གླུ་མ་དབྱངས་ཅན་ལྷ་མཛེས་ཀྱི་ཆེད་སྒྲིག་བརྙན་འཁོར་གསུམ་པ་བཟོས་ཟིན་པ།

  བོད་ཀྱི་གླུ་མ་གྲགས་ཅན་དབྱངས་ཅན་ལྷ་མཛེས་ཀྱི་ཆེད་སྒྲིག་གཞས་ཚོགས《སྐྱིད་པའི་གླུ་གཞས》ཞེས་པ་ཕབ་སྐྲུན་བྱས་ཚར་པ་རེད། དབྱངས་ཅན་ལྷ་མཛེས་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་སྐྱེ་རྒུ་གྲོང་རྡལ་ནས་སྐྱེས་པ་དང་། ད་ལྟ་རྒྱལ་ནང་དུ་ཀུན་གྱིས་དགའ་བསུ་ཆེན་པོ་ཐོབ་བཞིན་པའི་བོད་ཀྱི་གླུ་མ་གྲགས་ཅན་ཞིག་རེད།
 རྒྱུས་ལོན་པ་ལྟར་ན། ཆེད་སྒྲིག་གཞས་ཚོགས་འདིའིMTVཡི་ཕབ་སྐྲུན་བརྒྱུད་རིམ་ནི་ཧ་ཅང་ཚགས་དམ་ཞིང་། རྒྱལ་ནང་གི་པར་བཟོ་ཚན་ཆུང་ལེགས་ཤོས་ཆེད་དུ་གདན་འདྲེན་ཞུས་ནས་བོད་ཁམས་ཀྱི་མཛེས་ལྗོངས་སོ་སོ་ནས་པར་བརྒྱབ་ཡོད་པ་མ་ཟད། པར་རིས་མཚོན་སྟངས་དང་བཟོ་ཐབས་སོགས་ཀྱི་ཆུ་ཚད་ཀྱང་ཇེ་མཐོར་བཏང་ནས་རྒྱལ་ནང་དུ་དར་ཁྱབ་ཆེ་བའི་གླུ་གཞསMTVཡི་སྤུས་ཚད་དང་མཉམ་པར་བྱས་འདུག
 
      གླུ་གཞས་ཀྱི་ཐད་ནས་དབྱངས་ཅན་ལྷ་མཛེས་ཀྱིས་བཤད་རྒྱུར། ཁྱབ་སྒྲོག་གི་གོམ་པ་དང་པོ་ནི་ཆེད་སྒྲིག་གཞས་ཚོགས་འགྲེམ་སྤེལ་མ་བྱས་གོང་དྲ་རྒྱ་དང་བརྙན་འཕྲིན་སྨྱན་བྱད་སྟེང་ཆེད་སྒྲིག་གཞས་ཚོགས་གསར་བ་ཕབ་སྐྲུན་བྱེད་པའི་བརྒྱུད་རིམ་ཁྲོད་སྤྲོ་སྣང་ཅན་གྱི་ཚན་པ་ཐོར་བུ་འགའ་འཇོག་རྒྱུ་དེ་ཡིན་ལ། སྔོན་དུ་ཚོད་ཉན་བྱེད་པ་དེ་རྒྱལ་ནང་གི་ཅུང་གྲགས་ཆེ་བའི་གླུ་དབྱངས་དྲ་ཚིགས་འགར་མ་གཏོགས་དབང་བཅོལ་རྒྱུ་མིན་པ་དང་། མིག་སྔར་སྐབས་བབ་ཀྱི་འགན་ཁུར་ནིMTVཡི་དུས་མཇུག་གི་ལས་ཀ་ལེགས་པོར་བསྒྲུབ་རྒྱུ་དེ་ཡིན། 《སྐྱིད་པའི་གླུ་གཞས》ཀྱི་བྱ་བ་ཡོངས་ལེགས་འགྲུབ་བྱུང་རྗེས་རྒྱལ་ནང་གི་གླུ་བ་གླུ་མ་རྣམས་ཀྱི་ཁྱབ་སྒྲོག་བྱེད་ཐབས་ལྟར་ཁྱབ་སྒྲོག་རྒྱ་ཆེན་པོ་བྱེད་རྒྱུ་ཡིན་ཞེས་བཤད་ཡོད་པ་རེད།
 

རྩོམ་ཁུངས། ཏཱ་ནི་ཅོལ་ཆུང་གི་ཟིན་བྲིས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གླུ་མ་དབྱངས་ཅན་ལྷ་མཛེས་ཀྱི་ཆེད་སྒྲིག་བརྙན་འཁོར་གསུམ་པ་བཟོས་ཟིན་པ།

