༼སློབ་ཆུང་སློབ་མའི་བོད་སྐད་ཡིག་གི་སྤྱིའི་བསྐྱར་སྦྱོང་ལྷན་ཐབས༽ེཞེས་པའི་དེབ་ཅིག་པར་ཏུ་བསྐྲུན་པ།

  
 ཡིག་ཚད་ཀྱི་དོན་དུ་འདུར་རྒྱུག་རྒོད་པའི་རང་རེའི་ཁོར་ཡུག་འདི་ལྟ་བུ་ལ་མཚོན་ན། རྨང་གཞིའི་སློབ་གསོ་དམན་པར་འཛིན་ཞིང་སློབ་ཆུང་དགེ་རྒན་སླ་བར་ལྟ་བའི་འདུ་ཤེས་ཤིག་ཆགས་ཡོད། དེ་ནི་འུ་ཅག་གི་སྔ་མའི་མཐོ་དམའི་ལམ་ལུགས་ཀྱི་སློབ་གསོའི་བག་ཆགས་འདོར་མ་ཐུབ་པ་དང་དེང་གི་འབྱུང་སྤུས་སློབ་གསོའི་ལྟ་བ་དང་ལེན་མ་ཐུབ་པས་ཆད་རྟགས་ཤིག་ཏུ་ངོས་འཛིན་ཆོག་གི་རེད་ལ། ང་ཚོ་སྟེ་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་རྣམས་སད་པར་བསྒྲགས་སྟེ་སྔུར་བ་ཐེན་ཀིན་པས་ཀྱང་ཡིན་རྒྱུ་རེད། དེ་འདྲའི་ངོས་ཟིན་ཐོབ་པར་བྱས་ཏེ་ད་ནས་བཟུང་འུ་ཚོ་དགེ་རྒན་ཐམས་ཅད་ཀྱིས་ཕྱི་སྔོག་ནང་སྤྲུགས་བྱས་ཤིང་རང་སྐྱོན་རང་བརྗོད་མཛད་དེ། འགྲོ་མིའི་འབྱུང་འགྱུར་གྱི་བདག་པོ་རྣམས་ལ་དཀར་འདོན་བྱེད་དགོས་ཤིང་རང་ཉིད་ཀྱི་ལྷག་བསམ་དང་འཇོན་ཐང་གི་བར་ཐག་སྙོམས་སྒྲིག་བྱེད་དགོས་པའི་ཚད་དུ་སླེབས་འདུག་པ་ཤེས་དགོས།
 དགེ་རྒན་གྱིས་འཁྲིད་པ་ལས་སློབ་མས་སློབ་པ་གཙོ་ལ། སྐར་མཐོའི་དཔར་མ་མང་བ་ལས་རྨང་གཞིའི་རྩིག་གདན་སྲ་བའི་སློབ་མ་མཁོ་བའི་དུས་རབས་ཉེར་གཅིག་པའི་རྦ་ཀློང་དུ། སློབ་ཁྲིད་སྒེར་གཅོད་ཅན་དང་ཁྲིད་ཐབས་ཆིག་རྐྱང་ཅན་གྱི་དགེ་རྒན་ང་ལྟ་བུ་དག་གནས་ས་ཡེ་ནས་མེད་ཕྱིར། རང་ཉིད་ཀྱིས་རང་ཉིད་ལ་སྙིང་ཕུར་བརྡབ་ཅིང་རང་སྦྱོང་གི་ནུས་པ་མཐོར་འདེགས་ཀྱི་ཆེད་དམ། བྱིས་པའི་ཞིང་ས་གཤིན་པོར་རྨང་གཞིའི་ས་བོན་གདབ་དགོས་པའི་དོན་དུའམ། འུ་ཅག་གི་མདུན་དུ་ལྷགས་པའི་བྱིས་པ་ཁྲི་སྟོང་མང་པོ་ནི་མི་རིགས་ཀྱི་མ་འོངས་པ་དང་། དེ་དག་གི་དོན་དུ་ཤ་ཐང་ཐང་གིས་འབད་པ་བྱ་རྒྱུ་ནི་དགེ་རྒན་ཐུན་མོང་གི་གཡོལ་མེད་ཀྱི་ལས་དོན་ཞིག་ཡིན་པར་དམིགས་ཏེ་ད་ཐེངས་ཆེད་དུ་དཔེ་ཆ་འདི་འདྲ་ཞིག་བསྒྲིགས་ཤིང་བཀྲམ་པ་ཡིན།
       དཔེ་ཆའི་ཁ་བྱང་།《སློབ་ཆུང་སློབ་མའི་བོད་སྐད་ཡིག་གི་སྤྱིའི་བསྐྱར་སྦྱོང་ལྷན་ཐབས།》
       འབྲེལ་གཏུགས་བྱེད་ཡུལ།  དགེ་ཆོས།  15196208801

