སི་ཐྲེ་ཧྥོན་ཧོ་ཁེན་གྱིས་མ་འོངས་པའི་ལོ་ངོ་སྟོང་གི་ནང་དུ་སའི་གོ་ལ་འཇིག་ངེས་པར་གསུང་བ།

 
 ཕྱི་ཟླའི་ཚེས་༨གྱི་ཉིན། ཚན་རིག་སྨྲ་བའི་དབང་བོ་སི་ཐྲེ་ཧྥེན་ཧོ་ཁེན(Stephen Howking)ལགས་འཇིག་རྟེན་མི་ཡུལ་དུ་བྱོན་ནས་བགྲང་བྱ་བདུན་ཅུ་ལོན་པའི་འཁྲུངས་སྐར་གྱི་དུས་སྟོན་དེ་ཁོང་ཉིད་ཀྱིས་ཕྱག་ལས་གནང་སའི་ཨིན་ཇིའི་ཁམ་ཟམ་གཙུག་ལག་སློབ་ཆེན་ནས་གཟབ་རྒྱས་ངང་བསྡུས་པ་རེད། ཐེངས་འདིར་སྐུ་ལུས་ཀྱི་བདེ་ཐང་གི་དབང་གིས་ཁོང་དུས་སྟོན་དེར་དངོས་སུ་ཞུགས་མ་ཐུབ་ཀྱང་ཁོང་གིས་དེར་ཕུལ་བའི་སྒྲ་ཞིག་གསར་ཏུ་བཏང་འདུག
  ཁོང་གིས་ཚན་རིག་གི་ལམ་ཀ་བསྙེག་དགོས་ཚེ་ཁྱད་མཚར་གྱི་འདུ་ཤེས་ལྡན་པ་དང་། མཐའ་འཁྱོངས་པར་བྱ་བའི་སྙིང་སྟོབས་དང་ལྡན་པ་ནི་གལ་ཆེ་ཤོས་རེད་ཅེས་དང་། མ་འོངས་པའི་ལོ་ངོ་སྟོང་གི་ནང་དུ། སའི་གོ་ལ་ནི་རང་བྱུང་གི་འཇིགས་པའམ། འཇིགས་པ་གཞན་དག་གི་རྐྱེན་པས་འཇིག་ངེས་པ་ཞིག་ཡིན་པ་དང་། མིའི་རིགས་ཀྱིས་ངེས་པར་དུ་ཉི་མའི་ཁྱིམ་རྒྱུད་ནང་གི་གོ་ལ་གཞན་ཞིག་ཏུ་གནས་སྤོ་བའི་སྦྱོར་བ་བཤམས་དགོས། ཡིན་ནའང་དེ་འདྲའི་འཇིགས་པ་ནི་མ་འོངས་པའི་ལོ་ངོ་བརྒྱའི་ནང་འབྱུང་མི་སྲིད་ཅེས་དང་།  སྤྱིར་ཆགས་འཇིག་དེ་འདྲ་མིའི་རིགས་ཀྱི་མགོར་ཡོང་བ་སྨོས་མ་དགོས་མོད་དེ་ལ་གཏན་ནས་བྱོལ་ཐབས་མེད་པ་ནི་མིན། ཁོ་བོ་ནི་སྐྱིད་སྣང་ཅན་ཞིག་ཡིན་པས་ཚན་རིག་གི་ལག་རྩལ་སྔར་ལས་གོང་དུ་འཕེལ་བར་བརྟེན་ནས་མིའི་རིགས་ཉི་མའི་ཁྱིམ་རྒྱུད་ལས་བརྒལ་ཏེ་འཇིག་རྟེན་གཞན་ཞིག་ཏུ་སྤོ་ཐུབ་པར་ཡིད་ཆེས་ཡོད་ཅེས་སོགས་གསུང་འདུག
   སི་ཐྲེ་ཧྥོན་ཧོ་ཁེན་ནི་རྒྱལ་ཁོངས་ཨིན་ཇི་ཡིན་པའི་དངོས་ལུགས་རིག་པ་ཞིག་ཡིན་པ་དང་། ཨེན་ཟི་ཐན་གྱི་རྗེས་སུ་བྱོན་པའི་དངོས་ལུགས་རིག་པའི་གཞུང་ལུགས་པ་རླབས་ཆེ་ཤོས་སུ་གྲགས། ཁོང་གི་ཞིབ་འཇུག་གི་ཡུལ་གཙོ་བོ་ནི་འཇིག་རྟེན་རིག་པ་དང་། ཕུག་པ་ནག་པོའི་གཞུང་ལུགས་ཡིན་པ་དང་། གསུང་རྩོམ་གྲགས་ཅན་ལ་༡༩༨༨ལོར་པར་ཏུ་བསྐྲུན་པའི༼དུས་ཀྱི་བྱུང་བ༽དང་། ༼སྟར་ལྤགས་ནང་གི་འཇིག་རྟེན༽སོགས་ཡོད་ཅིང་། ཁོང་གི་གསུང་རྩོམ་སྐད་རིགས་མང་པོར་བསྒྱུར་ཏེ་ཆེས་བྲིན་པའི་ཚན་རིག་གི་ཤེས་བྱའི་སྐོར་གྱི་དེབ་ཏུ་གྱུར་ཡོད།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སི་ཐྲེ་ཧྥོན་ཧོ་ཁེན་གྱིས་མ་འོངས་པའི་ལོ་ངོ་སྟོང་གི་ནང་དུ་སའི་གོ་ལ་འཇིག་ངེས་པར་གསུང་བ།

