《དབུས་ལམ་གྱི་ཉི་མ》སྐབས14པའི་རྡུའུ་ཝེལ་གློག་བརྙན་དུས་སྟོན་དུ་ཚུད་པ།

གཡུ་ཆུང་དང་ཁྱུང་ཁྱུང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-02-22

 
 སྐབས14པའི་རྡུའུ་ཝེལ་གློག་བརྙན་དུས་སྟོན་དུ་འཛམ་གླིང་གི་ཡུལ་གྲུ་མི་འདྲ་བའི་གློག་བརྙན་བཅུ་ཚུད་ཡོད་ཅིང་། དེ་རུ་ཀྲུང་གོའི་གློག་བརྙན་གཉིས་ཚུད་པ་ལས་གཅིག་ནི་འཁྲབ་ཁྲིད་པ་ཟོན་ཐར་རྒྱལ་གྱི་གློག་བརྙན་རྩོམ་ཕུད«དབུས་ལམ་གྱི་ཉི་མ»ཡིན་འདུག་ལ།  དེས་མི་ཚད།  དེ་ཉིད་དུས་སྟོན་ཞལ་ཕྱེའི་གློག་བརྙན་དུ་གཏན་འཁེལ་ཅིང་།  རྡུའུ་ཝེལ་ཨེ་ཤེ་ཡའི་གློག་བརྙན་དུས་སྟོན་དེ་ཕྱི་ཟླ3པའི་ཚེས7ནས11བར་ཧྥ་རན་སིའི་གྲོང་རྡལ་རྡུའུ་ཝེལ་ནས་བསྡུ་རྒྱུ་རེད།



ཧྥ་རན་སིའི་རྡུའུ་ཝེལ་གློག་བརྙན་དུས་སྟོན།(Festival Du Film Asiatqiur De Deauville )ནི་ཡོ་རོབ་ནས་སྤེལ་བཞིན་པའི་ཨེ་ཤེ་ཡའི་གློག་བརྙན་དུས་སྟོན་ཆེས་ཆེ་བ་དེ་ཡིན་ལ། བྱ་དགའི་མིང་གཞན་ཏུ“གསེར་གྱི་པདྨ”འང་ཟེར། དེ་ནི་ཨེ་ཤེ་ཡའི་གློག་བརྙན་ལ་དགའ་མོས་ཆེ་བའི་སྨན་པAlan Badelལགས་ནས་སྤྱི་ལོ1999ལོར་སྤེལ་བ་ཞིག་ཡིན་ཅིང་། ཡོ་རོབ་ཏུ་ཨེ་ཤེ་ཡའི་གློག་བརྙན་འགྲེམ་སྟོན་དང་ཁྱབ་བསྒྲགས་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་ཡིན་ཏེ། ལོ་རེའི་སྤྱི་ཟླ3པར་ཧྥ་རན་སིའི་གྲོང་རྡལ་རྡུའུ་ཝེལ་ནས་སྤེལ་གྱིན་ཡོད་པས་མིང་ཡང་དེ་ལྟར་ཆགས་ཤིང་ད་རག་བར་ཏུ་སྐབས13ལ་སྤེལ་ཡོད།  སྤྱིར་བཏང་དུ་རྡུའུ་ཝེལ་གྲོང་ནི་མི་སྟོང་ཕྲག་ལྔའང་མི་ལོངས་པའི་གྲོང་རྡལ་ཆུང་བ་ཞིག་ཡིན་ནའང་། དེར་ཡོད་པའི་རྒྱས་ཤོམས་ཆེ་བའི་རྒྱན་སྐུགས་ཁང་དང་མགྲོན་བྲང་། མཛེས་སྡུག་ལྡན་པའི་མཚོ་འགྲམ་ནི་འཛམ་གླིང་ལ་སྐད་གྲགས་ཆེ། དེ་བཞིན་དེ་རུ007ཚན་སྐོར་གྱི་སྐད་གྲགས་ཆེ་བའི་གློག་བརྙན་གྱི་བརྙན་ལེན་སའང་ཡིན།
  དེར་ཡོད་པའི་བྱ་དགའི་རྣམ་གྲངས་ལ། 
གསེར་གྱི་པདྨའི་བྱ་དགའ་དང་། 
དཔྱད་འདེམས་ཚོགས་པའི་བྱ་དགའ། 
འཁྲབ་སྟོན་མ་དང་འཁྲབ་སྟོན་པ་རྩེ་གྲ།  
རྡི་ཨན་ནཱ་དང་ལུའུ་སེན་པཱ་ལེའི་ཐེབས་རྩའི་བྱ་དགའ། 
རྒྱལ་སྤྱིའི་དཔྱད་འདེམས་པའི་བྱ་དགའ། 
གཟིགས་མོ་བའི་བྱ་དགའ། 
ཨེ་ཤེ་ཡའི་རྩལ་སྟོན་བྱ་དགའ་བཅས་ཡོད། 

