སྐུ་འབུམ་དགོན་པའི༼ཉི་འོད༽ལོ་དེབ་ཀྱི་རྩོམ་བསྡུའི་བརྡ་ཐོ།

༼ཉི་འོད༽རྩོམ་སྒྲིག་ཁང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-07-20

༧བོད་མིའི་བདེ་སྡུག་ལ་དོ་ཁུར་བླ་མེད་མཛད་བཞིན་པའི་རྒྱ་ཆེ་བའི་སྨྱུག་ཐོགས་པ་རྣམ་པར་ཆེད་ཞུ།
  གངས་ལྗོངས་མདོ་སྨད་རྗེ་སྐུ་འབུམ་ལྔ་རིག་ལོ་དེབ《ཉི་འོད》ནི་གྲྭ་རྐྱང་གཉིས་ཀྱིས་གཙོ་སྐྱོང་བྱེད་བཞིན་པའི་སྒེར་གཉེར་རྩོམ་རིག་ལོ་དེབ་ཅིག་ཡིན་ལ།འདིས་རང་མི་རིགས་ཀྱི་འོད་སྟོང་འབར་བའི་རིག་གནས་འདི་ཉམས་པ་སོར་ཆུད་དང་གནས་པ་གོང་འཕེལ་གྱི་ཐད་ལ་ཞབས་འདེགས་རེ་ཞུ་ཆེད།༢༠༠༡ལོ་ནས་བཟུང་ལོ་རེར་དེབ་རེ་དཔར་བསྐྲུན་བྱས་པ་ནས་བཟུང་གཞིས་བྱེས་བོད་མི་རྩོམ་པ་པོ་སྐོར་ཞིག་གིས་བླ་མེད་རྒྱབ་སྐྱོར་ལ་བརྟེན་ནས་རྒྱ་ཆེ་བའི་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་ཕུལ་ཟིན་པ་ལྟར།༢༠༡༠ལོར་སྣ་མང་བྱ་བའི་བྲེལ་འཚུབ་ཁྲོད་ནས་རྗེ་སྐུ་འབུམ《ཉི་འོད》ལོ་དེབ་དཔར་བསྐྲུན་བྱ་མ་ཐུབ་པར་དགོངས་དག་ཞུ་བ་དང་ཆབས་ཅིག ༢༠༡༡ལོར་ངེད་གཉིས་ཀྱིས་རྗེ་སྐུ་འབུམ《ཉི་འོད》ལོ་དེབ་དཔར་བསྐྲུན་བྱ་རྒྱུའི་གྲྭ་སྒྲིག་བྱེད་བཞིན་ཡོད་པས་རྒྱ་ཆེ་བའི་རྩོམ་པ་པོ་དག་གིས་རྗེ་སྐུ་འབུམ《ཉི་འོད》རྩོམ་སྒྲིག་ཁང་ལ་རྩོམ་ཡིག་ལེགས་པོ་རེ་མྱུར་མོར་བསྐུར་གནང་ཡོད་པར་ཞུ།
རྩོམ་བསྡུའི་ཁྱབ་ཁོངས་ནི།  ༡ རྗེས་དྲན་ངག་གི་མཆོད་པའི་ལེ་ཚན་ནང་དུ་ལོ་རེར་ཀུན་གཟིགས་པན་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་རྗེས་དྲན་རྩོམ་ཡིག་ལྔ་རེ་དགོད་རྒྱུ་དང་། ༢ སྒྲུང་གཏམ་འཚོ་བའི་འཇུག་ངོགས་ཀྱི་ལེ་ཚན་ནང་དུ་དེང་སྐབས་བོད་མིའི་དཀའ་སྡུག་གི་འཚོ་བ་དངོས་མཚོན་པའི་སྒྲུང་གཏམ་གཅིག ༣ སྙན་རྩོམ་ལྷ་ཡི་རོལ་མོའི་ལེ་ཚན་ནང་དུ་སྔོན་བཞིན་རྩོམ་ཡིག་ལྔ་དྲུག་ཙམ། ༤ ཀ་རྩོམ་རིན་ཆེན་ཕྲེང་བའི་ལེ་ཚན་ནང་དུའང་རྩོམ་ཡིག་གསུམ་ཙམ། ༥ གསར་རྩོམ་གར་གྱི་སྟངས་སྟབས་ཀྱི་ལེ་ཚན་ནང་དུའང་རྩོམ་ཡིག་ལྔ་དྲུག་ཙམ། ༦ ལྷུག་རྩོམ་པད་དཀར་ཆུན་པོའི་ལེ་ཚན་ནང་དུའང་རྩོམ་ཡིག་གསུམ་ནས་ལྔ་ཙམ། ༧ སྨན་རྩིས་ཞི་བདེའི་གླེང་སྟེགས་ཀྱི་ལེ་ཚན་ནང་དུའང་རྩོམ་ཡིག་གཅིག་རེ་དགོད་རྒྱུ། ༨ དཔྱད་རྩོམ་མུན་སེལ་སྒྲོན་མེའི་ལེ་ཚན་ནང་དུའང་ཆེས་ལེགས་པའི་རྩོམ་ཡིག་ལྔ་ནས་བཅུའི་བར་དགོད་རྒྱུ་ཡིན།
