ནུབ་བྱང་མི་རིཊ་སློབ་ཆེན་གྱི་བོད་རིག་པའི་གླིང་གི་རྩོམ་རིག་ཚོཊ་ཆུང་གི་གནས་ཚུལ།

 ༢༠༡༡ལོ་ནས་བཟུང་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་བུ་ཁ་བ་སྙིང་ལྕགས་དང་གླག  འོད་ནག་སོགས་མི་སྣ་བཅུ་ཕྲག་འགའ་ཡིས་གྲུབ་པའི་རྩོམ་རིག་ཚོགས་ཆུང་ཞིག་དབུ་བརྙེས་པ་ནས་སློབ་གླིང་གི་རྩོམ་རིག་སྣང་ཚུལ་དང་དྲ་ཚིགས།  སྙན་ངག་བཅས་ཀྱི་ཐད་ལ་བགྲོ་གླེང་བྱས་པ་དེས་གཞོན་སྐྱེས་ཤེས་ཡོན་ཅན་དང་རྩོམ་པ་པོའི་ཚ་རླབས་ཤིག་བསླངས་ནས་ཡོད་པ་རེད།
   ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ནི་བོད་ཀྱི་རྩོམ་རིག་གི་མ་ཡུམ་སློབ་གྲྭ་ལྟ་བུར་གྱུར་ནས་ཡོད་པ་ནི་སློབ་གླིང་དེ་ག་ནས་སྔ་ཕྱིར་བོད་ཀྱི་རྩོམ་རིག་དཔྱད་བརྗོད་མཁས་པ་བདུད་ལྷ་རྒྱལ་དང་།  སྙན་ངག་པ་ལྗང་བུ།  བློ་འབྱེད་བསམ་བློ་མཁས་པ་ཞོགས་དུང་སོགས་སྤྱི་ཚོགས་ཀྱི་གླེང་གཞིར་གྱུར་བའི་མི་སྣ་འབོར་ཆེན་ཞིག་བྱུང་མྱོང་ལ།   རང་མོས་གླེང་སྟེགས་སོགས་ཀྱིས་མཚན་པའི་ལེ་ཚན་དང་ཤར་དུང་རི་ལྟ་བུའི་སློབ་གླིང་རྩོམ་དེབ་སོགས་སྣ་མང་ཕུན་ཚོགས་ཤིག་ཀྱང་བྱུང་ཐུབ་ཡོད་པ་རེད། །
    དུས་རབས་ཉེར་གཅིག་པ་མགོ་ཚུན་དུ་ནུབ་བྱང་མི་རིགས་སློབ་ཆེན་གྱིས་སྣེ་ཁྲིད་པའི་སློབ་གྲྭ་ཆེན་མོ་ཁག་གིས་འབོལ་རྩོམ་གསར་མའི་འབྲི་ཐབས་ལྷུར་བླངས་ཏེ་དོགས་སློང་གི་སྙིང་སྟོབས་ཁོ་ནས་སྤྱི་ཚོགས་སྣ་སྒོ་སོ་སོའི་སྐྱོན་དང་ཉེས་པར་དགག་རྒྱག་བྱས་པ་དེས་བླ་ན་མེད་པའི་འབྲས་བུ་བླངས་ནས་ཡོད་ནའང་།   མིག་སྔར་ཤེས་ཡོན་ཅན་འབོར་ཆེན་ཞིག་གིས་འབོལ་རྩོམ་གྱི་རྨང་སྟུག་པའི་སློབ་གྲྭ་དག་ནི་སྒྱུ་རྩལ་རྩོམ་རིག་ཚར་གཅོད་གཏོང་སའི་བཟོ་གྲྭ་ལྟ་བུ་ཞིག་ཏུ་བཤད་ཀྱིན་ཡོད་པས།   ནུབ་བྱང་མི་རིགས་སློབ་ཆེན་གྱི་རྩོམ་རིག་ཚོགས་ཆུང་དབུ་བརྙེས་པ་དེས་མང་པོ་ཞིག་ལ་ལམ་སློང་གི་དབུ་འཁྱུད་བྲིས་ནས་ཡོད་པ་རེད། །

རྩོམ་ཁུངས། དགེ་ཆོས་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།