ཨ་རིའི་མཁའ་སྐྱོད་ལས་ཁུངས་ཀྱིས་འགྲོ་བ་མི་འཚོ་གཞེས་ཐུབ་སའི་རྒྱུ་སྐར་ཞིག་ཡོད་པ་བསྒྲགས་པ།

 
  ཨ་རིའི་མཁའ་སྐྱོད་ལས་ཁུངས་ཀྱིས་ཟླ་འདིའི་ཚེས་༥ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཁོང་ཚོས་ཁེ་ཕུལ་ཞེས་པའི་སྟོང་ཁམས་ཆེན་མོར་བརྟག་བྱེད་ཀྱི་རྒྱང་མཐོང་གི་ལས་གཞིར་བརྟེན་ཏེ་ཉི་མའི་ཁྱིམ་རྒྱུད་ཀྱི་ཕ་རོལ་ཏུ་སའི་གོ་ལ་དང་མཚུངས་པའི་རྒྱུ་སྐར་ཞིག་ཡོད་པ་ར་སྤྲོད་ཐུབ་ཟེར། ཚན་རིག་པ་ཚོས་རྒྱུ་སྐར་དེའི་ཕྱི་ངོས་ཀྱི་དྲོད་ཚད་ལ་སེལ་སེ་སི་༢༡ལས་མེད་པས་སེམས་ཅན་འཚོ་གཞེས་བྱེད་པར་འཚམ་པོ་ཡོད་པ་དང་དེའི་སྟེང་དུ་གཤེར་གཟུགས་ཀྱང་ཡོད་ངེས་པར་འདུག་ཟེར།
   ཁེ་ཕུལ་ཚན་རིག་ཚོགས་པའི་ཚོགས་གཙོ་སྐུ་གཞོན་གྱིས་རྒྱུ་སྐར་དེའི་སྐོར་ནས་ང་ཚོར་དགའ་བ་སྐྱེད་བྱེད་ཀྱི་དོན་གཉིས་ཡོད་དེ། གཅིག་ནས་དེའི་དྲོད་ཚད་མི་མཐོ་མི་དམའ་བས་སྟེང་དུ་གཤེར་གཟུགས་ཡོད་སྲིད་ཅིང་། གཉིས་ནས་རྒྱུ་སྐར་དེས་ཀྱང་ཉི་མ་དང་འདྲ་བའི་གོ་ལའི་དཀྱིལ་འཁོར་གཞན་ཞིག་ལ་སྐོར་བ་རྒྱག་གིན་འདུག་ཅེས་གསུངས་འདུག
 
