ཁྲི་ཀ་རྫོང་སེར་བརྒྱའི་ཞིང་གྲོང་གི་སྨྱུག་ཐོགས་ཚོགས་པས《ཞིང་གྲོང་གི་འགྱུར་ཁུགས》ཞེས་པ་བཀྲམ་པ།

                              རྩོམ་སྒྲིག་པའི་སེམས་འཕྲིན།
 
  ཞིང་གྲོང་ན། ཞི་བདེར་སྙེགས་པའི་སེམས་པ་མཚོ་མོ་བཞིན་འཁྱིལ་ཡོད། 
ཞིང་གྲོང་ན། འཕྲུལ་ཡིག་བཞི་བཅུའི་ཚེ་སྲོག་ཤོག་བུ་རུ་བྲིས་ཡོད། 
ཞིང་གྲོང་ན། ཕྱིར་དྲན་རིང་མོའི་ལོ་རྒྱུས་ངག་རྒྱུན་དུ་དར་ཡོད། 
ཞིང་གྲོང་ན། དྲིན་ཆེན་ཕ་མའི་སློབ་གསོ་གཅེས་ཕྲུག་ལ་གནང་ཡོད།
   དུས་རབས་ཉི་ཤུ་བའི་དུས་སྨད་དུ། འཆར་ཡན་རིང་ལུགས་པ་འདས་པོ་ཁྲི་འཇམ་གྱིས་དབུ་འཛུགས་གནང་བའི«ཞིང་གྲོང་གི་འགྱུར་ཁུགས»ལོ་གྲངས་བཅུ་ཕྲག་སོན་པའི་དུས་ད་ལྟའང་དེབ་ཕྲེང་རེ་རེའི་ཕྱི་ནང་གི་བཟོ་དབྱིབས་དང་ལེ་ཚན་གྱི་སྒྲིག་བཀོད། ནང་སྙིང་གི་ཁྱད་ཆོས་སོགས་ཕྱོགས་གང་ཅིའི་ཐད་ནས་འབད་འབུངས་གང་ལེགས་བྱས་ཏེ་ཀུན་གྱིས་མིག་ངོར་རན་པའི་དཔེ་གཟུགས་དག་གཙང་ཅན་དུ་འགྱུར་བར་སེམས་ཤུགས་བསྣན་ནས་ཡོད་ཀྱང་། རིག་གནས་ཤིག་ལ་ཞབས་འདེགས་ཞུ་རྒྱུ་ནི་ཧ་ཅང་གལ་ཆེ་བའི་གནས་ལགས་པས་སེམས་ཤུགས་དང་རྒྱུ་ཤུགས་གང་རུང་ནས་སྤྱི་ཚོགས་ལ་ཁ་གཏད་དེ་ཕ་ཡུལ་གྱི་ཞིང་གྲོང་གླེང་བ་དང་བསམ་བློའི་ཞིང་གྲོང་གླེང་བ། རིག་གནས་ཀྱི་ཞིང་གྲོང་གླེང་བ་སོགས་གངས་ལྗོངས་ཨ་མའི་ཕང་བར་གཡའ་དྲི་མེད་པའི་རོལ་དབྱངས་དཀྲོལ་བཞིན་ལམ་ལ་ཆས་ཀྱིན་ཡོང་གིན་ཡོད་ནའང་ལེ་ཚན་གྱི་སྒྲིག་གཞིའི་འཆར་འགོད། རྩོམ་ཡིག་གི་སྤུས་ཚད་དང་གྲངས་འབོར། ཞིང་གྲོང་གི་བཤད་ཕྱོགས་དང་འཚམས་མིན་ཐད་ནས་དཀའ་ཁག་མི་ཉུང་བ་ཞིག་བཟོས་འདུག་པར་ཐུགས་དགོངས་གནང་བཞེས་མཛོད།
 
   ངེད་རྩོམ་སྒྲིག་ཚན་ཆུང་གིས་སྤྱི་ལོ(2010--2011)ལོའི«ཞིང་གྲོང་གི་འགྱུར་ཁུགས»སྤྱི་ཚོགས་སུ་འགྲེམ་སྤེལ་བྱེད་མ་ཐུབ་པར་འགྱོད་སེམས་དང་འབྲེལ། སླད་མར་ཡང་སེར་བརྒྱའི་ཞིང་གྲོང་གི་སྨྱུག་ཚོགས་ཀྱིས་ལོ་རེའི་ལག་བསྟར་རྩོམ་སྒྲིག་པ་འདེམས་འགོད་གཏན་འབེབས་བརྒྱུད་ནས་ཀློག་པ་པོ་དང་རྩོམ་མཁན་བར་ལ་གངས་ལྗོངས་རྩོམ་རིག་གི་མཐོངས་ཡངས་ཆེས་ཆེར་འབྱེད་དེ་སང་ཉིན་གྱི་ཉི་གཞོན་བསུ་བར་འབད་འབུངས་བྱས་ནས་ཡོད་པས། རྩོམ་པ་པོ་དང་ཀློག་མཁན་རྣམ་པས་ཀྱང་དུས་ལྟར་ང་ཚོ་རྩོམ་སྒྲིག་ཁང་དུ་ཞིང་གྲོང་གིས་བསྐྱེད་པའི་གཏམ་གླེང་མང་པོ་གང་མགྱོགས་ཀྱིས་བསྩལ་བསྐུར་གནང་རྒྱུ་བྱུང་ན་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། གཞར་ཡང་སེར་བརྒྱའི་སྨྱུག་ཚོགས་ཀྱིས་སྤེལ་བའི«ཞིང་གྲོང་གི་འགྱུར་ཁུགས»ཀྱི་ཚེ་སྲོག་ཉམས་གསོའི་ཆེད་དུ་ཤུགས་རྒྱག་མཁན་ནག་ཆུའི་སྦྲ་ཆེན་རྫོང་གི་སྦྱིན་པ་འབྱུང་གནས་དང་ཁྱུང་སྐྱབས་སེར་བརྒྱའི་ཀུ་བྷེ་གསུམ་ནས་ད་ལན་བསྡུ་རུབ་ཀྱི་ཞལ་འདེམས་དམངས་སྒོར་སུམ་སྟོང་ལྔ་བརྒྱ་དོན་དགུ(3579)རྩོམ་སྒྲིག་ཁང་ལ་འབྱོར་བ་འདིས་བོད་ཀྱི་ས་གནས་རིག་གནས་ཤིག་ལ་དངོས་ཐོག་ཞབས་ཕྱི་རུ་སོང་ཡོད་པ་འདི་ལ་ཀུན་གྱིས་རྗེས་སུ་ཡི་རངས་བྱ་འོས་པ་ལགས་སོ།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།