བོད་རིག་པའི་ཆེད་མཁས་ཆར་ལེ་སི་རམ་བྷོ་ལགས་ཀྱིས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་འཆད་ཁྲིད་གནངས་པ།

གསར་འགོད་པ་གཡུ་ཆུང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-01-07

 
 རྒྱལ་སྤྱིའི་སྟེང་གྲགས་ཆེ་བའི་མིའི་རིགས་རིག་པ་བ་དང་བོད་རིག་པའི་ཆེད་མཁས། རྒྱལ་སྤྱིའི་བོད་རིག་པ་མཉམ་འབྲེལ་ཚོགས་པའི་ཚོགས་གཙོ། དབྱིན་ཇིའི་ཨཱོ་ཁི་སི་ཧྥོར་གཙུག་ལག་སློབ་ཆེན་(Oxford University)གྱི་དགེ་རྒན་ཆེན་མོ་བ། སྐུ་ཞབས་ཆར་ལེ་སི་རམ་བྷོ་(Charles Ramble)ལགས་ནས། 2012ལོའི་ཟླ་1པོའི་ཚེས5ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ལྔའི་སྟེང་ཀྲུང་དབྱང་མི་རིགས་སློབ་གླིང་རིག་གཞུང་སྙན་ཞུ་ཁང་དུ་བོད་སྐད་ཡིག་རིག་གནས་སློབ་གླིང་གིས་གདན་འདྲེན་ཞུས་པ་བཞིན།  ༼བལ་ཡུལ་མཐོ་སྒང་གི་བོད་ཀྱི་ཡིག་ཚགས་ཞིབ་འཇུག༽  ཞེས་པ་བོད་སྐད་རྐྱང་རྐྱང་གི་ལམ་ནས་འཆད་ཁྲིད་གནང་ཞིང་།  ཕར་རྒྱ་སྐད་དུ་བསྒྱུར་མཁན་ཚེ་རིང་ཟླ་བ་དང་མགོ་འཛིན་པ་སྟོང་སྐོར་ཚེ་རིང་ཐར་ཡིན།
 ཐོག་མར་ཁོང་ནས་གོར་ཁ་སོགས་རྒྱལ་ཕྲན་ཆུང་བ་དག་གིས་སྟོབས་བསྐྱེད་དེ་བལ་ཡུལ་གྱི་རྒྱལ་ཁབ་ཆགས་ཚུལ་དང་། ཁོང་ཉིད་སྤྱི་ལོ་1980ལོ་ནས་བལ་ཡུལ་ལ་ཕྱིན་ཅིང་བོད་རིག་པ་དང་འབྲེལ་བ་བྱུང་ཚུལ། ནང་སྒོས་སུ་ཡིག་ཆའི་འཚོལ་ཞིབ་དེ་སྤྱི་ལོ་1992ལོ་ནས་1997ལོའི་བར་འཇར་མན་གྱི་ཆེད་མཁས་པ་འགའ་དང་ལྷན་དུ་ཞིབ་འཇུག་གི་ལས་ཀ་བགྱིས་པ་ནས་མགོ་ཚུགས་ཚུལ་དང་སྦྲེལ་ཏེ་བལ་བོད་མཐའ་འཚམ་ན་ཡོད་པའི་བོད་སྡེ་གློ་བ་དང་མུ་གཙང་།  ཡུལ་ཁ་བཅུ་གཉིས་སོགས་ན་ཡོད་པའི་ས་གནས་རང་བཞིན་གྱི་ཡིག་ཆ་མང་པོ་ཀློག་འགྲེལ་བྱས་ཤིང་།  ཡིག་ཆ་དག་ལས་དུས་ཡུན་སྔ་མོ་ནས་ས་དེ་གར་དམངས་གཙོའི་ཁྲིམས་ཡོད་ལུགས་དང་། ཕྱིས་སུ་སྤྱི་ལོ1856ལོར། བལ་ཡུལ་སྲིད་གསར་བཙུགས་རྗེས། དེའི་དམངས་གཙོའི་ནུས་པ་ཉམས་དམས་པར་བྱས་པ་སོགས་མང་དུ་གསུངས།
  མདོར་དྲིལ་ན།  ཁོང་གིས་མིའི་རིགས་རིག་པ་དང་ལོ་རྒྱུས་རིག་པ།  ཡིག་ཚང་རིག་པའི་བྱེད་ཐབས་སྤྱད་དེ་སྐབས་དེ་གའི་ས་གནས་ཀྱི་གནས་ཚུལ་ཅུང་ཆ་ཚང་ཞིག་ངོ་སྤྲོད་གནངས་སོང་།
