བོད་སྐད་གློག་བརྙན་གཉིས་ལ་ཧང་ཀང་ནས་བྱ་དགའ་ཐོབ་པ།

བྱ་དགའ་སྟེར་སའི་ཚོམས་ཆེན་དུ་པད་མ་ཚེ་བརྟན༼གཡས་ཀྱི་དང་པོ༽དང་ཟོན་ཐར་རྒྱལ༼གཡས་ཀྱི་གཉིས་པ༽གཉིས་བཞུགས་ཡོད་པ།
  ངེད་དྲ་བར་གསར་དུ་འབྱོར་བའི་འཕྲིན།སྐབས་སོ་ལྔ་བའི་ཧང་ཀང་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་ལས་ཤེས་གསལ་ལྟར་ན། བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་གསར་བ<<ཁྱི་རྒན>>དང་ཟོན་ཐར་རྒྱལ་གྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་ཐོག་མ<<དབུས་ལམ་གྱི་ཉི་མ>>ཞེས་པ་གཉིས་ཞང་ཀང་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་ཨ་ཤ་ཡེའི་ཨང་འཕྲིན་གློག་བརྙན་འགྲན་སྡུར་དུ་ཞུགས་ཐུབ་ཡོད་ཅིང་། དེ་ལས་<<ཁྱི་རྒན>>ལ་གསེར་གྱི་རྟགས་མའི་བྱ་དགའ་དང་། <<དབུས་ལམ་གྱི་ཉི་མ>>ལ་ཆེད་དུ་གཟེངས་བསྟོད་བྱས་པའི་མཚན་སྙན་ཐོབ་འདུག
 
  གློག་བརྙན<<ཁྱི་རྒན>>གྱི་ཟུར་པར།

  གློག་བརྙན<<དབུས་ལམ་གྱི་ཉི་མ>>ཡི་ཟུར་པར།
    གློག་བརྙན<<ཁྱི་རྒན>>གྱི་བརྗོད་བྱ་ནི་འདི་ལྟ་སྟེ། དུས་རབས་ཉི་ཤུ་བའི་ལོ་རབས་དགུ་བཅུ་བའི་མཇུག་ལ། བོད་ཁུལ་གྱི་ས་ཆ་ཞིག་ནས་བུ་ཞིག་གིས་རང་ཁྱིམ་གྱི་ཁྱི་རྒན་དེ་ཁྱི་ཚོང་རྒྱག་མཁན་གྱི་ཚོང་བ་ཞིག་ལ་བཙོངས་པ་དེ། ཕ་རྒན་གྱིས་ཕྱིར་ཕ་ཡུལ་དུ་ཁྲིད་ནས་རི་མགོ་རུ་བཏང་མོད། འོན་ཀྱང་བུ་དེས་ཡང་བསྐྱར་རི་མགོ་ནས་ཁྱི་རྒན་བཟུང་ནས་བཙོངས་ཤིང་། ཚོང་བས་ཁྱི་རྒན་དེ་རྒྱལ་ནང་དུ་ཁྱེར་རྩིས་ཡོད་པའི་སྐབས། བུ་དང་ཚོང་བ་གཉིས་བར་འགལ་བ་བྱུང་ཞིང་བུ་བཙོན་ཁང་དུ་བཅུག་པ་རེད། མཐའ་མཇུག ཕ་རྒན་ཅི་བྱ་གཏོལ་མེད་དུ་གྱུར་ཞིང་རང་གི་ཐབས་ལ་བརྟེན་ནས་ཁྱི་རྒན་དེ་ཐག་གཅོད་བྱས་པའོ།།༼ཚན་པ་འདི་ཀྲུང་གོའི་བོད་ལྗོངས་དྲ་བ་ལས་བཏུས།༽
   གློག་བརྙན<<དབུས་ལམ་གྱི་ཉི་མ>>ཞེས་པ་ནི་འཁོར་བགེགས་འཇིགས་སུ་རུང་བ་ཞིག་ལ་བརྟེན་ནས་རང་གི་མ་རྒན་ལྔ་བའི་ལམ་དུ་བརྫངས་པའི་བུ་ཆུང་ཞིག་བརྐྱངས་ཕྱག་འཚལ་ཏེ་ལྷ་ས་ནས་ཕྱིར་ཡོང་བ་དང་། བུ་མོའི་གཉེན་སྟོན་ལ་ཞུགས་ཏེ་ཕྱིར་འགྲོ་བའི་རྒན་པོ་ཞིག་ལམ་བར་ནས་འཕྲད་ཅིང་རྒན་གཞོན་གཉིས་ཀའི་སེམས་ཀྱི་འཇིག་རྟེན་ལས་བརྩེ་སེམས་དང་འདུ་བྲལ། དགའ་སྐྱོ། འགྱོད་བཤགས་སོགས་ཀྱིས་མཚོན་པའི་དོན་ཅི་སྙེད་ཅིག་ལྟད་མོ་བའི་སྤྱན་ལམ་དུ་བཤམ་འོང་བ་ཞིག་ཡིན། 
                           
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བོད་སྐད་གློག་བརྙན་གཉིས་ལ་ཧང་ཀང་ནས་བྱ་དགའ་ཐོབ་པ།

2011-03-30 སྐྱ་བོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།