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

༼སློབ་ཆུང་སློབ་མའི་བོད་སྐད་ཡིག་གི་སྤྱིའི་བསྐྱར་སྦྱོང་ལྷན་ཐབས༽ེཞེས་པའི་དེབ་ཅིག་པར་ཏུ་བསྐྲུན་པ།

2012-02-14 དགེ་ཆོས། ཀློག་གྲངས། མཆན ཡོད།

  
 ཡིག་ཚད་ཀྱི་དོན་དུ་འདུར་རྒྱུག་རྒོད་པའི་རང་རེའི་ཁོར་ཡུག་འདི་ལྟ་བུ་ལ་མཚོན་ན། རྨང་གཞིའི་སློབ་གསོ་དམན་པར་འཛིན་ཞིང་སློབ་ཆུང་དགེ་རྒན་སླ་བར་ལྟ་བའི་འདུ་ཤེས་ཤིག་ཆགས་ཡོད། དེ་ནི་འུ་ཅག་གི་སྔ་མའི་མཐོ་དམའི་ལམ་ལུགས་ཀྱི་སློབ་གསོའི་བག་ཆགས་འདོར་མ་ཐུབ་པ་དང་དེང་གི་འབྱུང་སྤུས་སློབ་གསོའི་ལྟ་བ་དང་ལེན་མ་ཐུབ་པས་ཆད་རྟགས་ཤིག་ཏུ་ངོས་འཛིན་ཆོག་གི་རེད་ལ། ང་ཚོ་སྟེ་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་རྣམས་སད་པར་བསྒྲགས་སྟེ་སྔུར་བ་ཐེན་ཀིན་པས་ཀྱང་ཡིན་རྒྱུ་རེད། དེ་འདྲའི་ངོས་ཟིན་ཐོབ་པར་བྱས་ཏེ་ད་ནས་བཟུང་འུ་ཚོ་དགེ་རྒན་ཐམས་ཅད་ཀྱིས་ཕྱི་སྔོག་ནང་སྤྲུགས་བྱས་ཤིང་རང་སྐྱོན་རང་བརྗོད་མཛད་དེ། འགྲོ་མིའི་འབྱུང་འགྱུར་གྱི་བདག་པོ་རྣམས་ལ་དཀར་འདོན་བྱེད་དགོས་ཤིང་རང་ཉིད་ཀྱི་ལྷག་བསམ་དང་འཇོན་ཐང་གི་བར་ཐག་སྙོམས་སྒྲིག་བྱེད་དགོས་པའི་ཚད་དུ་སླེབས་འདུག་པ་ཤེས་དགོས།
 དགེ་རྒན་གྱིས་འཁྲིད་པ་ལས་སློབ་མས་སློབ་པ་གཙོ་ལ། སྐར་མཐོའི་དཔར་མ་མང་བ་ལས་རྨང་གཞིའི་རྩིག་གདན་སྲ་བའི་སློབ་མ་མཁོ་བའི་དུས་རབས་ཉེར་གཅིག་པའི་རྦ་ཀློང་དུ། སློབ་ཁྲིད་སྒེར་གཅོད་ཅན་དང་ཁྲིད་ཐབས་ཆིག་རྐྱང་ཅན་གྱི་དགེ་རྒན་ང་ལྟ་བུ་དག་གནས་ས་ཡེ་ནས་མེད་ཕྱིར། རང་ཉིད་ཀྱིས་རང་ཉིད་ལ་སྙིང་ཕུར་བརྡབ་ཅིང་རང་སྦྱོང་གི་ནུས་པ་མཐོར་འདེགས་ཀྱི་ཆེད་དམ། བྱིས་པའི་ཞིང་ས་གཤིན་པོར་རྨང་གཞིའི་ས་བོན་གདབ་དགོས་པའི་དོན་དུའམ། འུ་ཅག་གི་མདུན་དུ་ལྷགས་པའི་བྱིས་པ་ཁྲི་སྟོང་མང་པོ་ནི་མི་རིགས་ཀྱི་མ་འོངས་པ་དང་། དེ་དག་གི་དོན་དུ་ཤ་ཐང་ཐང་གིས་འབད་པ་བྱ་རྒྱུ་ནི་དགེ་རྒན་ཐུན་མོང་གི་གཡོལ་མེད་ཀྱི་ལས་དོན་ཞིག་ཡིན་པར་དམིགས་ཏེ་ད་ཐེངས་ཆེད་དུ་དཔེ་ཆ་འདི་འདྲ་ཞིག་བསྒྲིགས་ཤིང་བཀྲམ་པ་ཡིན།
       དཔེ་ཆའི་ཁ་བྱང་།《སློབ་ཆུང་སློབ་མའི་བོད་སྐད་ཡིག་གི་སྤྱིའི་བསྐྱར་སྦྱོང་ལྷན་ཐབས།》
       འབྲེལ་གཏུགས་བྱེད་ཡུལ།  དགེ་ཆོས།  15196208801

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།