   སྐབས13པའི་གློག་བརྙན་དུས་སྟོན་སྟེང་བྱ་དགའ་ཐོབ་པའི་གློག་བརྙན་ནི་གཤམ་དུ་བཀོད་པ་དག་རེད།  (2011ལོ)
གསེར་གྱི་པདྨའི་བྱ་དགའ«རྟག་བརྟན»ཐེ་ལན་ཌི།
དཔྱད་འདེམས་ཚོགས་པའི་བྱ་དགའ། «ཧེ་ཐན་གྲོང་གི་མཛེས་ཉམས»ཉི་ཧོང་།     
«མུ་སན་གྱི་ཉིན་ཐོ»   ཁོ་རེ་ཡ། 
རྒྱལ་སྤྱིའི་དཔྱད་འདེམས་པའི་བྱ་དགའ།
«འཁྱག་ཉ»ཉི་ཧོང་།
ཨེ་ཤེ་ཡའི་རྩལ་སྟོན་བྱ་དགའ།  «སུའུ་ཆི་ཨར» ཀྲུང་གོ

རྩོམ་ཁུངས། བོད་བརྙན་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

《དབུས་ལམ་གྱི་ཉི་མ》སྐབས14པའི་རྡུའུ་ཝེལ་གློག་བརྙན་དུས་སྟོན་དུ་ཚུད་པ།

2012-02-22 གཡུ་ཆུང་དང་ཁྱུང་ཁྱུང་། ཀློག་གྲངས། མཆན ཡོད།

 
 སྐབས14པའི་རྡུའུ་ཝེལ་གློག་བརྙན་དུས་སྟོན་དུ་འཛམ་གླིང་གི་ཡུལ་གྲུ་མི་འདྲ་བའི་གློག་བརྙན་བཅུ་ཚུད་ཡོད་ཅིང་། དེ་རུ་ཀྲུང་གོའི་གློག་བརྙན་གཉིས་ཚུད་པ་ལས་གཅིག་ནི་འཁྲབ་ཁྲིད་པ་ཟོན་ཐར་རྒྱལ་གྱི་གློག་བརྙན་རྩོམ་ཕུད«དབུས་ལམ་གྱི་ཉི་མ»ཡིན་འདུག་ལ།  དེས་མི་ཚད།  དེ་ཉིད་དུས་སྟོན་ཞལ་ཕྱེའི་གློག་བརྙན་དུ་གཏན་འཁེལ་ཅིང་།  རྡུའུ་ཝེལ་ཨེ་ཤེ་ཡའི་གློག་བརྙན་དུས་སྟོན་དེ་ཕྱི་ཟླ3པའི་ཚེས7ནས11བར་ཧྥ་རན་སིའི་གྲོང་རྡལ་རྡུའུ་ཝེལ་ནས་བསྡུ་རྒྱུ་རེད།



