ཁྲི་ཀ་རྫོང་མི་རིགས་སློབ་འབྲིང་གི་སློབ་རའི་རྒྱང་བསྒྲགས་ཁང་དངོས་སུ་བཙུགས་པ།

སྟག་རིག་འབྲུག་ཐར། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-03-25

    དཔྱིད་གསུམ་རླུང་བུས་རི་ལུང་ཐང་གཞོངས་ལ་ལྗང་མདོག་གི་འཇིག་རྟེན་སྐྲུན་བཞིན་པའི་ཡིད་ཆེས་དང་རེ་སྨོན་གྱི་ཁུགས་སོ་འདི་རུ།  ང་ཚོས་དམིགས་ཡུལ་གཅིག་ལ་གཞི་བཅོལ་ཏེ་ཉིན་ཐོག་ཟླ་བརྩེག་གི་ལོ་ཟླའི་ཕྲེང་བར་ནས་བརྩོན་པ་ཉམས་སུ་བླངས། དཀའ་བ་ཕྲག་ཏུ་ཁུར། མཛའ་གཅུགས་ཀྱི་ལག་རྡང་ཁྲོད་ནས་སློབ་གྲྭའི་འཚོ་བ་འདི་ལྟར་སྤྲོ་དགའི་ཀློང་ནས་བསྐྱལ། ཉིན་ཉི་ཤུ་ལྷག་ལ་འབྲེལ་ཡོད་རྒྱང་སྒྲོག་དང་གསར་འགོད་ཀྱི་སྐོར་ནས་གསོ་སྦྱོང་དང་སློབ་སྦྱོང་རབ་དང་རིམ་པ་བརྒྱུད་མཐར  ༢༠༡༡ལོའི་ཟླ༣པའི་ཚེས༢༡ཉིན་ཏེ་གཟའ་འཁོར་དང་པོའི་ཕྱི་དྲོའི་ཆུ་ཚོད་ལྔ་ཡི་སྟེང་དུ་དངོས་སུ་སློབ་རའི་བོད་སྐད་རྒྱང་སྒྲོག་གཏོང་མགོ་བརྩམས་པ་དང་སློབ་རའི་གསར་འགོད་ཚོགས་པས་ཀྱང་དེར་བསྟུན་སྒོས་རྒྱུ་ཆ་འཚོལ་སྡུད་ལ་ཐོག་མའི་གོམ་ཁ་བསྒྱུར་བ་རེད།
སློབ་རའི་བོད་སྐད་རྒྱང་སྒྲོག་གི་ལེ་ཚན་ཐད་ནས་ཚན་པ་བདུན་ལ་བགར་ཡོད་དེ།
དང་པོ། གསར་འགྱུར་གནད་བསྡུས།
གསར་འགྱུར་གནད་བསྡུས་ཀྱི་ལེ་ཚན་ནང་རྒྱལ་སྤྱིའི་གསར་འགྱུར་དང་རྒྱལ་ནང་གསར་འགྱུར།  བོད་ཁམས་གསར་འགྱུར། སློབ་གྲྭའི་གསར་འགྱུར་བཅས་བཀོད་སྒྲིག་བྱས་ཡོད།
གཉིས་པ། རྩོམ་རིག་པད་མའི་གླིང་ག
རྩོམ་རིག་པད་མའི་གླིང་གའི་ལེ་ཚན་ནང་དུ་མིང་གྲགས་ཅན་གྱི་རྩོམ་པ་པོའི་བརྩམས་ཆོས་ངོ་སྤྲོད་དང་བརྒྱུད་ལྗགས་རྩོམ་གྱེར་འདོན་བྱེད་པ།
གསུམ་པ། གཏམ་གླེང་གཞོན་ནུའི་ལྕགས་ཀྱུ།