  བར་སྐབས་ཀྱི་དྲི་བ་དྲིས་ལན་སྐབས་ཕ་ཡུལ་གཙང་རྫ་ཡུལ་ནས་ཡིན་པའི་ཞིབ་མཇུག་སློབ་མ་མགོན་པོ་རྡོ་རྗེས་ཁོང་གི་ཞིབ་འཇུག་གི་ཐབས་ལམ་སྦྱོང་སྟངས་ཀྱི་སྐོར་དང་ཡིག་ཆ་དེ་དག་ལ་ཡིག་ནོར་ཤིན་ཏུ་མང་པོ་ཡོད་པའི་རྒྱུ་མཚན་དྲིས་པ་ལ།  ཁོང་ནས་ཞིབ་འཇུག་གི་ཐབས་ལམ་ནི་རང་གིས་སྦྱོང་དགོས་ཚུལ་དང་།  (social history)ཟེར་བ་(ཐད་བསྒྱུར་ན། སྤྱི་ཚོགས་ཀྱི་ལོ་རྒྱུས)་མང་ཚོགས་དཀྱུས་མའི་འཚོ་བ་དང་གནས་ཚུལ་རྟོགས་པར་བྱེད་པའི་རིག་པ་ངེས་པར་གལ་ཆེ་གསུངས།  དྲི་བ་གཉིས་པར།  བལ་བོད་མཐའ་འཚམས་སུ་སྐབས་དེར་སློབ་གྲྭ་དང་དགོན་པ་མེད་པ་དང་། དགོན་པ་ཡོད་ཀྱང་གྲྭ་བ་རིག་གནས་ཅན་ཉུང་ཞིང་།  ཡི་གེ་ཤེས་མཁན་ནི་ས་གནས་ཀྱི་སྔགས་པ་དག་ཡིན་ལ།  ཡིག་འབྲིའི་ཚད་མི་མཐོ་བ།  ལྷག་པར་དུ་ཁོ་ཚོ་འཚོགས་ནས་ཡིག་ཆ་སོགས་འབྲི་སྐབས་ཆང་མང་པོ་འཐུང་རྒྱུར་དགའ་བས་ཡི་གེའི་དག་ཆའི་ཐད་དོ་སྣང་མ་བྱུང་བའང་ཡིན་ཤས་ཆེ་གསུངས་བྱུང་།   
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བོད་རིག་པའི་ཆེད་མཁས་ཆར་ལེ་སི་རམ་བྷོ་ལགས་ཀྱིས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་འཆད་ཁྲིད་གནངས་པ།

2012-01-07 གསར་འགོད་པ་གཡུ་ཆུང་། ཀློག་གྲངས། མཆན ཡོད།

 
 རྒྱལ་སྤྱིའི་སྟེང་གྲགས་ཆེ་བའི་མིའི་རིགས་རིག་པ་བ་དང་བོད་རིག་པའི་ཆེད་མཁས། རྒྱལ་སྤྱིའི་བོད་རིག་པ་མཉམ་འབྲེལ་ཚོགས་པའི་ཚོགས་གཙོ། དབྱིན་ཇིའི་ཨཱོ་ཁི་སི་ཧྥོར་གཙུག་ལག་སློབ་ཆེན་(Oxford University)གྱི་དགེ་རྒན་ཆེན་མོ་བ། སྐུ་ཞབས་ཆར་ལེ་སི་རམ་བྷོ་(Charles Ramble)ལགས་ནས། 2012ལོའི་ཟླ་1པོའི་ཚེས5ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ལྔའི་སྟེང་ཀྲུང་དབྱང་མི་རིགས་སློབ་གླིང་རིག་གཞུང་སྙན་ཞུ་ཁང་དུ་བོད་སྐད་ཡིག་རིག་གནས་སློབ་གླིང་གིས་གདན་འདྲེན་ཞུས་པ་བཞིན།  ༼བལ་ཡུལ་མཐོ་སྒང་གི་བོད་ཀྱི་ཡིག་ཚགས་ཞིབ་འཇུག༽  ཞེས་པ་བོད་སྐད་རྐྱང་རྐྱང་གི་ལམ་ནས་འཆད་ཁྲིད་གནང་ཞིང་།  ཕར་རྒྱ་སྐད་དུ་བསྒྱུར་མཁན་ཚེ་རིང་ཟླ་བ་དང་མགོ་འཛིན་པ་སྟོང་སྐོར་ཚེ་རིང་ཐར་ཡིན།