  ཁོང་ཚོས་རྒྱུ་སྐར་དེའི་མིང་ལ་ཁེ་ཕུལ་-༢༢་ཁ་བ(Kepler-22b)ཞེས་བཏགས་ཡོད་པ་དང་། དེ་དང་སའི་གོ་ལའི་བར་ཐག་ལ་འོད་ལོ་༦༠༠ཡོད་ཅིང་། དེའི་བོངས་ཚད་ནི་སའི་གོ་ལའི་ལྡབ་གཉིས་ཡིན་འདུག དེ་ནི་ད་ལྟའི་བར་རྙེད་པའི་ཆེ་ཆུང་དང་། འགུལ་སྐྱོད་ཀྱི་ལམ་ཐིག་གང་གི་ཐད་ནས་ཀྱང་སའི་གོ་ལ་དང་ཆ་འདྲ་བའི་རྒྱུ་སྐར་དེ་ཡིན་ཞིང་དེས་སའི་གོ་ལས་ཉི་མར་སྐོར་བ་ཇི་བཞིན་ཉི་མ་དང་འདྲ་བའི་བསྟན་སྐར་ཞིག་ལ་ལོ་རེའི་ནང་ཐེངས་༢༩༠རེ་སྐོར་གྱི་ཡོད་པ་རེད།
  ཨ་རིའི་མཁའ་བསྐྱོད་ལས་ཁུངས་ཀྱི་ལྟེ་བར་ཡོད་པའི་ཁེ་ཕུལ་ལས་གཞིའི་ཚན་རིག་པ་ཧོ་ཁེན་ཟི་ཡིས་འདི་ནི་སའི་གོ་ལའི་མཚེ་ཡ་འཚོལ་བའི་ལས་གཞིའི་ཁྲོད་ཀྱི་དོན་འགངས་ཆེན་ཞིག་ཡིན་པ་དང་། ཚན་རིག་པ་ཚོས་གོ་ལ་དེའི་གྲུབ་རྒྱུ་གཙོ་བོ་ནི་བྲག་རྡོའམ། དབུགས་སམ། བཤེར་གཟུགས་གང་ཡིན་པ་ད་དུང་གསལ་བོར་ཤོད་མི་ཐུབ་ཅེས་གསུངས་འདུག
  དེ་མིན་ཨ་རིའི་མཁའ་བསྐྱོད་ལས་ཁུངས་ཀྱིས་ད་ལོའི་ཟླ་༢་པ་ནས་བཟུང་རྒྱུ་སྐར་གྱི་འོས་དཔེ་༡༠༩༣རྙེད་ཡོད་ལ་སྔར་རྙེད་པ་དག་དང་ལྷན་ཅིག་བསྡོམས་ཚེ་༢༣༢༦རྙེད་ཡོད་པ་བསྒྲགས་འདུག དེ་ལྟ་ནའང་དེ་དག་ལས་ད་ལྟའི་བར་དུ་ཁེ་ཕུལ-༢༢་ཁ་བ་ཚུད་པའི་རྒྱུ་སྐར་གྱི་འོས་དཔེ་༢༩མ་གཏོགས་རྒྱུ་སྐར་ངོ་མ་ཡིན་པ་བདེན་དཔང་བྱས་ཐུབ་མི་འདུག

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཨ་རིའི་མཁའ་སྐྱོད་ལས་ཁུངས་ཀྱིས་འགྲོ་བ་མི་འཚོ་གཞེས་ཐུབ་སའི་རྒྱུ་སྐར་ཞིག་ཡོད་པ་བསྒྲགས་པ།

2011-12-06 སྐྱ་བོ། ཀློག་གྲངས། མཆན ཡོད།

 
  ཨ་རིའི་མཁའ་སྐྱོད་ལས་ཁུངས་ཀྱིས་ཟླ་འདིའི་ཚེས་༥ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཁོང་ཚོས་ཁེ་ཕུལ་ཞེས་པའི་སྟོང་ཁམས་ཆེན་མོར་བརྟག་བྱེད་ཀྱི་རྒྱང་མཐོང་གི་ལས་གཞིར་བརྟེན་ཏེ་ཉི་མའི་ཁྱིམ་རྒྱུད་ཀྱི་ཕ་རོལ་ཏུ་སའི་གོ་ལ་དང་མཚུངས་པའི་རྒྱུ་སྐར་ཞིག་ཡོད་པ་ར་སྤྲོད་ཐུབ་ཟེར། ཚན་རིག་པ་ཚོས་རྒྱུ་སྐར་དེའི་ཕྱི་ངོས་ཀྱི་དྲོད་ཚད་ལ་སེལ་སེ་སི་༢༡ལས་མེད་པས་སེམས་ཅན་འཚོ་གཞེས་བྱེད་པར་འཚམ་པོ་ཡོད་པ་དང་དེའི་སྟེང་དུ་གཤེར་གཟུགས་ཀྱང་ཡོད་ངེས་པར་འདུག་ཟེར།
   ཁེ་ཕུལ་ཚན་རིག་ཚོགས་པའི་ཚོགས་གཙོ་སྐུ་གཞོན་གྱིས་རྒྱུ་སྐར་དེའི་སྐོར་ནས་ང་ཚོར་དགའ་བ་སྐྱེད་བྱེད་ཀྱི་དོན་གཉིས་ཡོད་དེ། གཅིག་ནས་དེའི་དྲོད་ཚད་མི་མཐོ་མི་དམའ་བས་སྟེང་དུ་གཤེར་གཟུགས་ཡོད་སྲིད་ཅིང་། གཉིས་ནས་རྒྱུ་སྐར་དེས་ཀྱང་ཉི་མ་དང་འདྲ་བའི་གོ་ལའི་དཀྱིལ་འཁོར་གཞན་ཞིག་ལ་སྐོར་བ་རྒྱག་གིན་འདུག་ཅེས་གསུངས་འདུག
 
