ཀུ་ཤུ་ཀུང་ཟི་འཛུགས་པ་པོ་དང་དེ་སྔའི་དབུ་འཛིན་སི་ཐྲེ་བུ་ཇོབ་ཟི་ལགས་སྐུ་གཤེགས་པ།

  ཟླ་༡༠བའི་ཚེས་༦ཉིན། ཀུ་ཤུ་ཀུང་ཟིའི་གཞུང་ཕྱོགས་ཀྱི་དྲ་བར་བཀོད་པའི་གནས་ཚུལ་ལྟར་ན། དགུང་གྲངས་༥༦ཡིན་པའི་ཨ་རིའི་ཀུ་ཤུ་ཀུང་ཟིའི་དེ་སྔའི་དབུ་འཛིན་སི་ཐྲེ་བུ་ཇོབ་སི་ལགས་ནད་ཀྱིས་མནར་ཏེ་སྐུ་གཤེགས་འདུག གཤམ་དུ་བཀོད་པ་ནི་ཀུ་ཤུའི་དྲ་བས་ཁོང་ལ་མྱ་ངན་ཞུ་བའི་ཡི་གེ་ཆ་ཚང་ཡིན།
  དེ་རིང་། ངེད་ཅག་གིས་སྐྱོ་གདུང་ཆེན་པོས་སི་ཐྲེ་བུ་ཇོབ་སི་ལགས་སྐུ་གཤེགས་པ་ཀུན་ལ་བསྒྲགས་པ་ཡིན།
   ཁོང་ནི་ལྷན་སྐྱེས་ཀྱི་ཤེས་རབ་དང་། སྤྲོ་སྣང་། ཚེ་སྲོག་གི་སྟོབས་ཀྱིས་ཁྱབ་པའི་སྐྱེས་བུ་ཞིག་ཡིན་པས་བགྲང་མི་ཚར་བའི་གསར་གཏོད་ཀྱི་ལས་སྣ་ཚོགས་ཀྱི་ཁུངས་སུ་གྱུར་ཡོད་ལ། གསར་གཏོད་དེ་དག་གིས་མིའི་རིགས་ཀྱི་འཚོ་བར་འགྱུར་བ་ཐེབས་ཡོད་པར་མ་ཟད་ཕུན་སུམ་ཇེ་ཚོགས་སུའང་བཏང་ཡོད།
 ཁོང་གིས་གཞན་དྲིང་མི་འཇོག་པའི་བརྩེ་བ་རླབས་པོ་ཆེ་དེ་རང་གི་ཆུང་མ་ལོ་རན་དང་ཁྱིམ་མིར་བཞག་ཡོད་པ་དང་། བླ་ན་མེད་པའི་ཤེས་རབ་ཀྱི་སྟོབས་ཀྱིས་འཇིག་རྟེན་གྱི་སྐྱེ་བོ་མང་པོའི་ཡིད་སེམས་ཀུན་ནས་དྲངས་ཏེ་བག་ཆགས་ཟབ་མོ་བཞག་འདུག
  མིག་རྒྱང་རིང་ཞིང་གསར་གཏོད་ལ་མཁས་པའི་སྐྱེས་བུ་ཆེན་པོ་ཞིག་ཀུ་ཤུ་ཚང་ལ་ཁ་བྲལ་བ་དང་། གཞན་དྲིང་མི་འཇོག་པའི་སྐྱེས་བུ་ཞིག་ཀྱང་འཇིག་རྟེན་འདི་ནས་བདེ་བར་བཞུད་སོང་། ཁོང་ཉིད་ལ་འབྲེལ་འདྲིས་ཀྱི་སྐལ་བ་བྱུང་བའི་ངེད་ཅག་ཀྱང་་གཅེས་པའི་གྲོགས་པོ་ཞིག་དང་མི་སེམས་ལ་སྐུལ་མ་གཏོང་བའི་སློབ་དཔོན་ཞིག་ལ་འབྲལ་དགོས་བྱུང་སོང་། ཁོང་གིས་ཤུལ་ཏུ་བཞག་པ་ནི་ཁོང་ཁོ་ནས་གཉེར་བའི་ཀུང་ཟི་ཞིག་ཡིན་པ་དང་། ཁོང་གི་བསམ་བློ་དང་དགོངས་པ་ནི་ནམ་ཡང་ཀུ་ཤུ་ཚང་གི་གཞི་རྟེན་དུ་གྱུར་ཡོད།

