སློབ་གསོའི་ཟིན་བྲིས་ཀྱི་གསལ་བརྡ།

མགོ་ལོག་པ་འཇིགས་བྱེད་ཚེ་རིང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-04-20

  ༈ དུས་ད་ལྟ་ང་ཚོས་སྙན་ངག་རེ་བྲིས་ཏེ་སྣང་བ་དགུང་དུ་སྤུར་ནས་འདུག་པའི་དུས་ཚོད་ཅིག་མིན་པར། མིའི་རིགས་ཀྱི་ཀུན་སྤྱོད་དང་། ཀུན་སློང་། སྒེར་ཚུགས་སོགས་ཁྱོན་ཡོངས་ནས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་དེ་རིང་གི་ང་ཚོའི་ཁོར་ཡུག་ལ་གཤགས་བཅོས་ཤིག་བྱས་ན་ཅིས་མི་འགྲིགས་སྙམ་པས། སློབ་གསོ་ཞེས་གླེང་དུས་མགོ་བོ་གཟེར་གྱིན་པའི་ཁ་སང་དེ་རིང་གི་འུ་ཚོའི་ཁོར་ཡུག་ལ་ཁ་ཕྱོགས་ཏེ། སློབ་གསོའི་སྐོར་གྱི་རྩོམ་ཡིག་སྤེལ་སའི་གཞུང་ཕྱོགས་ཟིན་བྲིས་འདི་ཆེད་དུ་གཉེར་བ་ཡིན་ལ། འདིར་མི་ཆོས་སྤུས་ཚད་རིག་པ་སྲོག་ཤིང་དུ་བྱས་པའི་ལེགས་རྩོམ་གང་མང་ཞིག་ཆེད་བསྒྲིགས་བྱ་འདོད་པས། ལྟ་བ་སྣ་ཚོགས་ཀྱི་འཇིག་རྟེན་འདིར་དྲི་བྲལ་དྭངས་གཙང་གི་ལྟ་བ་ཞིག་དང་། གཡོ་མེད་དྲང་བདེན་གྱི་མི་གཤིས་བཅས་ནི་ང་ཚོ་མིའི་རིགས་ཀྱི་འཚོ་བའི་དགོས་མཁོ་ཡིན་པ་མ་ཟད། མི་ལུས་དོན་ལྡན་གྱི་རྩ་བའང་ལགས་པས་ཚང་མས་འདི་ལ་དོ་སྣང་དང་རྒྱབ་སྐྱོར་གནང་བར་རེ་སྐུལ་དང་ཐུགས་རྗེ་ཆེ་ཞུ།
  ༈ ཟིན་བྲིས་འདིར་དགོད་རྒྱུའི་རྩོམ་ཡིག་དག་ནི་ང་ཚོའི་སྤྱི་ཚོགས་དང་གནས་བབས་ལ་ཁ་ཕྱོགས་ནས་སྤེལ་རྒྱུ་ཡིན་པ་ལས། ཟིན་བདག་གི་བསམ་བློ་ལྟར་སྤེལ་རྩིས་མེད། དེའི་ཕྱིར། གཤམ་གསལ་ལེ་ཚན་དག་གི་གསལ་བཤད་ལྟར་བོད་ཀྱི་རྩོམ་རིག་གར་སྟེགས་སྟེང་གི་རྩོམ་པ་པོ་ཡོངས་དང་། ལྷག་པར་དུ་སློབ་གསོའི་སྐོར་གྱི་རྩོམ་ཡིག་འབྲི་བ་པོ་དག་གིས་ང་ཚོའི་སྐྱ་ཟད་སྔོ་སྡུག་གི་ཁོར་ཡུག་ལ་བསམ་གཞིགས་ཡང་ཡང་བྱས་པའི་ལེགས་རྩོམ་གང་མང་བསྐུར་བར་རེ་སྒུག་བྱས་ཡོད།
  ༈ གཞན་དཔེ་དེབ་ཏུ་ཡོད་པའི་ཁ་ཚ་དགོས་གཏུགས་ཀྱི་རྩོམ་ཡིག་གང་མང་ཡང་དྲྭ་ཀློག་པ་དག་ལ་འོས་སྦྱོར་བྱེད་རྩིས་མཆིས་མོད། རྩོམ་པ་པོ་རེ་རེར་འབྲེལ་གཏུགས་བྱེད་ཐུབ་ཀྱི་མི་འདུག་པས་དགོངས་དག་ཀྱང་ཞུས་པ་ཡིན།
