ཀྲུང་དབྱང་མི་རིགས་སློབ་ཆེན་དུ་རྗེ་ཙོང་ཁ་པ་རྗེས་དྲན་གྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་བསྡུས་པ།

གསར་འགོད་པ་གཡུ་ཆུང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-12-21

  ༢༠༡༡ལོའི་ཟླ༡༢པའི་ཚེས༢༠ཉིན་གྱི་དགོང་དྲོའི་ཆུ་ཚོད༧བདུན་པར། ཀྲུང་དབྱང་མི་རིགས་སློབ་ཆེན་དུ་རྗེ་ཙོང་ཁ་པ་རྗེས་དྲན་གྱི་རིག་གཞུང་བགྲོ་གླེང་སྐབས་དང་པོ་བསྐོངས། ཐོག་མར་དགེ་རྒན་གོ་ཤུལ་གྲགས་པ་འབྱུང་གནས་ལགས་ཀྱིས་རྗེ་རིན་པོ་ཆེས་སྐུ་ཚེ་གཅིག་གི་རིང་ལ་ཐོས་བསམ་ཇི་ལྟ་བུ་གནང་ཚུལ་གསུངས་ཤིང་། དེ་ལས་ཀྱང་རྗེ་རིན་པ་ཆེས་གསུངས་པ་ནང་བཞིན་དགེ་ལེགས་ཐམས་ཅད་ཀྱི་རྩ་བ་བཤེས་གཉེན་ལ་རག་ལུས་ཡོད་པས། ཚོགས་ཞུགས་སློབ་བུ་རྣམས་ཕྱིར་རང་གི་ཡུལ་དུ་སོང་ནས་དྲིན་ཅན་དགེ་རྒན་རྣམས་ལ་སྐོར་རེ་རྒྱག་རྒྱུ་མ་བརྗེད་ཅེས་ཞལ་ཏ་གནང་།
 