  ཁོང་སྐུ་གཤེགས་པའི་གནས་ཚུལ་གང་སར་ཁྱབ་རྗེས། འཛམ་གླིང་གི་གྲུ་ག་སོ་སོ་ནས་ཁོང་ལ་མྱ་ངན་ཞུ་བའི་གཏམ་དང་སྤྱོད་པ་ཟམ་མི་ཆད་པར་བྱུང་བ་སྟེ། ཕྲ་མཉེན་ཀུང་ཟིའི་དེ་སྔའི་དབུ་འཛིན་པེལ་གེ་ཚི་དང་། ཨ་རིའི་སྲིད་འཛིན་ཨོ་བྷ་མ། གོའུ་གོལ་ཀུང་ཟི་སོགས་ཀྱིས་རྣམ་པ་མི་འདྲ་བར་བརྟེན་ནས་ཁོང་ལ་མྱ་ངན་ཞུ་བཞིན་འདུག དེ་མིན་ཁོང་སྐུ་གཤེགས་པ་དེ་དེ་རིང་གི་འཛམ་གླིང་ཡོངས་ཀྱི་གསར་ལམ་ཁག་གི་གསར་འགྱུར་འགངས་ཆེན་དེར་གྱུར་ཡོད་པ་དང་། ཀུ་ཤུའི་རྩོད་ཟླའི་ཀུང་ཟི་དག་གི་ཚོང་ལས་ཀྱི་ཤེར་གྲངས་ཀྱང་ཚད་མི་འདྲ་བའི་ངང་ཡར་འཕགས་འདུག
  ཁོང་གིས་ཀུ་ཤུའི་ཐོན་རྫས་སྣ་ཚོགས་གསར་གཏོད་བྱས་པའི་མཛད་འཕྲིན་དེར་འཛམ་གླིང་གི་སྐྱེ་བོ་མང་པོས་་ཨེ་ཏི་སོན་གྱིས་གློག་ཏོག་གསར་གཏོད་བྱས་པ་དང་། ཨེན་སི་ཐན་གྱིས་ལྟོས་བཅས་སྨྲ་བའི་གཞུང་གསར་གཏོད་བྱ་བ་དང་མཉམ་པའི་གདེང་འཇོག་མཛད་ཀྱིན་འདུག་ལ་ཁོང་གིས་བཙུགས་ཤིང་རྒྱ་བསྐྱེད་པའི་ཀུ་ཤུ་ཀུང་ཟི་ནི་འཛམ་གླིང་སྟེང་གི་རིན་ཐང་ཆེ་ཤོས་ཀྱི་ཀུང་ཟིར་གྱུར་ཡོད།

 གཞན་དུ་ཀློག་པ། བོད་ཡིག་ཀུ་ཤུ་རྟགས་ཅན་གྱི་ཁ་པརiphoneསོགས་ནས་བེད་སྤྱོད་ཐུབ་པར་གྱུར་བ།
                                  
iPhoneགྱི་སྐོར་ནས་བོད་མི་ཚོར་བྲིས་པ།༼ཤེས་བྱ༽
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀུ་ཤུ་ཀུང་ཟི་འཛུགས་པ་པོ་དང་དེ་སྔའི་དབུ་འཛིན་སི་ཐྲེ་བུ་ཇོབ་ཟི་ལགས་སྐུ་གཤེགས་པ།

2011-10-06 ངེད་དྲ་བ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།