ཁུངས་མེད་པར་བསྙོན་འདིང་བའི་སྐྱུག་བྲོ་བའི་བྱ་སྤྱོད་ཅིག་བྱུང་བ།

དྲ་བའི་གསར་འགོད་པ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-09-27


    བོད་ཀྱི་རིག་གནས་པའི་སྡེ་ནས་ཁུངས་མེད་བསྙོན་འདིང་བའི་སྐྱུག་བྲོ་བའི་བྱ་སྤྱོད་ཅིག་བྱུང་བ།
  ཉེ་ལམ།   ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་མ་འགའ་དང་བོད་ཀྱི་ན་གཞོན་རྩོམ་པ་པོ་སྐྱབས་ཆེན་བདེ་གྲོལ་གྱིས་དགེ་ཆོས་དང་དོན་གྲུབ་རྒྱལ་ལས་འཕྲོས་ཏེ་ཕན་ཚུན་ལྟ་བ་བརྗེ་རེས་བྱེད་ཀྱིན་པའི་སྐབས་སུ། དགུ་རོང་སྤུན་གྲོལ་ཞུ་བས་རང་གྲོལ་སྨྱུག་གསར་དྲ་བ་ཞེས་པར་སྐྱབས་ཆེན་བདེ་གྲོལ་གྱི་རིགས་རྒྱུད་ནི་སོག་པོ་རེད་ཅེས་ཁུངས་མེད་བསྙོན་འདིང་བྱས་པར་མ་ཟད། སྐྱབས་ཆེན་བདེ་གྲོལ་གྱི་མི་གཞིར་དམའ་འབེབས་བྱས་པར།    སྐྱབས་ཆེན་བདེ་གྲོལ་གྱིས་རང་གི་ཝེ་པོ་འཕྲིན་ཐུང་དུ་༼རང་ཉིད་ནི་བོད་རིགས་གཙང་མའི་གདུང་རྒྱུད་ཡིན་པ་ལ། དགུ་རོང་སྤུན་གྲོལ་གྱིས་དེ་ལྟར་གཞི་མེད་པར་བསྙོན་བཙུགས་པ་དེས་ཁོ་མ་ཟད་ཁོའི་ཁྱིམ་རྒྱུད་དང་རུ་སྡེའི་མཚན་སྙན་ལ་གནོད་པ་བཟོས་འདུག་པར༽གླེང་ནས་ཡོད་པ་རེད།
  དེ་ལ་༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་ཁྲིམས་ཀྱི་ཀུན་སྲོལ༽ཞེས་པའི་དོན་ཚན་༡༠༡པར།“སྤྱི་དམངས་ལ་རང་གི་མཚན་སྙན་སྲུང་བའི་ཁེ་དབང་ཡོད་ཅིང་། སྤྱི་དམངས་ཀྱི་མི་གཞི་དང་ལ་རྒྱར་ཁྲིམས་ཀྱི་འགན་སྲུང་ཡོད། དེ་བས་བརྙས་སྨོད་དང་སྐུར་འདེབས་སོགས་ལ་བརྟེན་ནས་སྤྱི་དམངས་ཀྱི་མཚན་སྙན་ལ་གནོད་པ་གཏོང་མི་ཆོག”ཅེས་བཀོད་ཡོད་པས་ན་དེ་ནི་ཁྲིམས་འགལ་གྱི་དོན་ཞིག་ཀྱང་རེད་འདུག་ལ།  ད་ལྟའི་བོད་ཀྱི་སྨྱུག་ཐོགས་པ་སྤྱི་ལ་ལྡན་ངེས་ཀྱི་ཁྲིམས་མེད་ལུགས་མེད་ཀྱི་བྱ་སྤྱོད་ཅིག་ཀྱང་ཡིན་པ་རེད།  །


 

