བོད་ཀྱི་ལྷ་རིས་སྒྱུ་རྩལ་པ་ཆེན་མོ་ཨ་མདོ་བྱམས་པར་རྗེས་དྲན་ཞུ་བའི་བྱ་འགུལ་སྤེལ་འཆར་ཡིན་པ།

མཚོ་སྔོན་བོད་རིགས་དྲ་བ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-05-31

 
  བོད་ཀྱི་རི་མོ་བ་གསེར་བྲག་དོན་གྲུབ་ཚེ་བརྟན་ལགས་ཀྱི་འབོད་སྐུལ་དང་མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པས་གཙོ་སྒྲུབ་གནང་བཞིན་པའི་བོད་ཀྱི་ལྷ་རིས་སྒྱུ་རྩལ་པ་ཆེན་མོ་ཨ་མདོ་བྱམས་པ་མཆོག་སྐུ་གཤེགས་ནས་ལོ་འཁོར་བཅུ་འདས་པའི་རྗེས་དྲན་བྱ་འགུལ་དེ་སྤྱི་ཟླ་དྲུག་པའི་ཚེས་གཅིག་ནས་བཅུ་གཅིག་བར་གནའ་མཁར་ཟི་ལིང་གྲོང་ཁྱེར་དུ་འཚོགས་རྒྱུ་རེད།
   ཐེངས་འདིའི་ཨ་མདོ་བྱམས་པ་མཆོག་སྐུ་གཤེགས་ནས་ལོ་འཁོར་བཅུ་འདས་བའི་རྗེས་དྲན་བྱ་འགུལ་ནི་རྗེས་དྲན་ཚོགས་འདུ་དང་། སློབ་རའི་མུ་འབྲེལ་གཏམ་བཤད། བོད་ཀྱི་རི་མོ་འགྲེམ་སྟོན། ལྡེབས་རིས་ལྟ་སྐོར། རྗེས་དྲན་དུས་དེབ་སོགས་སྣ་མང་རང་བཞིན་གྱིས་སྤེལ་བའོ།།
  བོད་ཀྱི་རི་མོ་སྒྱུ་རྩལ་པ་ཆེན་མོ་ཨ་མདོ་བྱམས་པ་ནི་སྤྱི་ལོ༡༩༡༤ལོར་མདོ་སྨད་གཅན་ཚར་འཁྲུངས། ཆུང་དུས་སུ་ངང་རུང་དགོན་པར་ཞུགས་ནས་རབ་ཏུ་བྱུང༌། སྐབས་དེ་ནས་བཟུང་དགོན་པའི་ལྡེབས་རིས་དང་ལྷ་སྐུ་དག་ལ་བརྟེན་ཏེ་བོད་ཀྱི་སྲོལ་རྒྱུན་རི་མོ་རང་སྦྱོང་བྱས། སྔ་རྗེས་སུ་ལ་མོ་བདེ་ཆེན་དང་། བླ་བྲང་བཀྲ་ཤིས་འཁྱིལ། འབྲས་སྤུངས་དགོན་པའི་ཆོས་གྲྭར་ཞུགས། ༡༩༥༥ལོ་ནས་ཕོ་བྲང་པོ་ཏ་ལར་རི་མོ་བའི་འགན་བཞེས། ༡༩༥༦ལོར་ནོར་བུ་གླིང་གའི་མི་འགྱུར་རྟག་བརྟན་ཕོ་བྲང་ནང་ལྡེབས་རིས་བཞེངས། སྟོན་པས་ཆོས་འཁོར་བསྐོར་བ་དང་། ཁམས་གསུམ་ཟིལ་གནོན་སོགས་ཕྱག་བྲིས་གནང༌། ༡༩༨༡ལོར་རིག་རྫས་དོ་དམ་ཨུ་ཡོན་ལྷན་ཁང་དུ་ཕྱག་ལས་གནང་ཞིང༌། བོད་རང་སྐྱོང་ལྗོངས་མཛེས་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་སྐབས་དང་པོའི་འགན་བཞེས། རྗེས་སུ་མཚན་འཛིན་ཀྲུའུ་ཞི་གནང་། ༡༩༨༡ལོར་རྒྱ་གར་ནས༼བོད་ཀྱི་བཙན་པོ་རྣམ་གསུམ༽ཞེས་པའི་རི་མོ་ཕྱག་བྲིས་གནང་། ༡༩༩༩ ལོར་ལྷ་སའི་ཨ་མདོ་བྱམས་པའི་སྒེར་བཙུགས་མཛེས་རྩལ་སློབ་གྲྭ་གསར་དུ་བཙུགས་པ་དང༌། ༢༠༠༢ལོའི་ཟླ༣པའི་ཚེས༢༨ཉིན་སྐུ་གཤེགས།
  ཁོང་གི་རི་མོ་དག་ལས་བོད་ཀྱི་ཆོས་ལུགས། ཁོར་ཡུག མི་སྣའི་ལས་དབང་བཅས་མངོན་སུམ་དུ་ཚོར་ཐུབ་ཅིང་། བོད་ཀྱི་པིས་ཅའ་སའོ་ཞེས་པའི་མཚན་སྙན་ལྡན། 


