རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་སོག་ཡུལ་དུ་འཚོགས་གཏན་འཁེལ་བ།

ཆོས་འཁོར་ཚང་ཉི་མ་འོད་ཟེར། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-05-14

 སོག་པོའི་རྒྱལ་ཡོངས་ཚན་རིག་སློབ་གཉེར་ཁང་(The Mongolian Academy of Sciences)དང་སོག་པོའི་རྒྱལ་ཡོངས་གཙུག་ལག་སློབ་གྲྭ་ཆེན་མོ་(Mongolian National University)ཟུང་གིས་མཉམ་སྦྲེལ་ཐོག་མགྲོན་བསུ་གནང་བ་ལྟར་རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་ཐེངས་བཅུ་གསུམ་པ་དེ་ཉིད་སོག་པོའི་རྒྱལ་ཁབ་ཀྱི་རྒྱལ་ས་ཨུ་ལཱན་བྷ་ཏར་(Ulaanbaatar)དུ་འཆར་ལོ་༢༠༡༣ཟླ་བ་བདུན་པའི་ཚེས་༢༡ནས་༢༧དབར་བདུན་ཕྲག་གཅིག་རིང་འཚོགས་གཏན་འཁེལ་འདུག
  རེབ་འདིའི་ཚོགས་ཆེན་གྱི་གོ་སྒྲིག་པ་ནི་སོག་པོའི་མཁས་དབང་ཆུ་ལཱུན་དང་། ཁེམ་བྷི་རི་ཆི་མཐོ་སློབ་ཀྱི་མཁས་དབང་བྷུ་ལག  ཨོག་སི་ཧྥོར་ཌི་མཐོ་སློབ་ཀྱི་མཁས་དབང་ཨུལ་རི་ཀེ་གསུམ་མཉམ་རུབ་ཀྱིས་གནང་རྒྱུ་ཡིན་ཞིང་། ཁོང་ཚོས་སོག་ཡུལ་གྱི་ནང་བསྟན་ཚོགས་པ་དང་། རྒྱལ་ཡོངས་དཔེ་མཛོད་ཁང་། རྒྱལ་ཡོངས་སོག་པོའི་ལོ་རྒྱུས་འགྲེམས་སྟོན་ཁང་། རྒྱལ་ཡོངས་ཡིག་མཛོད་ཁང་སོགས་མཉམ་སྡེབ་སྦྱིན་བདག་དུ་མའི་ལྷན་དུ་ཕྱག་ལས་གནང་སྟེ། ཚོགས་ཆེན་དེ་ཉིད་སོག་པོའི་རྒྱལ་ཡོངས་གཙུག་ལག་སློབ་གྲྭ་ཆེན་མོར་གོ་སྒྲིག་གནང་རྒྱུ་རེད་འདུག
  རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་གྱི་ཚོགས་གཙོ་དང་། དྲུང་ཆེ། ཐེངས་འདིའི་གོ་སྒྲིག་པ་བཅས་ཀྱིས་ཚོགས་ཆེན་སློབ་སྟོན་ཚོགས་པའི་ལྷན་དུ་གྲོས་སྡུར་མཛད་ནས་དམིགས་བསལ་གསལ་བརྡ་སྤེལ་བ་ཞིག་ལ། ཚོགས་ཞུགས་གནང་འདོད་ཡོད་མཁན་རྣམས་ཀྱིས་སྙན་ཞུའི་འགེངས་ཤོག་བཀང་སྟེ་རང་རྩོམ་སྙིང་བསྡུས་དང་ལྷན་དུ་འཆར་ལོའི་ཟླ་བ་དང་པོའི་ཚུན་ཆད་ནང་གོ་སྒྲིག་ཚོགས་པར་བསྐུར་དགོས་ཤིང་། གལ་ཏེ་རང་ཉིད་ཚོགས་ཆེན་བཅུ་གཉིས་པའི་སྐབས་ཞུགས་ཐེངས་ཐོག་མ་ཡིན་པའམ་ཚོགས་ཆེན་འདི་ཉིད་ཞུགས་ཐེངས་ཐོག་མ་ཡིན་ཚེ་རང་རྩོམ་སྙིང་བསྡུས་དེ་ཤོག་ངོས་གཅིག་དང་ཕྱེད་ཀ་འབྲི་དགོས་ལ། དེ་མིན་རྣམས་ཀྱིས་ཤོག་ངོས་གང་ལས་ཉུང་ནའང་འཐུས། རྩོམ་ཡིག་ཀྱང་རང་རྩོམ་དེ་སྔ་སྒྲོག་སྤེལ་མ་མྱོང་བ་བོད་ཡིག་གམ། དབྱིན་ཡིག