གཏམ་གླེང་གཞོན་ནུའི་ལྕགས་ཀྱུའི་ལེ་ཚན་ནང་དུ་ཆེ་ཕྱོགས་ནས་བཤད་ན་ད་ཡོད་བོད་ཁུལ་སྤྱིའི་གླེང་རིན་ཡོད་པའི་ཕྱོགས་ཁ་བརྡ་བྱ་བ་དང་འབྲེལ་ཡོད་སློབ་གསོའི་ཕྱོགས། སློབ་རའི་ནང་ཁུལ་གྱི་སློབ་སྦྱོང་། སྒྲིག་ལམ། གཙང་སྦྲ་སོགས་ཀྱི་ཐད་ནས་གླེང་མོ་བྱེད་པ།
བཞི་བ། སྙན་མོ་གླུ་ཡི་འགྱུར་ཁུགས། 
སྙན་མོ་གླུ་ཡི་འགྱུར་ཁུགས་ཀྱི་ལེ་ཚན་ནང་དུ་སློབ་རའི་སློབ་མ་སུ་དང་གང་གིས་སྙན་ཞིང་འཇེབས་པའི་དམངས་གླུ་དང་རྡུང་ལེན།  གླུ་དབྱངས། ཁ་ཤགས་ལ་སོགས་པ་ཐད་གཏོང་བྱེད་པ།
ལྔ་བ། ལྗགས་རྩོམ་རོལ་མྱོང་།
ལྗགས་རྩོམ་རོལ་མྱོང་གི་ལེ་ཚན་ནང་དུ་སློབ་གྲྭའི་དགེ་སློབ་གང་རུང་གིས་དུས་དེབ་དང་ཚགས་པར་ཐོག་བཀོད་ཟིན་པའི་བརྩམས་ཆོས་གང་རུང་ངམ་ཡང་ན་མ་བཀོད་པའི་བརྩམས་ཆོས་གང་རུང་ངོ་སྤྲོད་དང་བརྒྱུད་གྱེར་འདོན་བྱེད་པ།
དྲུག་པ། ཤེས་བྱའི་སྐར་ཁུང་།
ཤེས་བྱའི་སྐར་ཁུང་ཞེས་པའི་ལེ་ཚན་ནང་དུ་གཏམ་དཔེ་དང་གནའ་གཏམ། གབ་ཚིག བསླབ་ཚན་ཤེས་བྱ།  ཐ་སྙད་གསར་འགྲེལ།  ཡིག་སྒྱུར་ཤེས་བྱ་སོགས་བཀོད་སྒྲིག་བྱས་ཡོད། །
བདུན་པ། བརྩེ་སེམས་འཕྲིན་གྱི་ཁ་བ།
 བརྩེ་སེམས་འཕྲིན་གྱི་ཁ་བ་ཞེས་པའི་ལེ་ཚན་ནང་དུ་སློབ་གྲོགས་ཕན་ཚུན་བར་དང་ཡང་ན་རང་གི་ཤ་ཉེ་འབྲེལ་གང་རུང་ལ་བཀའ་དྲིན་ཞུ་བའམ་ལྷད་མེད་བརྩེ་སེམས་མཚོན་ཆེད་གླུ་གཞས་གང་རུང་གི་དྲིན་གཟོའི་ཚུལ་དུ་ལེགས་སྐྱེས་འབུལ་བ། གཞན་ད་དུང་དགེ་སློབ་ཕན་ཚུན་བར་བསམ་འཆར་བརྗེ་རེས་ཀྱི་ཚུལ་དུ་འཕྲིན་ཡིག་བྲིས་ཏེ་བརྒྱུད་གཏོང་བྱེད་པ་སོགས་བཀོད་སྒྲིག་བྱས་ཡོད།