ཧྥ་རན་སིའི་རྡུའུ་ཝེལ་གློག་བརྙན་དུས་སྟོན།(Festival Du Film Asiatqiur De Deauville )ནི་ཡོ་རོབ་ནས་སྤེལ་བཞིན་པའི་ཨེ་ཤེ་ཡའི་གློག་བརྙན་དུས་སྟོན་ཆེས་ཆེ་བ་དེ་ཡིན་ལ། བྱ་དགའི་མིང་གཞན་ཏུ“གསེར་གྱི་པདྨ”འང་ཟེར། དེ་ནི་ཨེ་ཤེ་ཡའི་གློག་བརྙན་ལ་དགའ་མོས་ཆེ་བའི་སྨན་པAlan Badelལགས་ནས་སྤྱི་ལོ1999ལོར་སྤེལ་བ་ཞིག་ཡིན་ཅིང་། ཡོ་རོབ་ཏུ་ཨེ་ཤེ་ཡའི་གློག་བརྙན་འགྲེམ་སྟོན་དང་ཁྱབ་བསྒྲགས་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་ཡིན་ཏེ། ལོ་རེའི་སྤྱི་ཟླ3པར་ཧྥ་རན་སིའི་གྲོང་རྡལ་རྡུའུ་ཝེལ་ནས་སྤེལ་གྱིན་ཡོད་པས་མིང་ཡང་དེ་ལྟར་ཆགས་ཤིང་ད་རག་བར་ཏུ་སྐབས13ལ་སྤེལ་ཡོད།  སྤྱིར་བཏང་དུ་རྡུའུ་ཝེལ་གྲོང་ནི་མི་སྟོང་ཕྲག་ལྔའང་མི་ལོངས་པའི་གྲོང་རྡལ་ཆུང་བ་ཞིག་ཡིན་ནའང་། དེར་ཡོད་པའི་རྒྱས་ཤོམས་ཆེ་བའི་རྒྱན་སྐུགས་ཁང་དང་མགྲོན་བྲང་། མཛེས་སྡུག་ལྡན་པའི་མཚོ་འགྲམ་ནི་འཛམ་གླིང་ལ་སྐད་གྲགས་ཆེ། དེ་བཞིན་དེ་རུ007ཚན་སྐོར་གྱི་སྐད་གྲགས་ཆེ་བའི་གློག་བརྙན་གྱི་བརྙན་ལེན་སའང་ཡིན།
  དེར་ཡོད་པའི་བྱ་དགའི་རྣམ་གྲངས་ལ། 
གསེར་གྱི་པདྨའི་བྱ་དགའ་དང་། 
དཔྱད་འདེམས་ཚོགས་པའི་བྱ་དགའ། 
འཁྲབ་སྟོན་མ་དང་འཁྲབ་སྟོན་པ་རྩེ་གྲ།  
རྡི་ཨན་ནཱ་དང་ལུའུ་སེན་པཱ་ལེའི་ཐེབས་རྩའི་བྱ་དགའ། 
རྒྱལ་སྤྱིའི་དཔྱད་འདེམས་པའི་བྱ་དགའ། 
གཟིགས་མོ་བའི་བྱ་དགའ། 
ཨེ་ཤེ་ཡའི་རྩལ་སྟོན་བྱ་དགའ་བཅས་ཡོད། 

   སྐབས13པའི་གློག་བརྙན་དུས་སྟོན་སྟེང་བྱ་དགའ་ཐོབ་པའི་གློག་བརྙན་ནི་གཤམ་དུ་བཀོད་པ་དག་རེད།  (2011ལོ)
གསེར་གྱི་པདྨའི་བྱ་དགའ«རྟག་བརྟན»ཐེ་ལན་ཌི།
དཔྱད་འདེམས་ཚོགས་པའི་བྱ་དགའ། «ཧེ་ཐན་གྲོང་གི་མཛེས་ཉམས»ཉི་ཧོང་།     
«མུ་སན་གྱི་ཉིན་ཐོ»   ཁོ་རེ་ཡ། 
རྒྱལ་སྤྱིའི་དཔྱད་འདེམས་པའི་བྱ་དགའ།
«འཁྱག་ཉ»ཉི་ཧོང་།
ཨེ་ཤེ་ཡའི་རྩལ་སྟོན་བྱ་དགའ།  «སུའུ་ཆི་ཨར» ཀྲུང་གོ

རྩོམ་ཁུངས། བོད་བརྙན་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།