ཧྥ་རན་སི། འཇར་མེན་གང་རུང་ཐོག་བྲིས་པ་ཞིག་ཡིན་དགོས། (རེབ་འདིར་སོག་ཡིག་ཀྱང་འཐུས།) ཚོགས་ཞུགས་འཐུས་མིན་གྱི་ཡིག་ལན་དེ་ཟླ་བ་གཉིས་པའི་ནང་འབྱོར་ངེས་ཡིན་པར་གསུངས་འདུག་པས་དེ་ལུགས་ཐུགས་སྣང་ཡོད་མཁན་རྣམས་ཀྱིས་དགོངས་བཞེས་མཛོད།། །།
    རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་གྱི་ལོ་རྒྱུས།
 
  དེ་ཡང་ཐོག་མར་ཕྱི་ལོ་༡༩༧༧ལོར་སུད་སིའི་རྒྱལ་ཁབ་ཀྱི་ཛྷུ་རིག་(Zürich)གྲོང་ཁྱེར་དུ་ཡོད་པའི་(Völkerkunde Museum der Universität)ཞེས་པའི་མཐོ་སློབ་དེར་བོད་རིག་པའི་མཁས་དབང་ཆེན་མོ་ཧྥེ་ཡར་ཀི་ཝར་ན་(Per Kvaerne)མཆོག་དང་མར་ཊིན་བྷི་རཱ་འུན་(Martin Brauen)ཟུང་གིས་གོ་སྒྲིག་འོག་བོད་ཀྱི་ཆོས་རིག་ལོ་རྒྱུས་ལ་ཞིབ་འཇུག་དང་སློབ་གཉེར་མཛད་པའི་གཞོན་སྐྱེས་ཤེས་ཡོན་པ་རྣམས་བསྡུ་སྐོང་མཛད་སྟེ། “བོད་རིག་པའི་གཞོན་ནུའི་འདུ་ཚོགས་”(Seminar of Young Tibetologists)ཞེས་པའི་བགྲོ་གླེང་ཚོགས་འདུ་ཞིག་བཙུགས། དེ་ནི་རྒྱལ་སྤྱིའི་ནང་བོད་རིག་པའི་སྐོར་གྱི་འདུ་ཚོགས་སྔ་ཤོས་སུ་གྱུར། དེ་མཚམས་ཕྱི་ལོ་༡༩༧༩ལོར་དབྱིན་ཇིའི་རྒྱལ་ཁབ་ཀྱི་ཨོག་སི་ཧྥོར་ཌི་མཐོ་སློབ་(St John’s College, University of Oxford)ཏུ་མཁས་དབང་མཱའི་ཁལ་ཨེ་རི་སི་(Michael Aris)མཆོག་ནས་བོད་རིག་པའི་ཞིབ་འཇུག་གོང་སྤེལ་གཏོང་བར་དམིགས་ཏེ། རྒྱལ་སྤྱིའི་བོད་རིག་པའི་མཁས་དབང་མཉམ་ཚོགས་ཤིག་བསྡུ་སྐོང་མཛད། དེ་དུས་ད་གཟོད་“རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པ་”(International Association for Tibetan Studies)ཞེས་པ་འདི་ཉིད་ཁྲིམས་མཐུན་དབུ་འཛུགས་ཞུས་ཤིང༌། ཐེངས་འདིར་ཞུགས་མཁན་ཚོགས་མི་རྣམས་ཀྱིས་སྔར་སུད་སིར་ཚོགས་པའི་འདུ་ཚོགས་དེ་ཉིད་“རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་ཐོག་མ་”རུ་ངོས་འཛིན་མོས་མཐུན་མཛད་སྟེ། ཐེངས་འདིའི་དབྱིན་ཡུལ་གྱི་ཚོགས་ཆེན་ནི་“སྐབས་གཉིས་པའི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་”དུ་བརྩི་འཇོག་གནང༌། དེ་བཞིན་ལོ་ངོ་གསུམ་མམ་བཞིའི་ནང་ཚོགས་ཆེན་ཐེངས་རེ་མུ་མཐུད་ནས་འཚོགས་འཆར་བྱས། སྐབས་འདིར་རྒྱལ་སྤྱིའི་བོད་རིག་པའི་ཚོགས་གཙོ་ཐོག་མ་དེ་འོས་འདེམས་ཞུས་པས། ཁྲུའུ་རལ་ཝི་ཝའི་ལི་(Turrell V Wylie)མཆོག་འོས་ཐོན་བྱུང་བ་བཞིན་ཚོགས་པའི་སྒྲིག་འཛུགས་ཀྱང་གསར་བཟོས་ཀྱིས་ཕྱིར་བསྒྲགས་བྱས།
