་པ་ཞིག་ཪྙེད་རྒྱུ་ཡིན་པའི་དབང་དུ་བཏང་ན།
                                      རོ་སྟེང་དུ་འབར་བའི་མེ་ལྕེ།
                                      ད་ལྟའི་ལྷ་ས།
        ༡༢ ཐོ་རེངས།  རླབས་ཀྱིས་འཁུར་བའི་ལོ་མ་སེར་པོ།
        ༡༣ གུ་རུ་དོན་འགྲུབ།  རྒོད་པོའི་འཕུར་སྟངས་ལ་ཉན་པ།
  
  ཚོགས་རའི་ཟུར་ཞིག
  
       གསར་ཞུགས་ཚོགས་མི་ཐོ་རེངས་ཀྱིས་རང་ཉིད་ངོ་སྤྲོད་དང་བཅས་སྙན་ངག་གྱེར་འདོན་བྱེད་བཞིན་པ།
       གསར་ཞུགས་མི་སྣ་ཐོ་རེངས་ལགས་ཀྱིས་གྱེར་འདོན་བྱས་པའི་སྙན་ངག་དག་གི་ཁ་བྱང་།
       ༡ བརྐུས་ལ་ཁྱེར་བའི་ཆབ་ཏོག
       ༢ ན་ཟུག་མེད་པའི་གངས་མི།
       ༣ ང་ཚོ་དུ་བ་འཐེན་རྒྱུ་དགའ་བས།
  
     གནས་སྐོར་གྱི་ལམ་དུ།
  
       རྫོང་གི་རྒྱལ་བོ་ཨ་ཆུང་གནམ་རྫོང་གི་རྩེ་ནས་རླུང་རྟ་དགུང་ལ་སྤུར་བཞིན་པ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བོད་ཀྱི་སྙན་ངག་པའི་མི་རབས་གསུམ་པའི་རྩོམ་རིག་བགྲོ་གླེང་ཚོགས་འདུ་སྐབས་བཞི་བ་མདོ་སྨད་གཅན་ཚ་ནས་འཚོགས་པ།

2010-08-01 ངེད་དྲ་བ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།