2011-09-08 ཏཱ་ནི་ཅོལ་ཆུང་། ཀློག་གྲངས། མཆན ཡོད།

  བོད་ཀྱི་གླུ་མ་གྲགས་ཅན་དབྱངས་ཅན་ལྷ་མཛེས་ཀྱི་ཆེད་སྒྲིག་གཞས་ཚོགས《སྐྱིད་པའི་གླུ་གཞས》ཞེས་པ་ཕབ་སྐྲུན་བྱས་ཚར་པ་རེད། དབྱངས་ཅན་ལྷ་མཛེས་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་སྐྱེ་རྒུ་གྲོང་རྡལ་ནས་སྐྱེས་པ་དང་། ད་ལྟ་རྒྱལ་ནང་དུ་ཀུན་གྱིས་དགའ་བསུ་ཆེན་པོ་ཐོབ་བཞིན་པའི་བོད་ཀྱི་གླུ་མ་གྲགས་ཅན་ཞིག་རེད།
 རྒྱུས་ལོན་པ་ལྟར་ན། ཆེད་སྒྲིག་གཞས་ཚོགས་འདིའིMTVཡི་ཕབ་སྐྲུན་བརྒྱུད་རིམ་ནི་ཧ་ཅང་ཚགས་དམ་ཞིང་། རྒྱལ་ནང་གི་པར་བཟོ་ཚན་ཆུང་ལེགས་ཤོས་ཆེད་དུ་གདན་འདྲེན་ཞུས་ནས་བོད་ཁམས་ཀྱི་མཛེས་ལྗོངས་སོ་སོ་ནས་པར་བརྒྱབ་ཡོད་པ་མ་ཟད། པར་རིས་མཚོན་སྟངས་དང་བཟོ་ཐབས་སོགས་ཀྱི་ཆུ་ཚད་ཀྱང་ཇེ་མཐོར་བཏང་ནས་རྒྱལ་ནང་དུ་དར་ཁྱབ་ཆེ་བའི་གླུ་གཞསMTVཡི་སྤུས་ཚད་དང་མཉམ་པར་བྱས་འདུག
 
      གླུ་གཞས་ཀྱི་ཐད་ནས་དབྱངས་ཅན་ལྷ་མཛེས་ཀྱིས་བཤད་རྒྱུར། ཁྱབ་སྒྲོག་གི་གོམ་པ་དང་པོ་ནི་ཆེད་སྒྲིག་གཞས་ཚོགས་འགྲེམ་སྤེལ་མ་བྱས་གོང་དྲ་རྒྱ་དང་བརྙན་འཕྲིན་སྨྱན་བྱད་སྟེང་ཆེད་སྒྲིག་གཞས་ཚོགས་གསར་བ་ཕབ་སྐྲུན་བྱེད་པའི་བརྒྱུད་རིམ་ཁྲོད་སྤྲོ་སྣང་ཅན་གྱི་ཚན་པ་ཐོར་བུ་འགའ་འཇོག་རྒྱུ་དེ་ཡིན་ལ། སྔོན་དུ་ཚོད་ཉན་བྱེད་པ་དེ་རྒྱལ་ནང་གི་ཅུང་གྲགས་ཆེ་བའི་གླུ་དབྱངས་དྲ་ཚིགས་འགར་མ་གཏོགས་དབང་བཅོལ་རྒྱུ་མིན་པ་དང་། མིག་སྔར་སྐབས་བབ་ཀྱི་འགན་ཁུར་ནིMTVཡི་དུས་མཇུག་གི་ལས་ཀ་ལེགས་པོར་བསྒྲུབ་རྒྱུ་དེ་ཡིན། 《སྐྱིད་པའི་གླུ་གཞས》ཀྱི་བྱ་བ་ཡོངས་ལེགས་འགྲུབ་བྱུང་རྗེས་རྒྱལ་ནང་གི་གླུ་བ་གླུ་མ་རྣམས་ཀྱི་ཁྱབ་སྒྲོག་བྱེད་ཐབས་ལྟར་ཁྱབ་སྒྲོག་རྒྱ་ཆེན་པོ་བྱེད་རྒྱུ་ཡིན་ཞེས་བཤད་ཡོད་པ་རེད།
 

རྩོམ་ཁུངས། ཏཱ་ནི་ཅོལ་ཆུང་གི་ཟིན་བྲིས།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།