2012-01-18 སྐྱ་བོ། ཀློག་གྲངས། མཆན ཡོད།

 
 ཕྱི་ཟླའི་ཚེས་༨གྱི་ཉིན། ཚན་རིག་སྨྲ་བའི་དབང་བོ་སི་ཐྲེ་ཧྥེན་ཧོ་ཁེན(Stephen Howking)ལགས་འཇིག་རྟེན་མི་ཡུལ་དུ་བྱོན་ནས་བགྲང་བྱ་བདུན་ཅུ་ལོན་པའི་འཁྲུངས་སྐར་གྱི་དུས་སྟོན་དེ་ཁོང་ཉིད་ཀྱིས་ཕྱག་ལས་གནང་སའི་ཨིན་ཇིའི་ཁམ་ཟམ་གཙུག་ལག་སློབ་ཆེན་ནས་གཟབ་རྒྱས་ངང་བསྡུས་པ་རེད། ཐེངས་འདིར་སྐུ་ལུས་ཀྱི་བདེ་ཐང་གི་དབང་གིས་ཁོང་དུས་སྟོན་དེར་དངོས་སུ་ཞུགས་མ་ཐུབ་ཀྱང་ཁོང་གིས་དེར་ཕུལ་བའི་སྒྲ་ཞིག་གསར་ཏུ་བཏང་འདུག
  ཁོང་གིས་ཚན་རིག་གི་ལམ་ཀ་བསྙེག་དགོས་ཚེ་ཁྱད་མཚར་གྱི་འདུ་ཤེས་ལྡན་པ་དང་། མཐའ་འཁྱོངས་པར་བྱ་བའི་སྙིང་སྟོབས་དང་ལྡན་པ་ནི་གལ་ཆེ་ཤོས་རེད་ཅེས་དང་། མ་འོངས་པའི་ལོ་ངོ་སྟོང་གི་ནང་དུ། སའི་གོ་ལ་ནི་རང་བྱུང་གི་འཇིགས་པའམ། འཇིགས་པ་གཞན་དག་གི་རྐྱེན་པས་འཇིག་ངེས་པ་ཞིག་ཡིན་པ་དང་། མིའི་རིགས་ཀྱིས་ངེས་པར་དུ་ཉི་མའི་ཁྱིམ་རྒྱུད་ནང་གི་གོ་ལ་གཞན་ཞིག་ཏུ་གནས་སྤོ་བའི་སྦྱོར་བ་བཤམས་དགོས། ཡིན་ནའང་དེ་འདྲའི་འཇིགས་པ་ནི་མ་འོངས་པའི་ལོ་ངོ་བརྒྱའི་ནང་འབྱུང་མི་སྲིད་ཅེས་དང་།  སྤྱིར་ཆགས་འཇིག་དེ་འདྲ་མིའི་རིགས་ཀྱི་མགོར་ཡོང་བ་སྨོས་མ་དགོས་མོད་དེ་ལ་གཏན་ནས་བྱོལ་ཐབས་མེད་པ་ནི་མིན། ཁོ་བོ་ནི་སྐྱིད་སྣང་ཅན་ཞིག་ཡིན་པས་ཚན་རིག་གི་ལག་རྩལ་སྔར་ལས་གོང་དུ་འཕེལ་བར་བརྟེན་ནས་མིའི་རིགས་ཉི་མའི་ཁྱིམ་རྒྱུད་ལས་བརྒལ་ཏེ་འཇིག་རྟེན་གཞན་ཞིག་ཏུ་སྤོ་ཐུབ་པར་ཡིད་ཆེས་ཡོད་ཅེས་སོགས་གསུང་འདུག
   སི་ཐྲེ་ཧྥོན་ཧོ་ཁེན་ནི་རྒྱལ་ཁོངས་ཨིན་ཇི་ཡིན་པའི་དངོས་ལུགས་རིག་པ་ཞིག་ཡིན་པ་དང་། ཨེན་ཟི་ཐན་གྱི་རྗེས་སུ་བྱོན་པའི་དངོས་ལུགས་རིག་པའི་གཞུང་ལུགས་པ་རླབས་ཆེ་ཤོས་སུ་གྲགས། ཁོང་གི་ཞིབ་འཇུག་གི་ཡུལ་གཙོ་བོ་ནི་འཇིག་རྟེན་རིག་པ་དང་། ཕུག་པ་ནག་པོའི་གཞུང་ལུགས་ཡིན་པ་དང་། གསུང་རྩོམ་གྲགས་ཅན་ལ་༡༩༨༨ལོར་པར་ཏུ་བསྐྲུན་པའི༼དུས་ཀྱི་བྱུང་བ༽དང་། ༼སྟར་ལྤགས་ནང་གི་འཇིག་རྟེན༽སོགས་ཡོད་ཅིང་། ཁོང་གི་གསུང་རྩོམ་སྐད་རིགས་མང་པོར་བསྒྱུར་ཏེ་ཆེས་བྲིན་པའི་ཚན་རིག་གི་ཤེས་བྱའི་སྐོར་གྱི་དེབ་ཏུ་གྱུར་ཡོད།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།