འཇུ་སྐལ་བཟང་སོགས་ལ་མཚོ་སྔོན་ཞིང་ཆེན་གྱི་གཞུང་ཕྱོགས་ཀྱི་རྩོམ་རིག་བྱ་དགའ་མཐོ་ཤོས་ཐོབ་པ།

    ཟླ་༡༡པའི་ཚེས་༡༨ཉིན་ཆེས་ཐོག་མའི་མཚོ་སྔོན་རྩོམ་རིག་བྱ་དགའ་དང་སྐབས་ལྔ་བའི་མཚོ་སྔོན་ན་གཞོན་རྩོམ་རིག་བྱ་དགའ་སྤྲོད་པའི་ཚོགས་འདུ་ཟི་ལིང་ནས་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་སྐྱིད་བདེ་རྨ་རྒྱལ་དང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་པའོ་དབྱི་ཀྲི་ཚོགས་འདུར་ཞུགས་ཏེ་བྱ་དགའ་སྤྲད།

     འཇུ་སྐལ་བཟང་། ༼གཡས་ཀྱི་དང་པོ༽
    བྱ་དགའ་སྤྲོད་པའི་ཚོགས་འདུའི་སྟེང་སྐྱིད་བདེ་རྨ་རྒྱལ་གྱིས་བྱ་དགའ་ཐོབ་པའི་རྩོམ་པ་པོ་རྒན་དར་གཞོན་གསུམ་ལ་བཀྲ་ཤིས་རྟེན་འབྲེལ་ཞུས་པ་དང་མཉམ་དུ། མཚོ་སྔོན་ཞིང་ཆེན་གྱི་རྩོམ་པ་པོ་རྣམས་ཀྱིས་རང་ས་ལ་རྐང་ཚུགས་པ་བྱས་ཏེ་རིག་གནས་རང་རྟོགས་དང་ཡིད་སྟོན་འཕེར་བའི་འཕེལ་རྒྱས་ཀྱི་ཁྲོད་དུ་མི་དམངས་བརྗོད་སྙིང་ཡིན་པའི་གསར་རྩོམ་གྱི་རྒྱུན་དེས་དུས་རབས་དང་སྤྱི་ཚོགས་ལ་མ་བརྣག་པའི་བརྩམས་ཆོས་བགྲངས་ལས་འདས་པ་ཞིག་བརྩམ་སྟེ་མཚོ་སྔོན་གྱི་རྩོམ་རིག་གྲ་རྒྱས་སུ་གཏང་དགོས་ཤིང་། མཚོ་སྔོན་རྩོམ་རིག་གིས་ཀྲུང་གོའི་དེང་རབས་རྩོམ་རིག་གི་ས་མིག་ཁྲོད་གོ་གནས་གལ་ཆེན་ཞིག་འཛིན་ཐུབ་པར་འབད་འབུངས་སྒོས་འབྱོར་ཕྱུག་དང་དཔལ་ཡོན་ལྡན་པའི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་སེམས་ཤུགས་འབུལ་དགོས་པའི་བླང་བྱ་བཏོན། 
མཚོ་སྔོན་རྩོམ་རིག་བྱ་དགའ་ནི་མཚོ་སྔོན་ཞིང་ཆེན་གྱི་རྩོམ་རིག་གསར་རྩོམ་ཆེད་ལས་རང་བཞིན་གྱི་ཆེས་མཐོའི་བྱ་དགའ་ཡིན་པ་དང་། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་མཆོག་མཆན་གནང་བའི་ཞིང་ཆེན་རིམ་པའི་བྱ་དགའ་ཞིག་ཀྱང་ཡིན། ན་གཞོན་རྩོམ་རིག་བྱ་དགའ་དེ་རང་ཞིང་གི་སྨྱུག་གསར་རྩོམ་པ་པོ་དག་ལ་སྐུལ་ལྕག་དང་སྔོག་འདོན་གྱི་དགེ་བར་དམིགས་ནས་བཙུགས་པ་ཞིག་ཡིན་ལ། བྱ་དགའ་འདི་གཉིས་ཞིང་ཆེན་རྩོམ་པ་པོ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱེད་ཀྱིན་ཡོད།
 
   ཁྲི་སེམས་དཔའ།  ༼གཡོན་གྱི་གསུམ་པ༽
    ཆེས་ཐོག་མའི་མཚོ་སྔོན་རྩོམ་རིག་བྱ་དགའི་ཁྲོད་རྩོམ་པ་པོ་རྡོ་རྗེ་ཚེ་བརྟན་གྱིས་རྒྱ་ཡིག་གི་ལམ་ནས་བརྩམས་པའི་སྒྲུང་རིང་༼བྱང་ཆུབ་རྨི་ལམ༽ཞེས་པར་ཁྱད་འཕགས་ལག་རྗེས་བྱ་དགའ་སྤྲད་ཡོད་པ་དང་། འཇམས་དབྱངས་ཚེ་རིང་གིས་རྒྱ་ཡིག་གི་ལམ་ནས་བརྩམས་པའི་སྒྲུང་རིང་༼ཁམས་པའི་གོམས་སྲོལ༽དང་། ཚེ་བརྟན་གྱི་རྒྱ་ཡིག་གི་སྒྲུང་ཐུང་ཕྱོགས་བསྒྲིགས་དེབ་༼བྱང་ཆུབ༽ སྙན་ངག་པ་འཇུ་སྐལ་བཟང་གི་སྙན་དེབ་༼གངས་གྲོང་གི་རླུང་བུ༽སོགས་ལ་མཚོ་སྔོན་རྩོམ་རིག་བྱ་དགའ་འཐོབ་ཡོད་པ་དང་། ན་གཞོན་སྙན་ངག་པ་ཁྲི་སེམས་དཔའི་སྙན་དེབ་༼དིང་གླིང་ཁེར་འབུད༽ཅེས་པར་མཚོ་སྔོན་ན་གཞོན་རྩོམ་པ་པོའི་རྩོམ་རིག་བྱ་དགའ་འཐོབ་ཡོད་དོ། །

རྩོམ་ཁུངས། དགེ་ཆོས་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཇུ་སྐལ་བཟང་སོགས་ལ་མཚོ་སྔོན་ཞིང་ཆེན་གྱི་གཞུང་ཕྱོགས་ཀྱི་རྩོམ་རིག་བྱ་དགའ་མཐོ་ཤོས་ཐོབ་པ།

2011-11-25 མི་རྒོད། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།