 དགེ་རྒན་གོ་ཤུལ་གྲགས་པ་འབྱུང་གནས་ཀྱིས་དབུ་འཛུགས་གསུང་བཤད་གནང་བཞིན་པ།
 
 ཉི་ཧོང་མ་ཀའོ་ཡེ་ཡུ་ཅེས་དཔྱད་རྩོམ་སྒྲོག་སྦྱངས་གནང་བཞིན་པ།
 
 དགེ་སློབ་རྣམ་པས་སྒྲོགས་སྦྱངས་ལ་ཉན་བཞིན་པ།
 
 དྲི་བ་འདོན་པ་དང་བགྲོ་གླེང་གནང་བཞིན་པ།
 
 དགེ་རྒན་བཀྲ་བྷས་སྤྱི་བསྡོམས་དང་བསམ་འཆར་འདོན་པ།
 
 བགྲོ་གླེང་གྲུབ་མཚམས་མཉམ་པར་བསྐྱོན་པ།
 
བཅུ་བའི་ལྔ་མཆོད་ཉིན་གྱི་བགྲོ་གླེང་འདི་ནི་ན་ནིང་བོད་རིག་པ་གླིང་གི་དགེ་རྒན་ཆེན་མོ་སྟུག་རྒྱའི་བཀའ་སྲུང་མགོན་པོས་སྲོལ་གསར་དུ་བཙུགས་ཏེ་སྔོན་འགྲོ་ལྟ་བུ་བྱུང་ཞིང་། ད་ལོ་དེའི་རྒྱུན་མཐུད་ནས་རིག་གཞུང་བགྲོ་གླེང་སྐབས་དང་པོ་དངོས་སུ་ཚུགས་ཏེ་རྗེ་རིན་པོ་ཆེར་རྗེས་དྲན་ཞུ་བ་དང་སྐབས་བསྟུན་གྱིས་དཔྱད་རྩོམ་དགུ་ལྷག་སྒྲོག་སྦྱངས་བགྲོ་གླེང་བྱས།  དེར་སློབ་རམས་པ་དང་ཤེས་རམས་པ་ཉིས་ཆའི་དཔྱད་རྩོམ་འདུས་ཡོད་པར་ལོ་རྒྱུས། རིག་གནས། རྩོམ་རིག་ཐད་ལ་འབྲེལ་བ་ཡོད་འདུག་ཅིང་། དེའི་ནང་ནས་ཀྱང་ཉི་ཧོང་མོ་ཀའོ་ཡེ་ཡུ་ཅེ་ཞིས༼ཉི་བོད་བར་ནང་ཆོས་བརྗེ་སྤེལ་བྱུང་ནས་ལོ་འཁོར༡༡༠ལོན་པའི་སྐོར་གླེང་བ༽ཞེས་དཔྱད་རྩོམ་སྒྲོག་སྦྱངས་བྱས་པར་རྒྱལ་དབང་བཅུ་གསུམ་པའི་རིང་ཉི་ཧོང་གི་གྲྭ་བཙུན་བོད་དུ་ཕེབས་ནས་སློབ་གཉེར་གནང་ཚུལ་སྐོར་ངོ་སྤྲོད་གནང་།
  དཔྱད་རྩོམ་སྒྲོག་སྦྱངས་དང་བགྲོ་གླེང་གི་རིམ་པ་མཇུག་རྫོགས་རྗེས། གླིང་གཙོ་གཞོན་པ་བཀྲ་བྷ་ལགས་ཀྱིས་སྒྲོག་སྦྱངས་གོ་རིམ་ཁྲོད་གནས་པའི་སྐྱོན་ཆ་དང་བསམ་འཆར་གསུངས་པར།  རིག་གཞུང་དཔྱད་རྩོམ་སྒྲོག་སྦྱངས་སྐབས་རྒྱལ་སྤྱིའི་ལུགས་སུ་སྐར་མ་༢༠ཡི་དུས་ཡུན་དམ་འཛིན་བྱས་ཏེ་རྩོམ་གྱི་དངོས་གཞི་ཧྲག་བསྡུས་ཀྱིས་བཤད་རྒྱུ་དང་།  བྱ་རྒོད་རོ་ལ་འཁོར་བ་ལྟར་མི་བྱེད་པར་བརྗོད་པའི་གནད་དེ་མ་ཐག་འཛིན་དགོས་ཚུལ།  བོད་རང་གི་རིག་གནས་འོད་སྟོང་འབར་བ་ཡང་སྔོན་བྱོན་མཁས་པ་རྣམས་ཀྱི་བཀའ་དྲིན་འབའ་ཞིག་ཡིན་པས་དེ་དག་རྗེས་སུ་དྲན་འོས་ལུགས།  དེ་མིན།  ཐེངས་འདིའི་དཔྱད་རྩོམ་སྒྲོག་སྦྱངས་ནང་ཨ་མདོའི་ཕྱོགས་ཀྱི་སློབ་མ་ལས་ཞུགས་མི་འདུག་པས་ལུང་པ་སོ་སོ་ནས་མཉམ་ཞུགས་བྱས་ཚེ། མདོ་དབུས་ཁམས་གསུམ་གྱི་རིག་གཞུང་དང་བསམ་བློ་བརྗེ་སྤེལ་ལ་ཕན་ཆེན་པོ་ཐོགས་པ་སོགས་གསུངས་བྱུང་།
  མཐར་རེབ་འདིའི་བགྲོ་གླེང་གི་མདོ་འཛིན་པ་ཤར་གཞོན་ཚེ་རིང་ཟླ་བ་ནས་རིག་གཞུང་དཔྱད་རྩོམ་གྱི་བརྗོད་བྱ་འདེམས་སྟངས་དང་སྒྲོག་སྦྱངས་བྱེད་དུས་དོ་སྣང་གནང་དགོས་ས་སོགས་ཁོང་གི་མྱོང་བ་དངོས་དང་སྦྱར་ནས་ངོ་སྤྲད་པ་དང་།   བྱ་བ་འདི་ལོ་ལྟར་རྒྱུན་འཁྱོངས་ཡོང་རྒྱུ་རེ་བ་གནང་ཞིང་།  ང་ཚོས་རྣམ་པ་འདི་ལྟ་བུ་ཞིག་གི་སྒོ་ནས་སྔོན་བྱོན་མཁས་པ་སྤྱི་དང་ལྷག་པར་ལྔ་མཆོད་ཉིན་མོ་འདིར་རྗེ་ཙོང་ཁ་པར་རྗེས་དྲན་ཞུས་པ་འདི་དངོས་གནས་དྲང་གནས་བསམ་གྱིས་མི་ཁྱབ་པ་རེད་གསུངས་ཏེ་རྗེས་དྲན་དང་འབྲེལ་བའི་རིག་གཞུང་བགྲོ་གླེང་སྐབས་དང་པོ་མཇུག་རྫོགས་སོ།  །
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀྲུང་དབྱང་མི་རིགས་སློབ་ཆེན་དུ་རྗེ་ཙོང་ཁ་པ་རྗེས་དྲན་གྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་བསྡུས་པ།

2011-12-21 གསར་འགོད་པ་གཡུ་ཆུང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།