མི་རབས་གསུམ་པའི་འདུ་ཚོགས་སྐབས་ལྔ་བ་མཚོ་སྔོན་པོའི་ཁ་ནས་བསྡུ་འཆར་ཡིན་པ།

   ས་ཡི་གོ་ལ་ཆེན་པོའི་སྒལ་སྟེང་དུ་སྙན་ངག་གི་འཚོ་བར་གོམས་ནས་ཡོད་པའི་མི་རབས་གསུམ་པའི་སྤུན་ཟླ་དག་ལ་བརྗོད་རྒྱུར།
   ལོ་རེ་རེའི་འདུ་ཚོགས་དེ་ཕུན་སུམ་ཚོགས་པའི་ངང་ཚོགས་དང་འཚོག་བཞིན་པ་དེ་བཞིན་ད་ལོའི་འདུ་ཚོགས་ཀྱི་དུས་ཚོད་དེ་ཡང་སྤྱི་ཟླ་༦པའི་ཚེས་༡༨ནས་༢༠བར་འཚོག་རྒྱུར་ཐག་བཅད་ཡོད་ཅིང་། ས་གནས་མཚོ་སྔོན་པོའི་མཚོ་ཁར་གཏན་འཁེལ་ཡོད།
    ཚོགས་འདུའི་སྐབས་སུ་ཚོགས་པའི་སྒྲིག་འཛུགས་ཀྱི་གོ་རིམ་ཧྲིལ་བོ་སྔ་རྒྱུན་སྟར་སྤེལ་བ་གཞི་བྱས། ད་ལོ་གསར་དུ་བསྣན་པ་ཞིག་ནི་བོད་ཀྱི་འཁྲབ་ཁྲིད་པ་གྲགས་ཅན་པདྨ་ཚེ་བརྟན་ལགས་ཀྱིས་༼མི་རབས་གསུམ་པ༽ཞེས་པའི་དངོས་ཞུས་གློག་བརྙན་ཞིག་ཕབ་རྒྱུ་ཡིན་པས་དེ་དོན་ཐུགས་ལ་འཇགས་རྒྱུ་མཁྱེན། །
     གཞན་ཡང་གློག་བརྙན་ཕབ་སྐྲུན་ཚོགས་པའི་རེ་བ་ལྟར་མཚོ་ཁའི་དངོས་གཞིའི་འདུ་ཚོགས་ལ་མི་རབས་གསུམ་པའི་སྙན་ངག་པ་ཁོ་ན་ལས་༼གློག་བརྙན་གྱི་བརྗོད་བྱའི་གླུ་དབྱངས་ལེན་མཁན་གླུ་བ་དང་ཆེད་ཞུས་སྐུ་མགྲོན་ཕུད༽ཞུགས་མི་ཆོག་པ་བཟོས་ཡོད་པས་འདུ་ཚོགས་ལ་ཞུགས་འདོད་པའི་མགྲོན་པོ་དག་ལ་དགོངས་སེལ་ཞུ་རྒྱུ་ཡིན་ཞིང་། དངོས་ཞུས་གློག་བརྙན་དང་འབྲེལ་བའི་བཅར་འདྲི་སོགས་སྤྱི་ཟླ་༦པའི་ཚེས་༢༤ནས་༢༦བར་རེབ་གོང་ས་ཁུལ་དུ་བསྡུ་རྒྱུར་ཐག་བཅད་ཡོད་པས་དེ་དོན་ཐུགས་ལ་འཇགས་པར་འཚལ་ལོ། །
                                                   མི་རབས་གསུམ་པའི་དང་བླངས་ལས་མི་སྐྱབས་ཆེན་བདེ་གྲོལ་དང་རེ་རྐང་གླིང་གཉིས་ནས། །
                                                                                                                                                        ༢༠༡༡ལོའི་ཟླ་༦པའི་ཚེས་༥ཉིན།

རྩོམ་ཁུངས། དགེ་ཆོས་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།