 ཐོག་མར་ཁོང་ནས་གོར་ཁ་སོགས་རྒྱལ་ཕྲན་ཆུང་བ་དག་གིས་སྟོབས་བསྐྱེད་དེ་བལ་ཡུལ་གྱི་རྒྱལ་ཁབ་ཆགས་ཚུལ་དང་། ཁོང་ཉིད་སྤྱི་ལོ་1980ལོ་ནས་བལ་ཡུལ་ལ་ཕྱིན་ཅིང་བོད་རིག་པ་དང་འབྲེལ་བ་བྱུང་ཚུལ། ནང་སྒོས་སུ་ཡིག་ཆའི་འཚོལ་ཞིབ་དེ་སྤྱི་ལོ་1992ལོ་ནས་1997ལོའི་བར་འཇར་མན་གྱི་ཆེད་མཁས་པ་འགའ་དང་ལྷན་དུ་ཞིབ་འཇུག་གི་ལས་ཀ་བགྱིས་པ་ནས་མགོ་ཚུགས་ཚུལ་དང་སྦྲེལ་ཏེ་བལ་བོད་མཐའ་འཚམ་ན་ཡོད་པའི་བོད་སྡེ་གློ་བ་དང་མུ་གཙང་།  ཡུལ་ཁ་བཅུ་གཉིས་སོགས་ན་ཡོད་པའི་ས་གནས་རང་བཞིན་གྱི་ཡིག་ཆ་མང་པོ་ཀློག་འགྲེལ་བྱས་ཤིང་།  ཡིག་ཆ་དག་ལས་དུས་ཡུན་སྔ་མོ་ནས་ས་དེ་གར་དམངས་གཙོའི་ཁྲིམས་ཡོད་ལུགས་དང་། ཕྱིས་སུ་སྤྱི་ལོ1856ལོར། བལ་ཡུལ་སྲིད་གསར་བཙུགས་རྗེས། དེའི་དམངས་གཙོའི་ནུས་པ་ཉམས་དམས་པར་བྱས་པ་སོགས་མང་དུ་གསུངས།
  མདོར་དྲིལ་ན།  ཁོང་གིས་མིའི་རིགས་རིག་པ་དང་ལོ་རྒྱུས་རིག་པ།  ཡིག་ཚང་རིག་པའི་བྱེད་ཐབས་སྤྱད་དེ་སྐབས་དེ་གའི་ས་གནས་ཀྱི་གནས་ཚུལ་ཅུང་ཆ་ཚང་ཞིག་ངོ་སྤྲོད་གནངས་སོང་།
  བར་སྐབས་ཀྱི་དྲི་བ་དྲིས་ལན་སྐབས་ཕ་ཡུལ་གཙང་རྫ་ཡུལ་ནས་ཡིན་པའི་ཞིབ་མཇུག་སློབ་མ་མགོན་པོ་རྡོ་རྗེས་ཁོང་གི་ཞིབ་འཇུག་གི་ཐབས་ལམ་སྦྱོང་སྟངས་ཀྱི་སྐོར་དང་ཡིག་ཆ་དེ་དག་ལ་ཡིག་ནོར་ཤིན་ཏུ་མང་པོ་ཡོད་པའི་རྒྱུ་མཚན་དྲིས་པ་ལ།  ཁོང་ནས་ཞིབ་འཇུག་གི་ཐབས་ལམ་ནི་རང་གིས་སྦྱོང་དགོས་ཚུལ་དང་།  (social history)ཟེར་བ་(ཐད་བསྒྱུར་ན། སྤྱི་ཚོགས་ཀྱི་ལོ་རྒྱུས)་མང་ཚོགས་དཀྱུས་མའི་འཚོ་བ་དང་གནས་ཚུལ་རྟོགས་པར་བྱེད་པའི་རིག་པ་ངེས་པར་གལ་ཆེ་གསུངས།  དྲི་བ་གཉིས་པར།  བལ་བོད་མཐའ་འཚམས་སུ་སྐབས་དེར་སློབ་གྲྭ་དང་དགོན་པ་མེད་པ་དང་། དགོན་པ་ཡོད་ཀྱང་གྲྭ་བ་རིག་གནས་ཅན་ཉུང་ཞིང་།  ཡི་གེ་ཤེས་མཁན་ནི་ས་གནས་ཀྱི་སྔགས་པ་དག་ཡིན་ལ།  ཡིག་འབྲིའི་ཚད་མི་མཐོ་བ།  ལྷག་པར་དུ་ཁོ་ཚོ་འཚོགས་ནས་ཡིག་ཆ་སོགས་འབྲི་སྐབས་ཆང་མང་པོ་འཐུང་རྒྱུར་དགའ་བས་ཡི་གེའི་དག་ཆའི་ཐད་དོ་སྣང་མ་བྱུང་བའང་ཡིན་ཤས་ཆེ་གསུངས་བྱུང་།   
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།