རྩོམ་ཁུངས། མཚོ་སྔོན་བོད་རིགས་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བོད་ཀྱི་ལྷ་རིས་སྒྱུ་རྩལ་པ་ཆེན་མོ་ཨ་མདོ་བྱམས་པར་རྗེས་དྲན་ཞུ་བའི་བྱ་འགུལ་སྤེལ་འཆར་ཡིན་པ།

2012-05-31 མཚོ་སྔོན་བོད་རིགས་དྲ་བ། ཀློག་གྲངས། མཆན ཡོད།

 
  བོད་ཀྱི་རི་མོ་བ་གསེར་བྲག་དོན་གྲུབ་ཚེ་བརྟན་ལགས་ཀྱི་འབོད་སྐུལ་དང་མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པས་གཙོ་སྒྲུབ་གནང་བཞིན་པའི་བོད་ཀྱི་ལྷ་རིས་སྒྱུ་རྩལ་པ་ཆེན་མོ་ཨ་མདོ་བྱམས་པ་མཆོག་སྐུ་གཤེགས་ནས་ལོ་འཁོར་བཅུ་འདས་པའི་རྗེས་དྲན་བྱ་འགུལ་དེ་སྤྱི་ཟླ་དྲུག་པའི་ཚེས་གཅིག་ནས་བཅུ་གཅིག་བར་གནའ་མཁར་ཟི་ལིང་གྲོང་ཁྱེར་དུ་འཚོགས་རྒྱུ་རེད།
   ཐེངས་འདིའི་ཨ་མདོ་བྱམས་པ་མཆོག་སྐུ་གཤེགས་ནས་ལོ་འཁོར་བཅུ་འདས་བའི་རྗེས་དྲན་བྱ་འགུལ་ནི་རྗེས་དྲན་ཚོགས་འདུ་དང་། སློབ་རའི་མུ་འབྲེལ་གཏམ་བཤད། བོད་ཀྱི་རི་མོ་འགྲེམ་སྟོན། ལྡེབས་རིས་ལྟ་སྐོར། རྗེས་དྲན་དུས་དེབ་སོགས་སྣ་མང་རང་བཞིན་གྱིས་སྤེལ་བའོ།།
  བོད་ཀྱི་རི་མོ་སྒྱུ་རྩལ་པ་ཆེན་མོ་ཨ་མདོ་བྱམས་པ་ནི་སྤྱི་ལོ༡༩༡༤ལོར་མདོ་སྨད་གཅན་ཚར་འཁྲུངས། ཆུང་དུས་སུ་ངང་རུང་དགོན་པར་ཞུགས་ནས་རབ་ཏུ་བྱུང༌། སྐབས་དེ་ནས་བཟུང་དགོན་པའི་ལྡེབས་རིས་དང་ལྷ་སྐུ་དག་ལ་བརྟེན་ཏེ་བོད་ཀྱི་སྲོལ་རྒྱུན་རི་མོ་རང་སྦྱོང་བྱས། སྔ་རྗེས་སུ་ལ་མོ་བདེ་ཆེན་དང་། བླ་བྲང་བཀྲ་ཤིས་འཁྱིལ། འབྲས་སྤུངས་དགོན་པའི་ཆོས་གྲྭར་ཞུགས། ༡༩༥༥ལོ་ནས་ཕོ་བྲང་པོ་ཏ་ལར་རི་མོ་བའི་འགན་བཞེས། ༡༩༥༦ལོར་ནོར་བུ་གླིང་གའི་མི་འགྱུར་རྟག་བརྟན་ཕོ་བྲང་ནང་ལྡེབས་རིས་བཞེངས། སྟོན་པས་ཆོས་འཁོར་བསྐོར་བ་དང་། ཁམས་གསུམ་ཟིལ་གནོན་སོགས་ཕྱག་བྲིས་གནང༌། ༡༩༨༡ལོར་རིག་རྫས་དོ་དམ་ཨུ་ཡོན་ལྷན་ཁང་དུ་ཕྱག་ལས་གནང་ཞིང༌། བོད་རང་སྐྱོང་ལྗོངས་མཛེས་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་སྐབས་དང་པོའི་འགན་བཞེས། རྗེས་སུ་མཚན་འཛིན་ཀྲུའུ་ཞི་གནང་། ༡༩༨༡ལོར་རྒྱ་གར་ནས༼བོད་ཀྱི་བཙན་པོ་རྣམ་གསུམ༽ཞེས་པའི་རི་མོ་ཕྱག་བྲིས་གནང་། ༡༩༩༩ ལོར་ལྷ་སའི་ཨ་མདོ་བྱམས་པའི་སྒེར་བཙུགས་མཛེས་རྩལ་སློབ་གྲྭ་གསར་དུ་བཙུགས་པ་དང༌། ༢༠༠༢ལོའི་ཟླ༣པའི་ཚེས༢༨ཉིན་སྐུ་གཤེགས།
  ཁོང་གི་རི་མོ་དག་ལས་བོད་ཀྱི་ཆོས་ལུགས། ཁོར་ཡུག མི་སྣའི་ལས་དབང་བཅས་མངོན་སུམ་དུ་ཚོར་ཐུབ་ཅིང་། བོད་ཀྱི་པིས་ཅའ་སའོ་ཞེས་པའི་མཚན་སྙན་ལྡན། 


རྩོམ་ཁུངས། མཚོ་སྔོན་བོད་རིགས་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།