ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་སྐབས་བཞི་བའི་ཡུལ་སྐད་འགྲན་འསྡུར་གྱི་གནས་ཚུལ།

གསར་འགོད་པ་གནམ་ལྷ་རྒྱལ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-12-15
ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གིས་གཙོ་སྒྲུབ་བྱས་པའི་སྐབས་བཞི་བའི་ཡུལ་སྐད་འགྲན་བསྡུར་སྤྱི་ཟླ་༡༢པའི་ཚེས་༩ཉིན་གྱི་དགོང་མོའི་ཆུ་ཚོད་༡༩སྟེང་སྤེལ་མགོ་བརྩམ།
 
 ཚོགས་ཐོག་ཏུ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི་གླིང་གཙོའམ་དགེ་རྒན་ཆེན་མོ་བ་ཚེ་རིང་ཐར་ལགས་ཀྱིས་ཆེད་དུ་གསུང་དོན། ང་ཚོས་འདི་ལྟ་བུའི་ཡུལ་སྐད་འགྲན་བསྡུར་ཞིག་སྤེལ་བའི་རྒྱུ་རྐྱེན་གཙོ་བོ་ནི་བོད་ཡོངས་ཀྱི་དགེ་སྡུག་བསམ་པ་ཡིན་ཏེ།   རང་རེའི་བོད་ལ་མིག་སྔར་མ་ལག་འཐུས་ཚང་གི་སྤྱི་སྐད་གཏན་འབེབས་ཅིག་ཆགས་མེད་སྟབས། ང་ཚོས་ངེས་པར་དུ་སོ་སོ་རང་ཉིད་ནས་མགོ་བརྩམས་ཏེ་ཐུན་མོང་གི་གོ་བརྡ་སྤྲོད་ཐུབ་པའི་སྤྱི་སྐད་ཅིག་གི་ལམ་ལ་དུས་ཡུན་རིང་བོ་ཞིག་ལ་འབད་འབུངས་ལྷོད་མེད་བྱེད་དགོས།    འདི་ནི་ང་ཚོ་བོད་མི་ཀུན་གྱི་འོས་འགན་ཡིན་ལ་ལྷག་པར་དུ་ང་ཚོ་སློབ་གྲྭ་ཆེན་མོ་བ་ཞིག་ལ་ཆ་མཚོན་ན་མི་རིགས་ཀྱི་ཆེད་དུ་ངེས་བ་དོན་གྱིས་སྒྲུབ་དགོས་པའི་འོས་འགན་ཡིན་ཞེས་གསུངས། 
 
 ཐེངས་འདིའི་འགྲན་བསྡུར་ལ་སྐུ་དངོས་སུ་ཕེབས་པའི་དགེ་རྒན་རྣམས་ནི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི་གླིང་གཙོ་གཞོན་པ་རྒན་བཀྲ་བྷ་ལགས། རྒན་གྲགས་པ་འབྱུང་གནས་ལགས། རྒན་བཀའ་མགོན་ལགས། རྒན་ཚེ་དབང་ལྷ་མོ་ལགས། རྒན་གངས་འཚོ་ལགས། རྒན་ཚེ་རིང་ཟླ་བ་ལགས། རྒན་གཡང་མོ་མཚོ་ལགས་བཅས་ཡིན་ལ། གོང་གི་དགེ་རྒན་འདི་རྣམས་ནི་ཐེངས་འདིའི་འགྲན་བསྡུར་གྱི་དཔྱད་འདེམ་དགེ་རྒན་ཡང་ཡིན།
 