སློབ་རའི་གསར་འགོད་ཚོགས་པས་ཀྱང་གཟའ་འཁོར་གཅིག་གི་ནང་རེབ་ཐེངས་གཉིས་ལ་བཅར་འདྲི་བྱེད་པའི་དུས་ཚོད་གཏན་འཁེལ་བྱས་རྗེས་རྫོང་རིམ་པའི་དོན་དག་གལ་ཆེན་གྱི་སྐོར་བཅར་འདྲི་སྒྲིག་བཟོ་དང་ལྷག་པར་དུ་སློབ་རའི་དུས་རྒྱུན་གྱི་འཚོ་བའི་ཁྲོད་གནད་དོན་ཅན་དང་གླེང་རིན་ཡོད་པའི་དོན་དག་སྣ་ཚོགས་བརྗོད་བྱར་བཟུང་ནས་གཟབ་ནན་དང་དམིིགས་ཚད་ཡོད་པའི་སྒོ་ནས་སྒྲུབ་རྒྱུ་ཡིན་པ་རེད། 
ལས་དོན་འདིས་སློབ་རའི་རིག་གནས་འཛུགས་སྐྲུན་ཐད་ལ་ནུས་པ་ཆེན་པོ་ཐོན་པ་དང་སློབ་མའི་སློབ་སྦྱོང་གི་འཚོ་བར་སྔ་ན་མེད་པའི་གསོན་ཤུགས་བསྩལ་བ་མ་ཟད། སློབ་རའི་ མ་འོངས་པའི་འཚོ་བའི་ཐད་ལ་ཕུན་སུམ་ཚོགས་པའི་མཁའ་དབུགས་གསར་བ་ཞིག་བསྐྲུན་པ་རེད།
     འབྱུང་འགྱུར་འོད་སྟོང་ལྡན་པའི་གྲུབ་འབྲས་ཤིག་ཐོབ་འདོད་ན་ད་ལྟའི་དཀའ་སྤྱད་ཀྱི་སྡུག་རུས་ཤིན་ཏུ་མཁོ།  
     སློབ་མའི་འཚོ་བ་དངོས་ལ་ཟབ་ཞུགས་མཛད་དེ་བཅའ་སྡོད་སློབ་མའི་མྱོང་ཚོར་དངོས་བསྡུ་ལེན་བྱེད་བཞིན་པ།
     གཅིག་མཐུན་གྱི་དམིགས་ཡུལ་ཡོད་ན་མིག་མདུན་དུ་མངོན་པ་ནི་གཟི་འོད་འཚེར་བའི་རྒྱལ་ཁ་ལགས།
      དཀའ་ཚེགས་ཀྱི་ལོ་ཟླའི་ཁྲོད་ནས་གཡུར་ཟའི་འབྲས་བཟང་རྙེད།
      བྱིས་པ་ནི་མ་འོངས་པའི་བདག་པོ་དང་རྒྱུད་འཛིན་པ་ཡིན་པས། དགེ་རྒན་དམ་པའི་ལྷད་མེད་ཀྱི་སྣེ་སྟོན་དང་འཁྲུལ་མེད་ཀྱི་མཛུབ་སྟོན་ནམ་ཡང་མེད་མི་རུང་།ཐོག་མའི་གོམ་ཁ་ནི་འཕེལ་རྒྱས་ཤིག་གི་སྔ་ལྟོས་ཡིན།
      ནར་སོན་པའི་གོ་རིམ་གྱི་ཁྲོད་ནས་ང་ཚོར་དཀའ་ཁག་གང་མང་ཞིག་གི་གེགས་རྒྱ་བཟོ་ན་ཡང་ཧུར་བརྩོན་དང་འབད་ཐག་གི་གོ་ཆ་ནམ་ཡང་ལུས་སུ་བསྒོས་ཡོད།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྲི་ཀ་རྫོང་མི་རིགས་སློབ་འབྲིང་གི་སློབ་རའི་རྒྱང་བསྒྲགས་ཁང་དངོས་སུ་བཙུགས་པ།

2011-03-25 སྟག་རིག་འབྲུག་ཐར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།