  དེ་ནས་“སྐབས་གསུམ་པའི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་”དེ་ཕྱི་ལོ་༡༩༨༢ལོར་བྷར་བྷ་ར་ནིམ་རི་ཨ་ཛྷི་ཛྷ་(Barbara Nimri Aziz)ཡིས་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་(New York)གི་ཁོ་ལུམ་བྷི་ཡ་མཐོ་སློབ་(Columbia University)ཏུ་བསྡུ་སྐོང་བྱས་ཤིང་དེ་དུས་ཚོགས་གཙོ་གསར་པ་འོས་འདེམས་ཀྱང་མཛད།
  དེ་མཚམས་ཕྱི་ལོ་༡༩༨༥ལོར་ཧེལ་གྷ་ཨུའི་བྷེག་(Helga Uebach)དང་སྤང་ལུང་པ་འཇམ་དཔལ་བློ་བཟང་ཟུང་གིས་བསྡུ་སྐོང་མཛད་སྟེ། “སྐབས་བཞི་པའི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་”དེ་འཇར་མེ་ནི་(Germany)རྒྱལ་ཁབ་ཀྱི་མུན་ཆེན་(München)གྲོང་ཁྱེར་གྱི་(Schloss Hohenkammer)མཐོ་སློབ་ཏུ་ཚོགས།
  “སྐབས་ལྔ་པའི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་”ནི། ཕྱི་ལོ་༡༩༨༩ལོར་ཉི་ཧོང་པ་ཨི་ཧ་ར་ཤོ་རེན་(Ihara Shôren)དང་ཡ་མ་གྷུ་ཆི་ཛྷུའི་ཧོ་(Yamaguchi Zuiho)ཟུང་གིས་གོ་སྒྲིག་བསྡུ་སྐོང་མཛད་སྟེ། ཉི་ཧོང་རྒྱལ་ཁབ་ཀྱི་རྒྱལ་ས་ཊོ་ཀི་ཡོ་(Tokyo)དང་ཉེ་བའི་ན་རི་ཏ་(Narita)གྲོང་ཁྱེར་གྱི་(Naritasan Institute for Buddhist Studies)མཐོ་སློབ་ཏུ་ཚོགས་ཤིང༌། སྐབས་དེར་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་སྒྲིག་འཛུགས་ལའང་བཟོ་བཅོས་མཛད།
  “སྐབས་དྲུག་པའི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་”དེ་ནི། ཕྱི་ལོ་༡༩༩༢ལོར་མཁས་དབང་ཧྥེ་ཡར་ཀི་ཝར་ན་(Per Kvaerne)ཡིས་བསྡུ་སྐོང་མཛད་སྟེ། ནོར་ཝེའི་རྒྱལ་ཁབ་ཀྱི་ཧྥ་གྷེར་ནེ་སི་(Fagernes)གྲོང་ཁྱེར་དུ་ཚོགས་ཤིང་སྒྲིག་འཛུགས་ལ་བསྐྱར་བཅོས་བྱས།