 དགེ་སློབ་ཡོངས་ཀྱི་དགའ་སྤྲོའི་ཐལ་མོའི་ཁྲོད་དུ་འགྲན་ཞུགས་མི་སྣ་རྣམས་ཀྱིས་གཅིག་ལས་གཅིག་ལྷག་གི་ཡིད་ཆེས་དང་སྤོངས་གདེང་ཆེན་པོ་བཅངས་ནས་གར་སྟེགས་སུ་བུད་དེ་རང་རང་གི་གཏམ་བཤད་གནང་། ད་ཐེངས་ཀྱི་འགྲན་བསྡུར་འདི་སྔོན་ཆད་དང་མི་འདྲ་སྟེ། ད་ཐེངས་ཀྱི་འགྲན་བསྡུར་ཁྲོད་ད་ལོའི་གསར་ཞུགས་ཀྱི་ཀ་ཁའི་འཛིན་གྲྭའི་སློབ་མ་རེ་གཉིས་ཀྱང་ཞུགས་ཡོད་པས། འདི་ནི་ཧ་ཅང་དགའ་འོས་པའི་དོན་བཟང་ཞིག་རེད་ཅེས་དགེ་སློབ་ཡོངས་ཀྱི་ཐུགས་སུ་བབས་འདུག སྒོས་སུ་ཁོ་ཚོས་ཟླ་གཅིག་ལྷག་གི་དུས་ཚོད་བེད་སྤྱད་དེ་བོད་ཡིག་ཡག་པོ་ཞིག་སྦྱང་ཡོད་པར་མ་ཟད་བོད་སྐད་ཅ་དག་ཅིག་ཀྱང་བཤད་ཐུབ། འདི་ནི་ངོ་མ་ཧ་ལས་ཤིང་ངོ་མཚར་བ་ཞིག་རེད།  
 
 འགྲན་བསྡུར་ལ་ལེ་ཚན་གཉིས་ཡོད་དེ། གཅིག་ནི་མི་རང་སྒེར་གྱི་གཏམ་བཤད་དང་ཅིག་ཤོས་ནི་ཕན་ཚུན་གྱི་བགྲོ་གླེང་ཡིན། ཕན་ཚུན་བགྲོ་གླེང་གི་ལེ་ཚན་ནི་མི་གཉིས་ལ་སྒོ་སུམ་ངོས་སུ་བཤད་བྱའི་ནང་དོན་ཞིག་གྲ་སྒྲིག་བྱས་ཡོད་དེ། ཁོ་གཉིས་ཀྱིས་ནང་དོན་དེ་བརྒྱུད་ནས་རང་རང་གི་སྐབས་ཐོག་གི་འཆར་སྒོ་དང་སྨྲ་ལྕེའི་ནུས་པ་ལ་བསྟུན་ཏེ་ཕན་ཚུན་ལ་བགྲོ་གླེང་བྱེད་དགོས།   ལེ་ཚན་འདི་བརྒྱུད་དགེ་སློབ་ཡོངས་ལ་དགའ་སྤྲོ་ཚད་མེད་ཀྱིས་ཁེངས་ཤིང་སྐྱིད་པའི་དགོད་སྒྲ་ནི་དབྱར་གྱི་འབྲུག་སྒྲ་ཇི་བཞིན་སིང་སིང་བསྒྲགས།
        ཐེངས་འདིའི་འགྲན་བསྡུར་ཁྲོད་བྱ་དགའ་ཨང་དང་པོ་ཐོབ་མཁན་ནི་༠༩ལོའི་དངོས་གཞི་རྩོམ་རིག་འཛིན་གྲྭའི་སློབ་གྲོགས་ལྷ་མགོན་ཡིན་ལ་ཁོའི་གཏམ་བཤད་ཀྱི་ཁ་བྱང་ནི་སོ་སོ་རང་ཉིད་ནས་མགོ་རྩོམ་དགོས་ཅེས་པ་དེ་ཡིན།
     ཨང་གཉིས་པ་ཐོབ་མཁན་ནི་༠༩ལོའི་དངོས་གཞི་རྩོམ་རིག་འཛིན་གྲྭའི་སློབ་གྲོགས་བསྟན་འཛིན་རྒྱ་མཚོ་དང་༡༠ལོའི་ཡིག་བསྒྱུར་འཛིན་གྲྭའི་སློབ་གྲོགས་བློ་བཟང་ཀུན་མཁྱེན་གཉིས་ཡིན།
      ཨང་གསུམ་པ་ཐོབ་མཁན་ནི་༠༩ལོའི་དངོས་གཞི་རྩོམ་རིག་འཛིན་གྲྭའི་སློབ་གྲོགས་སྒྲོལ་མ་ཆོས་སྐྱིད་དང་༡༠ལོའི་ཡིག་བསྒྱུར་འཛིན་གྲྭའི་སློབ་གྲོགས་འབུམ་ཚོགས། ༡༡ལོའི་དངོས་གཞི་རྩོམ་རིག་འཛིན་གྲྭའི་སློབ་གྲོགས་ཀླུ་མཚོ་རྒྱལ་བཅས་ཡིན།  ཕུལ་བྱུང་བྱ་དགའ་ཐོབ་མཁན་ནི་༡༠ལོའི་དངོས་གཞི་རྩོམ་རིག་འཛིན་གྲྭའི་སློབ་གྲོགས་སངས་རྒྱས་རབ་བརྟན་དང་༡༡ལོའི་དངོས་གཞི་རྩོམ་རིག་འཛིན་གྲྭའི་སློབ་གྲོགས་ཚེ་རིང་དཔལ་མོ།༡༡ལོའི་ཀ་ཁའི་འཛིན་གྲྭའི་སློབ་གྲོགས་སའོ་ཅ་ཆེས་དང་གཡང་ཡས་བཅས་ཡིན།
 