  རྩོམ་པ་པོ་དག་གིས་རྩོམ་ཡིག་བསྐུར་བའི་ཁ་ཕྱོགས་ནི།  སྤྱི་ཚོགས་ཀྱི་འཚོ་བ་དངོས་མཚོན་པའི་རྩོམ་ཡིག་དང་ལྷག་པར་དུ་ད་ལྟའི་བོད་མིའི་འཚོ་བ་དངོས་ཡིན་པའི་རྩོམ་ཡིག་རེ་བསྐུར་རྒྱུ།རྟོགས་བརྗོད་ལྟ་བུའི་རྩོམ་ཡིག་རིང་ཤོས་སྐུ་འབུམ《ཉི་འོད》ལོ་དེབ་སྟེང་དུ་མི་འགོད་དོ།།  གསལ་བཤད་བྱ་རྒྱུ་ཞིག་ལ།རྩོམ་པ་པོ་རྣམས་ཀྱིས་རྩོམ་ཡིག་བསྐུར་སྐབས་སྦྲག་ཁང་བརྒྱུད་ནས་བསྐུར་ན་རྩོམ་ཡིག་བོར་བརླག་འབྱུང་རྒྱུ་སོགས་ཅུང་མང་བས་ཡིག་ཟམ་བརྒྱུད་ནས་བསྐུར་རོགས།ཡིག་གཟུགས་ཧི་མ་ལ་ཡ་དང་པཎྚི་ཏ་གཉིས་གང་རུང་ཡིན་ཆོག   དྲ་ཚིགས་རྩོམ་པ་པོ་དག་གིས་རྩོམ་ཡིག་མཁོ་སྤྲོད་དང་དྲ་གནས་གཞན་དུའང་བརྒྱུད་སྤྲོད་བྱ་རོགས།
གློག་རྡུལ་ཡིག་ཟམ་ནི།E-mail.ldzx18@126.com/
འབྲེལ་གཏུགས་བྱ་ཡུལ།
ཞོ་བཟང་དགེ་འདུན་ཚུལ་ཁྲིམས། ༡༣༨༩༧༣༥༥༢༩༩ཡང་ན། ༡༣༣༠༩༧༠༦༨༨༩
དགོན་གསར་སྨོན་ལམ་རྒྱ་མཚོ།   འབྲེལ་གཏུགས་ཁ་པར། ༡༥༨༩༧༡༩༨༠༨༨  
 ཞོར་དུ་ཞུ་རྒྱུ་ཞིག་ལ་ལོ་གཉིས་རེའི་ནང་དུ་སྐུ་འབུམ《ཉི་འོད》རྩོམ་སྒྲིག་ཁང་གིས་རྩོམ་པ་པོ་དྲུག་ལ་བྱ་དགའ་སྟེར་བཞིན་ཡོད་པས་ཀློག་པ་པོ་དག་གིས༢༠༠༨ལོ་དང༢༠༠༩ལོའི་སྐུ་འབུམ《ཉི་འོད》ལོ་དེབ་སྟེང་གི་རང་ཉིད་དགའ་མོས་ཡོད་པའི་རྩོམ་ཡིག་དྲུག་བདམས་ནས་བསྐུར་དང་ང་ཚོས་བྱ་དགའ་འབུལ་རྒྱུ་ཡིན།
                          ཞེས་གངས་ལྗོངས་མདོ་སྨད་རྗེ་སྐུ་འབུམ《ཉི་འོད》རྩོམ་སྒྲིག་ཁང་གིས་བོད་རྒྱལ་ལོ༢༡༣༨་ལོའི་ཟླ༥པའི་ཚེས༡༥ཉིན་ཕུལ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྐུ་འབུམ་དགོན་པའི༼ཉི་འོད༽ལོ་དེབ་ཀྱི་རྩོམ་བསྡུའི་བརྡ་ཐོ།

2011-07-20 ༼ཉི་འོད༽རྩོམ་སྒྲིག་ཁང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།