  ཁོང་ཚོས་རྒྱུ་སྐར་དེའི་མིང་ལ་ཁེ་ཕུལ་-༢༢་ཁ་བ(Kepler-22b)ཞེས་བཏགས་ཡོད་པ་དང་། དེ་དང་སའི་གོ་ལའི་བར་ཐག་ལ་འོད་ལོ་༦༠༠ཡོད་ཅིང་། དེའི་བོངས་ཚད་ནི་སའི་གོ་ལའི་ལྡབ་གཉིས་ཡིན་འདུག དེ་ནི་ད་ལྟའི་བར་རྙེད་པའི་ཆེ་ཆུང་དང་། འགུལ་སྐྱོད་ཀྱི་ལམ་ཐིག་གང་གི་ཐད་ནས་ཀྱང་སའི་གོ་ལ་དང་ཆ་འདྲ་བའི་རྒྱུ་སྐར་དེ་ཡིན་ཞིང་དེས་སའི་གོ་ལས་ཉི་མར་སྐོར་བ་ཇི་བཞིན་ཉི་མ་དང་འདྲ་བའི་བསྟན་སྐར་ཞིག་ལ་ལོ་རེའི་ནང་ཐེངས་༢༩༠རེ་སྐོར་གྱི་ཡོད་པ་རེད།
  ཨ་རིའི་མཁའ་བསྐྱོད་ལས་ཁུངས་ཀྱི་ལྟེ་བར་ཡོད་པའི་ཁེ་ཕུལ་ལས་གཞིའི་ཚན་རིག་པ་ཧོ་ཁེན་ཟི་ཡིས་འདི་ནི་སའི་གོ་ལའི་མཚེ་ཡ་འཚོལ་བའི་ལས་གཞིའི་ཁྲོད་ཀྱི་དོན་འགངས་ཆེན་ཞིག་ཡིན་པ་དང་། ཚན་རིག་པ་ཚོས་གོ་ལ་དེའི་གྲུབ་རྒྱུ་གཙོ་བོ་ནི་བྲག་རྡོའམ། དབུགས་སམ། བཤེར་གཟུགས་གང་ཡིན་པ་ད་དུང་གསལ་བོར་ཤོད་མི་ཐུབ་ཅེས་གསུངས་འདུག
  དེ་མིན་ཨ་རིའི་མཁའ་བསྐྱོད་ལས་ཁུངས་ཀྱིས་ད་ལོའི་ཟླ་༢་པ་ནས་བཟུང་རྒྱུ་སྐར་གྱི་འོས་དཔེ་༡༠༩༣རྙེད་ཡོད་ལ་སྔར་རྙེད་པ་དག་དང་ལྷན་ཅིག་བསྡོམས་ཚེ་༢༣༢༦རྙེད་ཡོད་པ་བསྒྲགས་འདུག དེ་ལྟ་ནའང་དེ་དག་ལས་ད་ལྟའི་བར་དུ་ཁེ་ཕུལ-༢༢་ཁ་བ་ཚུད་པའི་རྒྱུ་སྐར་གྱི་འོས་དཔེ་༢༩མ་གཏོགས་རྒྱུ་སྐར་ངོ་མ་ཡིན་པ་བདེན་དཔང་བྱས་ཐུབ་མི་འདུག

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།