          མཇུག་མཐར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི་གླིང་གཙོ་གཞོན་པ་རྒན་བཀྲ་བྷ་ལགས་ཀྱིས་འགྲན་བསྡུར་བདེ་ལེགས་ངང་མཇུག་རྫོགས་པར་སྡོམ་ཚིག་བཀོད། ཁོས་གསུང་དོན། ང་ཚོས་ཡུལ་སོ་སོའི་ཡུལ་སྐད་རྨང་གཞི་བྱས་ཐོག་ཡུན་གྱིས་སྤྱི་སྐད་ཀྱི་ལམ་ལ་འབད་དགོས།   ཡུལ་སྐད་མེད་པའི་སྤྱི་སྐད་ཅིག་འབྱུང་མི་སྲིད་པས། ང་ཚོས་ཐོག་མར་ཡུལ་སྐད་ནས་མགོ་རྩོམ་དགོས།   བོད་ཆོལ་ཁ་གསུམ་ལ་ཐུན་མོང་གིས་གོ་ཐུབ་པའི་སྐད་རིགས་ཤིག་ཆགས་མེད་པ་ནི་ཡུལ་གྱི་བར་ཐག་མ་ཡིན་པར། ང་ཚོའི་སེམས་ཀྱི་བར་ཐག་ཡིན། གལ་ཏེ་ང་ཚོས་རང་རང་གི་སེམས་ནས་བཅོས་བསྒྱུར་བྱས་ཏེ་ལ་ལུང་གི་ཕྱོགས་ཞེན་མེད་པར་གཅིག་གྱུར་གྱི་ལམ་ལ་འབད་རྒྱུ་ན་བོད་མི་རིགས་ནི་མཚར་སྡུག་འོད་སྟོང་འབར་བའི་འཛམ་གླིང་གི་མི་རིགས་ཁྱད་དུ་འཕགས་པ་ཞིག་ཏུ་འགྱུར་ཁོ་ཐག་ཡིན་ཞེས་གསུངས།
    དགེ་སློབ་ཡོངས་ཀྱི་དགའ་བའི་ཐལ་མོ་དང་སྐྱིད་པའི་དགོད་འཛུམ་གྱི་ཁྲོད་ནས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི་སྐབས་བཞི་བའི་ཡུལ་སྐད་འགྲན་བསྡུར་བདེ་ལེགས་ངང་མཇུག་རྫོགས་སོ། །
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་སྐབས་བཞི་བའི་ཡུལ་སྐད་འགྲན་འསྡུར་གྱི་གནས་ཚུལ།

2011-12-15 གསར་འགོད་པ་གནམ་ལྷ་རྒྱལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།