རྩོམ་ཁུངས། དགེ་ཆོས་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁུངས་མེད་པར་བསྙོན་འདིང་བའི་སྐྱུག་བྲོ་བའི་བྱ་སྤྱོད་ཅིག་བྱུང་བ།

2011-09-27 དྲ་བའི་གསར་འགོད་པ། ཀློག་གྲངས། མཆན ཡོད།


    བོད་ཀྱི་རིག་གནས་པའི་སྡེ་ནས་ཁུངས་མེད་བསྙོན་འདིང་བའི་སྐྱུག་བྲོ་བའི་བྱ་སྤྱོད་ཅིག་བྱུང་བ།
  ཉེ་ལམ།   ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་མ་འགའ་དང་བོད་ཀྱི་ན་གཞོན་རྩོམ་པ་པོ་སྐྱབས་ཆེན་བདེ་གྲོལ་གྱིས་དགེ་ཆོས་དང་དོན་གྲུབ་རྒྱལ་ལས་འཕྲོས་ཏེ་ཕན་ཚུན་ལྟ་བ་བརྗེ་རེས་བྱེད་ཀྱིན་པའི་སྐབས་སུ། དགུ་རོང་སྤུན་གྲོལ་ཞུ་བས་རང་གྲོལ་སྨྱུག་གསར་དྲ་བ་ཞེས་པར་སྐྱབས་ཆེན་བདེ་གྲོལ་གྱི་རིགས་རྒྱུད་ནི་སོག་པོ་རེད་ཅེས་ཁུངས་མེད་བསྙོན་འདིང་བྱས་པར་མ་ཟད། སྐྱབས་ཆེན་བདེ་གྲོལ་གྱི་མི་གཞིར་དམའ་འབེབས་བྱས་པར།    སྐྱབས་ཆེན་བདེ་གྲོལ་གྱིས་རང་གི་ཝེ་པོ་འཕྲིན་ཐུང་དུ་༼རང་ཉིད་ནི་བོད་རིགས་གཙང་མའི་གདུང་རྒྱུད་ཡིན་པ་ལ། དགུ་རོང་སྤུན་གྲོལ་གྱིས་དེ་ལྟར་གཞི་མེད་པར་བསྙོན་བཙུགས་པ་དེས་ཁོ་མ་ཟད་ཁོའི་ཁྱིམ་རྒྱུད་དང་རུ་སྡེའི་མཚན་སྙན་ལ་གནོད་པ་བཟོས་འདུག་པར༽གླེང་ནས་ཡོད་པ་རེད།
  དེ་ལ་༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་ཁྲིམས་ཀྱི་ཀུན་སྲོལ༽ཞེས་པའི་དོན་ཚན་༡༠༡པར།“སྤྱི་དམངས་ལ་རང་གི་མཚན་སྙན་སྲུང་བའི་ཁེ་དབང་ཡོད་ཅིང་། སྤྱི་དམངས་ཀྱི་མི་གཞི་དང་ལ་རྒྱར་ཁྲིམས་ཀྱི་འགན་སྲུང་ཡོད། དེ་བས་བརྙས་སྨོད་དང་སྐུར་འདེབས་སོགས་ལ་བརྟེན་ནས་སྤྱི་དམངས་ཀྱི་མཚན་སྙན་ལ་གནོད་པ་གཏོང་མི་ཆོག”ཅེས་བཀོད་ཡོད་པས་ན་དེ་ནི་ཁྲིམས་འགལ་གྱི་དོན་ཞིག་ཀྱང་རེད་འདུག་ལ།  ད་ལྟའི་བོད་ཀྱི་སྨྱུག་ཐོགས་པ་སྤྱི་ལ་ལྡན་ངེས་ཀྱི་ཁྲིམས་མེད་ལུགས་མེད་ཀྱི་བྱ་སྤྱོད་ཅིག་ཀྱང་ཡིན་པ་རེད།  །


 

རྩོམ་ཁུངས། དགེ་ཆོས་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།