རོང་བོ་གངས་དཀར་གྱི་སྙན་དེབ༼མདུད་པ༽ཞེས་པ་པར་དུ་བསྐྲུན་ཏེ་བཀྲམ་ཡོད་པ།

  དགུན་འཁྱག་བ་མོས་གཙེས་པའི་དུས་སྐབས་འདིར་སྙན་ངག་པ་རོང་བོ་གངས་དཀར་ལགས་ཀྱི་སྙན་དེབ༼མདུད་པ༽ཅེས་པ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་དངོས་སུ་པར་ཏུ་བསྐྲུན་ནས་ཐོན་ཡོད་ལ། སྙན་དེབ་འདི་རུ་སྙན་ངག་པ་ཁོང་གི་སྙན་ངག་བརྒྱ་ཕྲག་ལྷག་བཏུས་ནས་རྒྱ་ཆེའི་སྙན་ངག་ཀློག་པོ་རྣམས་ཀྱི་སྤྱན་སྔར་བཀྲམ་ཡོད།  སྙན་དེབ་འདིའི་འགོ་བརྗོད་དུ་བོད་ཀྱི་སྙན་ངག་པ་གྲགས་ཅན་སྐྱབས་ཆེན་བདེ་གྲོལ་ལགས་དང་རོང་བོ་དགེ་འདུན་ལྷུན་གྲུབ་གཉིས་ནས་ད་སྐབས་ཀྱི་སྙན་ངག་གི་ཚ་རླབས་འཕེལ་ཚུལ་དང་འབྲེལ་ནས་རོང་བོ་གངས་དཀར་ལགས་ཀྱི་སྙན་ངག་ལ་ལེགས་སོ་དང་གདེང་འཇོག་གང་ལེགས་ཕུལ་ཡོད་ལ།  འདི་ལྟ་བུའི་སྙན་དེབ་ཀྱི་འགོ་དྲངས་ནས་བོད་ཀྱི་སྙན་ངག་དང་དེ་འབྲེལ་གྱི་གསར་བུ་གཞོན་པ་ཚོས་མཛེས་སྡུག་གི་ལམ་ཁ་གསལ་བོ་ཞིག་རྙེད་ཐུབ་པའི་ཡིད་ཆེས་ཀྱང་མི་མི་ཉུང་བ་ཞིག་གིས་བཅངས་ཡོད་དོ།།
 
  བོད་ཀྱི་དེང་རབས་སྙན་ངག་དེ་རོང་བོ་གངས་དཀར་སོགས་ཀྱི་དུས་རབས་སུ་བསླེབ་ཚེ། སྔོན་མ་བཞིན་སྤྱི་བའི་སྒྲིག་ཡིག་ཅིག་གསེང་མཐོར་གྱེར་ཏེ་གང་ཞིག་ཆམ་ལ་ཕམ་རྩིས་ཀྱི་སྒྲ་དབྱངས་བརྗིད་པོ་དེ་ཆུ་ཡི་ཝུ་བ་བཞིན་ཡལ་སོང་ཞིང་དེའི་ཤུལ་དུ་སྙན་ངག་པ་རང་གི་སྡོད་ཤག་ལས་ལྡང་བའི་ཚིག་ཕྲེང་གི་དུ་བ་བན་བུན་དེ་སྙན་ངག་པའི་སེམས་ཁྲལ་དང་ཟུག་རྔུ། རྣམ་རྟོག་སོགས་ཀྱི་མཚོན་བྱེད་དུ་གྱུར་ཡོད་པ་རེད།
                                                                                                    སྐྱབས་ཆེན་བདེ་གྲོལ།
  ཁོ་བོས་གདེང་དང་བཅས་ཏེ་ཞུ་རྒྱུ་ཞིག་ཡོད་པ་ནི་གྲྭ་བཙུན་གྱི་སྡེ་རུ་རོང་བོ་གངས་དཀར་ལྟ་བུའི་དེང་རབས་སྙན་ངག་འབྲི་མཁན་དཀོན་པའི་ཚུལ་དུ་བཤད་ཀྱང་མི་སྐྱོན་པ་ཡིན་ནོ།།
                                                                                                    རོང་བོ་དགེ་འདུན་ལྷུན་གྲུབ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།