དུས་དེབ༼ཅང་ཤེས་རྨིག་སྒྲ༽ཡི་རྩོམ་བརྡ།
༄༅།།བོད་ཀྱི་སྐད་ཡིག་ལ་ཤ་ཞེན་ཆེ་ཞིང་རྩོམ་རིག་ལ་དུང་བ་ཟབ་པའི་རྒྱལ་ཁབ་ཕྱི་ནང་གི་བོད་རིགས་སྙུག་འཛིན་པ་ཚོ་ལ་ཆེད་ཞུ། ངེད་ཅག་གི་ཅང་ཤེས་རྨིག་སྒྲ་དུས་དེབ་ནི་ད་སྔ་ཡན་འདོན་ཐེངས་བརྒྱད་བོད་ཀྱི་སྤྱི་ཚོགས་སུ་བཀྲམ་ཟིན་ལ། འོན་ཀྱང་། ཕྱི་ནང་གི་རྐྱེན་དུ་མའི་དབང་གིས་ལོ་གཅིག་ལ་དཔར་བསྐྲུན་བྱེད་མ་ཐུབ་པར་
ལྷག་པ་རེད། དེ་རིང་བསྐྱར་དུ་མི་རིགས་ཀྱི་བདེ་སྡུག་དང་སྐད་ཡིག་གི་རིན་ཐང་བསམ་སྟེ་སྔར་བཞིན་ལམ་ལ་ཆས་ཡོད་པས། བོད་ཕྱི་ནང་གི་རྩོམ་པ་པོ་དག་གིས་དེ་ལུགས་རྩོམ་ཡིག་གནང་རྒྱུ་མཁྱེན། གཤམ་གྱི་ཆ་རྐྱེན་དག་ལ་ཐུགས་སྣང་མཛོད། གཅིག ཚགས་པར་དང་དུས་དེབ་སྟེང་བཀོད་མ་ཟིན་པ་དགོས། གཉིས། རྩོམ་ཡིག་གང་བསྐུར་ནང་དུ་ཐེ་མི་སྲིད་པས་དེ་ལུགས་སྤུས་གཙང་རིགས་དགོས། གསུམ། ནང་ཆོས་ཐད་ཀྱི་དཔྱད་རྩོམ་མཁོ་ཡང་ལུང་ཕྱོགས་བསྒྲིགས་ལྟ་བུ་འགོད་རྒྱུ་མིན། བཞི། མི་གཅིག་གིས་རྩོམ་ཡིག་གཉིས་མི་སྐུར་རྒྱུ་དང་།དངོས་མིང་དགོས་ཀྱང་དེབ་ནང་དུ་པིར་མིང་འགོད་ཆོག ངེས་པར་མཁོ་བའི་རྩོམ་ཡིག་ཁག་ནི། སྒྲུང་ཐུང་དང་མཚར་གཏམ། དཔྱད་རྩོམ་དང་འབོལ་རྩོམ། རང་མོས་དང་སྲོལ་རྒྱུན་བཅད་རྩོམ་སྙན་ངག བསྒྱུར་རྩོམ་དང་བཅར་འདྲི། དུས་ཡུན་ཐུང་བས་དག་ཆའི་ཕྱོགས་ནས་བསམ་བློ་གཏོང་རྒྱུ་མཁྱེན།
ཡིག་གཟུགས། སྨོན་ལམ་བོད་ཡིག་དང་ཧི་གཟུགས་གང་རུང་།
ཟླ་ཚེས། ཕྱི་ལོ་ཉིས་སྟོང་བཅུ་གཅིག་པའི་ཕྱི་ཟླ་བཅུ་གཅིག་པའི་ཚེས་བདུན་བར་ཡིན།
ཅང་ཤེས་རྨིག་སྒྲ་རྩོམ་སྒྲིག་ཁང་གིས། ཡིག་ཟམ། changshemikda@ymail.com
ཡང་ན arikgethong@yahoo.in ཡང་ན་jamyang342@yahoo.in
རྩོམ་ཁུངས། ངེད་དྲ་བ།