ཨ་རིའི་གཞས་མ་སྐད་གྲགས་ཅན་ཝེད་ནི་ཧུ་ཟི་ཐོན་སྐུ་གཤེགས་པ།

གསར་འགོད་པ་ཡེ་ཤེས་པདྨ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-02-12

 
 ཨ་རིའི་མཉམ་འབྲེལ་གསར་འཕྲིན་ཁང་གིས་ཕྱི་ཟླ་༢པའི་ཚེས་༡༢ཉིན་བསྒྲགས་པའི་གསར་འགྱུར་ལྟར་ན། ཨ་རིའི༼དར་སོ་ཆེ་བའི་གླུ་གཞས་ཀྱི་རྒྱལ་མོ༽རུ་འབོད་པའི་གཞས་མ་སྐད་གྲགས་ཅན་ཝེད་ནི་ཧུ་ཟི་ཐོན(Whitney Houston)ལགས་ཨ་རིའི་ནུབ་ཕྱོགས་ཀྱི་དུས་ཚོད་ལྟར་བརྩིས་པའི་ཕྱི་ཟླ་༢པའི་ཚེས་༡༡ཉིན་གྱི་ཆུ་ཚོད་༡༣དང་སྐར་མ་༤༥ཡི་སྟེང་དུ་ཧེལ་ཏོན་ཞེས་པའི་གསོལ་མགྲོན་ཁང་ཆེན་མོ་ཞིག་ནས་སྐུ་གཤེགས་པ་དང་དགུང་གྲངས་༤༨ལས་ཡོལ་མི་འདུག
  མོ་ནི་སྙན་པའི་གྲགས་པའི་མེ་ཁོལ་རྗག་སེན་དང་མཉམ་པའི་གཞས་མ་ཞིག་ཡིན་ལ། གཙང་ཆུ་རགས་ལས་ཤོར་འདྲའི་ལྷན་སྐྱེས་ཀྱི་སྐད་གདངས་བརྗིད་པོས་ཉན་མཁན་ཁྲི་སྟོང་མང་པོའི་ཡིད་སེམས་རྨང་ནས་བཀུགས་པས་འཛམ་གླིང་ཡོངས་ལ་སྐད་གྲགས་ཆོད་ཡོད། མོའི་ཚབ་མཚོན་གྱི་གཞས་༼བདག་སེམས་ནམ་ཡང་ཁྱོད་ལ་ཕྱོགས་ངེས༽ཞེས་པ་དེ་ཀུན་གྱི་ངག་ལ་བྱང་ཞིང་བློ་ན་ཡོད་པ་ཞིག་ཏུ་གྱུར་ཡོད། གྷེ་ནེ་ཟེའི་འཛམ་གླིང་ཟིན་ཐོའི་གཞུང་ཕྱོགས་ཀྱིས་བསྡོམས་རྩིས་བྱས་པ་ལྟར་ན། མོར་བྱ་དགའ་ཆེན་པོ་༤༡༥ཐོབ་ཟིན་པས་མོ་ནི་ས་སྒང་རིལ་མོའི་འདི་རུ་ད་ལྟའི་བར་དུ་བྱ་དགའ་ཆེས་མང་པོ་རག་སའི་གཞས་མ་དེ་ཡིན་འདུག དེ་བཞིན་མོ་ནི་གླུ་གཞས་ཀྱི་འོད་སྡེར་ཆེས་བྲིན་པའི་གླུ་མའི་གྲས་སུ་ཚུད་དེ་ད་ལྟའི་བར་མོའི་གླུ་གཞས་ཀྱི་འོད་སྡེར་དུང་ཕྱུར་གཉིས་ལ་ཉེ་བ་བཙོངས་ཟིན།
 
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཨ་རིའི་གཞས་མ་སྐད་གྲགས་ཅན་ཝེད་ནི་ཧུ་ཟི་ཐོན་སྐུ་གཤེགས་པ།

2012-02-12 གསར་འགོད་པ་ཡེ་ཤེས་པདྨ། ཀློག་གྲངས། མཆན ཡོད།

 
 ཨ་རིའི་མཉམ་འབྲེལ་གསར་འཕྲིན་ཁང་གིས་ཕྱི་ཟླ་༢པའི་ཚེས་༡༢ཉིན་བསྒྲགས་པའི་གསར་འགྱུར་ལྟར་ན། ཨ་རིའི༼དར་སོ་ཆེ་བའི་གླུ་གཞས་ཀྱི་རྒྱལ་མོ༽རུ་འབོད་པའི་གཞས་མ་སྐད་གྲགས་ཅན་ཝེད་ནི་ཧུ་ཟི་ཐོན(Whitney Houston)ལགས་ཨ་རིའི་ནུབ་ཕྱོགས་ཀྱི་དུས་ཚོད་ལྟར་བརྩིས་པའི་ཕྱི་ཟླ་༢པའི་ཚེས་༡༡ཉིན་གྱི་ཆུ་ཚོད་༡༣དང་སྐར་མ་༤༥ཡི་སྟེང་དུ་ཧེལ་ཏོན་ཞེས་པའི་གསོལ་མགྲོན་ཁང་ཆེན་མོ་ཞིག་ནས་སྐུ་གཤེགས་པ་དང་དགུང་གྲངས་༤༨ལས་ཡོལ་མི་འདུག
  མོ་ནི་སྙན་པའི་གྲགས་པའི་མེ་ཁོལ་རྗག་སེན་དང་མཉམ་པའི་གཞས་མ་ཞིག་ཡིན་ལ། གཙང་ཆུ་རགས་ལས་ཤོར་འདྲའི་ལྷན་སྐྱེས་ཀྱི་སྐད་གདངས་བརྗིད་པོས་ཉན་མཁན་ཁྲི་སྟོང་མང་པོའི་ཡིད་སེམས་རྨང་ནས་བཀུགས་པས་འཛམ་གླིང་ཡོངས་ལ་སྐད་གྲགས་ཆོད་ཡོད། མོའི་ཚབ་མཚོན་གྱི་གཞས་༼བདག་སེམས་ནམ་ཡང་ཁྱོད་ལ་ཕྱོགས་ངེས༽ཞེས་པ་དེ་ཀུན་གྱི་ངག་ལ་བྱང་ཞིང་བློ་ན་ཡོད་པ་ཞིག་ཏུ་གྱུར་ཡོད། གྷེ་ནེ་ཟེའི་འཛམ་གླིང་ཟིན་ཐོའི་གཞུང་ཕྱོགས་ཀྱིས་བསྡོམས་རྩིས་བྱས་པ་ལྟར་ན། མོར་བྱ་དགའ་ཆེན་པོ་༤༡༥ཐོབ་ཟིན་པས་མོ་ནི་ས་སྒང་རིལ་མོའི་འདི་རུ་ད་ལྟའི་བར་དུ་བྱ་དགའ་ཆེས་མང་པོ་རག་སའི་གཞས་མ་དེ་ཡིན་འདུག དེ་བཞིན་མོ་ནི་གླུ་གཞས་ཀྱི་འོད་སྡེར་ཆེས་བྲིན་པའི་གླུ་མའི་གྲས་སུ་ཚུད་དེ་ད་ལྟའི་བར་མོའི་གླུ་གཞས་ཀྱི་འོད་སྡེར་དུང་ཕྱུར་གཉིས་ལ་ཉེ་བ་བཙོངས་ཟིན།
 
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།