  “སྐབས་བདུན་པའི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་”དེ་ཕྱི་ལོ་༡༩༩༥ལོར་ཨིར་ནི་སི་ཊི་སི་ཊེན་ཀེལ་ནར་(Ernst Steinkellner)གྱིས་ཨོའུ་སི་ཁྲི་རི་ཡ་(Austria)རྒྱལ་ཁབ་ཀྱི་གྷེ་ར་ཛྷི་(Graz)གྲོང་ཁྱེར་ཆེན་མོའི་(Schloss Segau)མཐོ་སློབ་ཏུ་གོ་སྒྲིག་མཛད།
  “སྐབས་བརྒྱད་པའི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་”ནི། ཕྱི་ལོ་༡༩༩༨ལོར་སྐོང་ཚོགས་པ་ཨེ་ལི་ཡོ་ཊི་སི་པར་ལིང་(Elliot Sperling)གིས་ཨ་རིའི་གྲོང་ཁྱེར་བྷུ་ལུ་མིང་ཊོན་(Bloomington)གྱི་ཨིན་ཌི་ཡ་ནའི་མཐོ་སློབ་(Indiana University)ཏུ་བཙུགས།
  “སྐབས་དགུ་པའི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་”ནི། ཕྱི་ལོ་༢༠༠༠ལོར་ཧེང་ཀི་བྷེ་ལེ་ཛྷར་(Henk Blezer)གྱིས་བསྡུ་སྐོང་མཛད་སྟེ། ནེ་དྷར་ལེན་ཌི་(Netherland)རྒྱལ་ཁབ་ཀྱི་ལའི་ཌེན་མཐོ་སློབ་(IIAS, Leiden University)ཏུ་ཚོགས། སྐབས་དེར་ཚོགས་ཆེན་ཕྱི་མ་དེ་ཨི་ཊ་ལིའི་རྒྱལ་ཁབ་ཏུ་ཚོགས་འཆར་བྱས་མོད་ཀྱང༌། རྗེས་སུ་འཆར་གཞི་ལ་འགྱུར་བ་ཕྱིན་པ་རེད།
  དེས་ན་“སྐབས་བཅུ་པའི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་”དེ་ནི། ཕྱི་ལོ་༢༠༠༣ལོར་བོད་དང་ཧི་མ་ལ་ཡའི་སློབ་དོན་ཨེ་རི་སི་ཐེབས་རྩ་ཚོགས་པ་(The Aris Trust Centre for Tibetan and Himalayan Studies)ཞེས་པའི་ངོས་ནས་ཆར་ལེ་སི་རམ་བྷལ་(Charles Ramble)གྱིས་གོ་སྒྲིག་མཛད་སྟེ། དབྱིན་ཇིའི་རྒྱལ་ཁབ་ཀྱི་ཨོག་སི་ཧྥོར་ཌི་མཐོ་སློབ་(St Hugh’s College, University of Oxford)ཏུ་བཙུགས། འདུ་ཚོགས་དེར་ཞུགས་མཁན་མི་གྲངས་ཉིས་བརྒྱ་ལྷག་བྱུང༌། ཐེངས་འདིར་ཡང་སྒྲིག་འཛུགས་ལ་བསྐྱར་བཅོས་བྱ་དགོས་བྱུང༌།
“སྐབས་བཅུ་གཅིག་པའི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་”དེ་ནི། ཕྱི་ལོ་༢༠༠༦ལོར་གོ་སྒྲིག་པ་པེ་ཊར་ཤེ་ཝེ་གྷར་(Peter Schwieger)གྱིས་འཇར་མེ་ནིའི་རྒྱལ་ཁབ་ཀྱི་བྷོན་མཐོ་སློབ་(Universität Bonn)ཀྱི་ངོས་ནས། ཁུའི་ནིག་སི་ཝིན་ཊར་(Königswinter)གྲོང་ཁྱེར་གྱི་མེ་རི་ཁྲིམ་མགྲོན་ཁང་(Hotel Maritim)དུ་ཚོགས་ཤིང༌། འཛུལ་ཞུགས་པ་མི་གྲངས་བཞི་བརྒྱ་ལས་བརྒལ་འདུག
