ནུབ་བྱང་གི་བོད་སྐད་ཡིག་རིག་གནས་སློབ་གླིང་གི2010~2011ལོའི་བར་གྱི་གཟེངས་བསྟོད་བྱ་དགའི་ཚོགས་འདུ།

སྐལ་བཟང་འཇིགས་མེད། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-12-16

   སྤྱི་ལོ་2011ལོའི་ཟླ12ཚེས་14ཉིན་གྱི་ཕྱི་དྲོའི་དུས་ཚོད་4:20སྟེང་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་སྐད་ཡིག་རིག་གནས་སློབ་གླིང་གི་2010~2011ལོའི་སྔོན་ཐོན་སློབ་མའི་གཟེངས་བསྟོད་བྱ་དགའི་ཚོགས་འདུ་སྣ་འཛོམས་ཐོག་ཁང་གི401སློབ་ཁང་དུ་ཚོགས།
   ཐེངས་འདིའི་ཚོགས་འདུར་དགེ་སློབ་བསྡོམས་པས་ཉིས་བརྒྱ་ལྷག་ཞུགས་ཡོད་ལ།སློབ་གླིང་གི་གླིང་གཙོ་དཔལ་ཆེན་རྒྱལ་གྱིས་མགོ་འཛིན་བྱས་ཤིང་གླིང་གཙོ་ཞིའུ་ཏི་ཚེ་ཡིས་འབྲེལ་ཡོད་ཡིག་ཆ་བརྒྱུད་བསྒྲགས་བྱས།ལོ་རེ་བསྡུ་བཞིན་པའི་གཟེངས་བསྟོད་ཚོགས་འདུ་འདི་ནི་དངོས་གཞི་སློབ་མ་དང་ཆེད་སྦྱོང་སློབ་མ་གཉིས་ཀར་ཁ་གཏད་པའི་ཚོགས་འདུ་ཞིག་ཡིན།ཀླུ་དབང་སོགས་སློབ་མ་70ལྷག་ལ་རིམ་པ་མི་འདྲ་བའི་གཟེངས་རྟགས་བྱ་དགའ་ཐོབ་པ་དང་།ཉིས་སྟོང་བཅུ་ལོའི་དངོས་གཞི་འཛིན་གྲྭ་གསུམ་པ་སོགས་འཛིན་གྲྭ4ལ་སྔོན་ཐོན་འཛིན་གྲྭའི་མིང་རྟགས་ཐོབ།སློབ་མའི་ཉལ་ཁང6ལ་དྭངས་གཙང་ཉལ་ཁང་ཞེས་པའི་ཆོ་ལོ་དང་རྟགས་མ་གནང་།      མཇུག་མཐར་བྱ་དགའ་ཐོབ་པའི་སློབ་མའི་འཐུས་ཚབ་སློབ་གྲོགས་ཀླུ་དབང་གིས་བྱ་དགའ་ཐོབ་པའི་མྱོང་ཚོར་དང་མ་འོངས་སློབ་སྦྱོང་གི་འཆར་གཞིའི་སྐོར་གྱི་གཏམ་བཤད་བྱས་ཤིང་།སློབ་གླིང་གི་ཧྲུའུ་ཅི་སྟོབས་ལྡན་དཔལ་ལྡན་གྱིས་བྱ་དགའ་ཐོབ་པའི་སློབ་མར་གཟེངས་བསྟོད་དང་སྔར་ལས་ལྷག་པར་འབད་པ་བྱེད་པར་སྐུལ་ལྕགསློབ་གྲོགས་གཞན་རྣམས་ཀྱིས་སྔོན་ཐོན་སློབ་མར་སློབ་སྦྱོང་དང་མིག་དཔེར་བལྟས་ཏེ་སློབ་མ་ཡ་རབས་ཤིག་བྱེད་པའི་སྐོར་གྱི་གསུང་བཤད་གནང་ཏེ་དུས་ཚོད་གཉིས་ལྷག་གི་ཚོགས་འདུ་ཡོངས་སུ་མཇུག་རྫོགས།
      

