དེང་རབས་བོད་མོ་རྩོམ་པ་པོའི་དཔེ་ཚོགས་ཐོག་མ་པར་དུ་བསྐྲུན་པ།

 
  དཔལ་མོས་རྩོམ་སྒྲིག་བྱས་པའི་དེང་རབས་བོད་རིགས་བུད་མེད་ཀྱི་བརྩམས་ཆོས་ཏེ། སྒྲུང་རྩོམ་དང་ལྷུག་རྩོམ། སྙན་རྩོམ། དཔྱད་རྩོམ་བཅས་དེབ་བཞིའི་བདག་ཉིད་ཅན་གྱི་དཔེ་ཚོགས་ད་ལོའི་ཟླ་བཅུ་བར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས་དངོས་སུ་པར་བསྐྲུན་བྱས་པ་དེ་ནི་ལོ་རྒྱུས་སུ་བོད་ཀྱི་བུ་མོ་ཚོས་བརྩམས་ཤིང་པར་དུ་བསྐྲུན་པའི་དཔེ་ཚོགས་ཐོག་མ་རེད།
 རྩོམ་སྒྲིག་པས་བརྗོད་དོན། དཔེ་ཚོགས་དེ་༢༠༠༦ལོ་ནས་བཟུང་འཚོལ་སྡུད་དང་དག་བཅོས། རྩོམ་སྒྲིག ཇུས་འགོད་སོགས་བྱས་པ་ཡིན་ན་ཡང་། རང་ཉིད་ཀྱི་ཆུ་ཚད་ཞན་ལ་ཁོམ་ལོང་མ་རག་པའི་རྐྱེན་གྱིས་རྩོམ་སྒྲིག་བྱེད་པའི་གོ་རིམ་ཁྲོད་འཐུས་ཤོར་བྱུང་ཡོད་ས་མང་བ་ནི་ཡིད་ཕངས་ཤིང་རྩོམ་པ་པོ་དང་རྒྱ་ཆེའི་ཀློག་མཁན་རྣམ་པར་དགོངས་དག་ཞུ་དགོས་ས་ཡིན། མ་ཟད་དཔར་ཡོན་ཐད་དུའང་དེ་འདྲའི་མཐུན་རྐྱེན་མ་འཛོམས་པ་དང་བར་ཆད་བྱུང་རྐྱེན་ད་བར་པར་བསྐྲུན་མ་ཐུབ་པར་ལུས། དཔེ་ཚོགས་དེ་བོད་ཁུལ་གྱི་སློབ་གྲྭ་ཆེ་འབྲིང་སུམ་ཅུ་དང་དགོན་སྡེ་སྐོར་ཞིག་ལ་སྦྱིན་རྒྱུ་ལས་ཚོང་ར་ན་ཉོ་རྒྱུ་མེད་ཟེར།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དེང་རབས་བོད་མོ་རྩོམ་པ་པོའི་དཔེ་ཚོགས་ཐོག་མ་པར་དུ་བསྐྲུན་པ།

2011-12-08 ཚེས་གཅིག་ལྷ་མོ། ཀློག་གྲངས། མཆན ཡོད།

 
  དཔལ་མོས་རྩོམ་སྒྲིག་བྱས་པའི་དེང་རབས་བོད་རིགས་བུད་མེད་ཀྱི་བརྩམས་ཆོས་ཏེ། སྒྲུང་རྩོམ་དང་ལྷུག་རྩོམ། སྙན་རྩོམ། དཔྱད་རྩོམ་བཅས་དེབ་བཞིའི་བདག་ཉིད་ཅན་གྱི་དཔེ་ཚོགས་ད་ལོའི་ཟླ་བཅུ་བར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས་དངོས་སུ་པར་བསྐྲུན་བྱས་པ་དེ་ནི་ལོ་རྒྱུས་སུ་བོད་ཀྱི་བུ་མོ་ཚོས་བརྩམས་ཤིང་པར་དུ་བསྐྲུན་པའི་དཔེ་ཚོགས་ཐོག་མ་རེད།
 རྩོམ་སྒྲིག་པས་བརྗོད་དོན། དཔེ་ཚོགས་དེ་༢༠༠༦ལོ་ནས་བཟུང་འཚོལ་སྡུད་དང་དག་བཅོས། རྩོམ་སྒྲིག ཇུས་འགོད་སོགས་བྱས་པ་ཡིན་ན་ཡང་། རང་ཉིད་ཀྱི་ཆུ་ཚད་ཞན་ལ་ཁོམ་ལོང་མ་རག་པའི་རྐྱེན་གྱིས་རྩོམ་སྒྲིག་བྱེད་པའི་གོ་རིམ་ཁྲོད་འཐུས་ཤོར་བྱུང་ཡོད་ས་མང་བ་ནི་ཡིད་ཕངས་ཤིང་རྩོམ་པ་པོ་དང་རྒྱ་ཆེའི་ཀློག་མཁན་རྣམ་པར་དགོངས་དག་ཞུ་དགོས་ས་ཡིན། མ་ཟད་དཔར་ཡོན་ཐད་དུའང་དེ་འདྲའི་མཐུན་རྐྱེན་མ་འཛོམས་པ་དང་བར་ཆད་བྱུང་རྐྱེན་ད་བར་པར་བསྐྲུན་མ་ཐུབ་པར་ལུས། དཔེ་ཚོགས་དེ་བོད་ཁུལ་གྱི་སློབ་གྲྭ་ཆེ་འབྲིང་སུམ་ཅུ་དང་དགོན་སྡེ་སྐོར་ཞིག་ལ་སྦྱིན་རྒྱུ་ལས་ཚོང་ར་ན་ཉོ་རྒྱུ་མེད་ཟེར།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།