  “སྐབས་བཅུ་གཉིས་པའི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་”དེ་ནི། ༢༠༡༠ལོར་ཚེ་རིང་ཤཱཀྱ་ཡིས་གོ་སྒྲིག་ཞུས་ཏེ་ཁེ་ན་ཌ་(Canada)རྒྱལ་ཁབ་ཀྱི་བྷི་རི་ཏི་ཤི་མཐོ་སློབ་(University of British Columbia)ཏུ་ཚོགས་ཤིང་། ཚོགས་ཞུགས་པ་མི་གྲངས་བཞི་བརྒྱ་ལས་བརྒལ་འདུག
  “རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་”དེ་དག་ཕལ་ཆེར་གྱི་མཇུག་འབྲས་སུ། སྐབས་སོ་སོར་སྒྲོག་སྦྱངས་ཞུས་པའི་དཔྱད་རྩོམ་ལེགས་གྲས་རྣམས་ཕྱོགས་བསྡེབས་ཀྱིས་དེབ་འཕྲེང་སྣ་ཚོགས་དཔར་འགྲེམས་ཀྱང་ཞུས་ཡོད། “རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པ་”འདིའི་ཚོགས་མི་ལའང་སྤྱིར་བཏང་ཚོགས་མི་དང༌། སློབ་སྟོན་ཚོགས་ཆུང་གི་ཚོགས་མི། སྤྱི་ཁྱབ་དྲུང་ཆེ། ཚོགས་ཆེན་བསྡུ་སྐོང་གནང་མཁན་གྱི་གོ་སྒྲིག་ཚོགས་གཙོ། ཚོགས་པའི་ཚོགས་གཙོ་བཅས་ཡོད། རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་ནི་ཚོགས་ཆེན་གཉིས་རེའི་དབར་ལ་འོས་འདེམས་ཐེངས་རེ་ཞུ་གི་ཡོད་པས། ད་བར་འོས་ཐོན་བྱུང་བའི་ཚོགས་གཙོ་རྣམས་གཤམ་གསལ་མཚན་བཀོད་ལྟར་ལགས།
དང་པོ།  ༡༩༧༩  ཁྲུའུ་རལ་ཝི་ཝའི་ལི། (Turrell V Wylie)
གཉིས་པ། ༡༩༨༢  ཨན་དྲི་སུ་རོ་ན་ཏ་ས། (András Róna - Tas)
གསུམ་པ། ༡༩༨༩  ལུ་ཅི་ཡ་ནོ་པེ་ཏྲེག (Luciano Petech)
བཞི་པ།  ༡༩༩༥  མཁར་རྨེའུ་བསམ་གཏན་རྒྱལ་མཚན།    (Samten Gyaltsen Karmay)
ལྔ་པ།   ༢༠༠༠  འཇའ་ནེད་རྒྱ་མཚོ། (Janet Gyatso)
དྲུག་པ།  ༢༠༠༦  ཆར་ལེ་སི་རམ་བྷལ། (Charles Ramble)
  མདོར་ན་ཚོགས་པ་འདི་ཉིད་བཙུགས་ནས་རྒྱལ་སྤྱིའི་ཚོགས་ཆེན་རེ་བསྐོང་དོན་ནི། བོད་རིག་པའི་ཞིབ་འཇུག་པ་དང༌། བོད་རིག་པའི་སློབ་གཉེར་བ་སོགས་རིག་ཚན་ཕན་ཚུན་དབར་འབྲེལ་བ་ཇེ་ཟབ་ཀྱིས་ཉམས་ཞིབ་ཀྱི་བྱ་བ་རྣམས་གོང་དུ་སྤེལ་རྒྱུ་དང༌། སློབ་གཉེར་ཁང་ཆེན་མོ་དང༌། བོད་རིག་པའི་མཁས་དབང༌། དེ་བཞིན་སྒེར་གྱི་ཉམས་ཞིབ་པ་སོགས་ཀྱི་དབར་ལའང་མཉམ་འབྲེལ་བསྒྲུབ་རྒྱུ་བཅས་ལ་དམིགས་པའོ།། །།

རྩོམ་ཁུངས། སེང་རྡོར་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་སོག་ཡུལ་དུ་འཚོགས་གཏན་འཁེལ་བ།

2012-05-14 ཆོས་འཁོར་ཚང་ཉི་མ་འོད་ཟེར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།