  དང་པོ། གཟི་བྱིན།
  ༈ ལེ་ཚན་འདིའི་ནང་དུ་སློབ་གསོའི་དགོས་མཁོ་དང་ཕན་ནུས་གཉིས་བརྗོད་གཞིར་བཟུང་བའི་རྩོམ་ཡིག་དང་། ཕུལ་བྱུང་མི་སྣ་མཚམས་སྦྱོར།
  གཉིས་པ། འགག་འཕྲེང་།
  ༈ ལེ་ཚན་འདིའི་ནང་དུ་སློབ་གསོའི་གནད་དོན་ཏེ་རུལ་སུངས་ཀྱི་རྣམ་པ་ཕྱིར་སློག་དང་ལེགས་བཅོས་བྱ་ཐབས་ལས་གཞན་སློབ་གསོའི་རྒྱུན་ཤེས་ཀྱི་ལམ་སྟོན་སྐོར།
  གསུམ་པ། བསམ་གཞིགས།
  ༈ ལེ་ཚན་འདིའི་ནང་དུ་སློབ་གསོའི་སྐོར་གྱི་དྲི་བ་དྲིས་ལན་དང་དཔེ་དེབ་འོས་སྦྱོར།
  བཞི་པ། གོམ་སྟབས།
  ༈ ལེ་ཚན་འདིའི་ནང་དུ་སློབ་གསོའི་སྐོར་གྱི་བྱ་འགུལ་དང་འཕྲིན་གསར་ཁྱབ་སྒྲོག
  ལྔ་པ། དགོངས་འཆར།
  ༈ ལེ་ཚན་འདི་ནི་ཆེད་དུ་སློབ་གསོའི་ཟིན་བྲིས་འདི་ཀློག་པ་པོ་དག་ལ་བཞག་པའི་སྐལ་བ་སྟེ། འདིའི་ནང་དུ་ཟིན་བྲིས་འདི་ལ་བཟུང་བའི་རྣམ་འགྱུར་དང་། རེ་བ། ངོ་རྒོལ་སོགས་ཀྱི་རྩོམ་ཡིག་དང་དཔྱད་བརྗོད་སོགས་བསྐུར་ཆོག
  ༈ གོང་བཀོད་ཀྱི་གསལ་བཤད་ནང་ལྟར་སློབ་གསོའི་སྐོར་གྱི་རྩོམ་ཡིག་དང་དགོངས་འཆར་གང་མང་སྐུར་དུས་རང་རྩོམ་མམ་གཞན་རྩོམ་འོས་སྦྱོར་སོགས་གང་ཡིན་གསལ་བཤད་དང་། རྩོམ་པ་པོ་དང་འོས་སྦྱོར་པའི་དངོས་མིང་། འབྲེལ་གཏུག་བྱེད་ཐབས་སོགས་ཁ་གསལ་ཡོད་དགོས་པའང་ཐུགས་འཇགས་འཚལ།
  ༈ ཟིན་བདག
  འབའ་མཁྱེན་དཔལ།
  མགོ་ལོག་པ་འཇིགས་བྱེད་ཚེ་རིང་།
  ༈ འབྲེལ་གཏུག་བྱེད་ས།
  མགོ་ལོག་པ་འཇིགས་བྱེད་ཚེ་རིང་།
  ཁ་པར། 13649751860
  གླེང་མོལ། 1654346774

ཡིག་ཟམ། jiuxie527@yahoo.cn

བོད་རབ་གནས་ཆུ་འབྲུག་ལོའིཟླ་༢ཚེས་༢༨ཕྱི་ལོ་༢༠༡༢ཟླ་༤ཚེས་༡༩ལ་གུས་ཕུལ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སློབ་གསོའི་ཟིན་བྲིས་ཀྱི་གསལ་བརྡ།

2012-04-20 མགོ་ལོག་པ་འཇིགས་བྱེད་ཚེ་རིང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།