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ནུབ་བྱང་གི་བོད་སྐད་ཡིག་རིག་གནས་སློབ་གླིང་གི2010~2011ལོའི་བར་གྱི་གཟེངས་བསྟོད་བྱ་དགའི་ཚོགས་འདུ།

2011-12-16 སྐལ་བཟང་འཇིགས་མེད། ཀློག་གྲངས། མཆན ཡོད།

   སྤྱི་ལོ་2011ལོའི་ཟླ12ཚེས་14ཉིན་གྱི་ཕྱི་དྲོའི་དུས་ཚོད་4:20སྟེང་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་སྐད་ཡིག་རིག་གནས་སློབ་གླིང་གི་2010~2011ལོའི་སྔོན་ཐོན་སློབ་མའི་གཟེངས་བསྟོད་བྱ་དགའི་ཚོགས་འདུ་སྣ་འཛོམས་ཐོག་ཁང་གི401སློབ་ཁང་དུ་ཚོགས།
   ཐེངས་འདིའི་ཚོགས་འདུར་དགེ་སློབ་བསྡོམས་པས་ཉིས་བརྒྱ་ལྷག་ཞུགས་ཡོད་ལ།སློབ་གླིང་གི་གླིང་གཙོ་དཔལ་ཆེན་རྒྱལ་གྱིས་མགོ་འཛིན་བྱས་ཤིང་གླིང་གཙོ་ཞིའུ་ཏི་ཚེ་ཡིས་འབྲེལ་ཡོད་ཡིག་ཆ་བརྒྱུད་བསྒྲགས་བྱས།ལོ་རེ་བསྡུ་བཞིན་པའི་གཟེངས་བསྟོད་ཚོགས་འདུ་འདི་ནི་དངོས་གཞི་སློབ་མ་དང་ཆེད་སྦྱོང་སློབ་མ་གཉིས་ཀར་ཁ་གཏད་པའི་ཚོགས་འདུ་ཞིག་ཡིན།ཀླུ་དབང་སོགས་སློབ་མ་70ལྷག་ལ་རིམ་པ་མི་འདྲ་བའི་གཟེངས་རྟགས་བྱ་དགའ་ཐོབ་པ་དང་།ཉིས་སྟོང་བཅུ་ལོའི་དངོས་གཞི་འཛིན་གྲྭ་གསུམ་པ་སོགས་འཛིན་གྲྭ4ལ་སྔོན་ཐོན་འཛིན་གྲྭའི་མིང་རྟགས་ཐོབ།སློབ་མའི་ཉལ་ཁང6ལ་དྭངས་གཙང་ཉལ་ཁང་ཞེས་པའི་ཆོ་ལོ་དང་རྟགས་མ་གནང་།      མཇུག་མཐར་བྱ་དགའ་ཐོབ་པའི་སློབ་མའི་འཐུས་ཚབ་སློབ་གྲོགས་ཀླུ་དབང་གིས་བྱ་དགའ་ཐོབ་པའི་མྱོང་ཚོར་དང་མ་འོངས་སློབ་སྦྱོང་གི་འཆར་གཞིའི་སྐོར་གྱི་གཏམ་བཤད་བྱས་ཤིང་།སློབ་གླིང་གི་ཧྲུའུ་ཅི་སྟོབས་ལྡན་དཔལ་ལྡན་གྱིས་བྱ་དགའ་ཐོབ་པའི་སློབ་མར་གཟེངས་བསྟོད་དང་སྔར་ལས་ལྷག་པར་འབད་པ་བྱེད་པར་སྐུལ་ལྕགསློབ་གྲོགས་གཞན་རྣམས་ཀྱིས་སྔོན་ཐོན་སློབ་མར་སློབ་སྦྱོང་དང་མིག་དཔེར་བལྟས་ཏེ་སློབ་མ་ཡ་རབས་ཤིག་བྱེད་པའི་སྐོར་གྱི་གསུང་བཤད་གནང་ཏེ་དུས་ཚོད་གཉིས་ལྷག་གི་ཚོགས་འདུ་ཡོངས་སུ་མཇུག་རྫོགས།
      

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།