༼རྣམ་རྟོག་གི་ཞགས་པས་བཅིངས་པའི་འཇིག་རྟེན༽ཞེས་པའི་དེབ་ཅིག་པར་དུ་བསྐྲུན་འདུག

 བརྩེ་ལྡན་གྱི་ཀློག་པ་པོ་ལགས།

    སྨྱུག་ཐོགས་པ་པདྨ་དམར་པོའི་བརྩམས་བྱ་དཔེ་དེབ་བཞི་པ་༼ རྣམ་རྟོག་གི་ཞགས་པས་བཅིངས་པའི་འཇིག་རྟེན་༽ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་དཔར་བསྐྲུན་ཞུས་ཡོད།དཔེ་དེབ་ནང་ནང་ཆོས་ཀྱི་ལྟ་སྤྱོད་དངོས་ཀྱི་ལམ་ནས་སྤྱིར་འཛམ་གླིང་ཁྱོན་དང་བྱེ་བྲག་གངས་ཅན་ཡུལ་གྱི་ཆོས་མིན་རྨོངས་དད་ཀྱི་ལྟ་ཚུལ་ལ་ཞིབ་འཇུག་ཚད་ལྡན་ངང་ཡང་དག་ཤེས་རབ་ཀྱི་འོད་སྣང་ལས་རང་གཞན་སེམས་ཅན་ཀུན་ལ་ཕན་བདེ་བསྐྲུན་ཐབས་དང་། དོན་དམ་ཆོས་ཀྱི་ལམ་ལ་འཇུག་ཐབས། འབྱུང་ཁམས་དང་རིག་དངོས་ལ་སྲུང་སྐྱོབ། ཕ་མེས་ཀྱི་སྐད་ཡིག་དང་ཡ་རབས་ཀྱི་ལྟ་སྤྱོད་རྒྱུད་འཛིན་སོགས་བརྗོད་བྱར་བྱེད་པའི་དུས་རབས་ཀྱི་གཅོང་སྒྲ་དབྱངས་སུ་གྱེར་བའི་བཅོས་མིན་སྙིང་གཏམ་ཟབ་མོ་ཞིག་ཡིན་པས་རྒྱ་ཆེའི་ཀློག་པ་པོ་རྣམ་པས་སྙིགས་དོར་བཅུད་ལེན་གྱི་ལྟ་གྲུབ་བཅངས་རྒྱུའི་འདུན་པ་ཤིན་ཏུ་ཆེ།།

རྩོམ་པ་པོའི་དེབ་ཕྲེང་གསུམ་པ། ༼སེམས་ཁམས་གསོ་བའི་བདུད་རྩི།༽
   དེ་ཡང་ཉེ་རབས་ལོ་ངོ་བཅུ་ཙམ་ནང་བོད་ནང་གི་ཆེས་ཕུལ་དུ་བྱུང་བའི་བོད་ཡིག་དཔེ་དེབ་༼སེམས་ཁམས་གསོ་བའི་བདུད་རྩི་༽ཞེས་པ་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ཁང་ནས་དཔེ་སྐྲུན་ཞུས་ཡོད།  དཔེ་དེབ་ནང་འཛམ་གླིང་ཤར་ནུབ་ཡུལ་གྲུ་གང་སར་ཚན་རྩལ་གོང་འཕེལ་འགྲོ་བ་དང་ཆབས་ཅིག རང་བྱུང་ཁམས་ཀྱི་གདོད་མའི་ནགས་ཚལ་དང་རང་བྱུང་ཁོར་ཡུག་སོགས་ལ་གཏོར་ཤིག་ཚབས་ཆེན་བྱུང་སྟེ། རང་བྱུང་ཁམས་སུ་སྔར་མེད་ཀྱི་དཀའ་ངལ་སྣ་ཚོགས་དང་འགྲོ་བ་སེམས་ཅན་གྱི་ཚེ་སྲོག་ལ་གནོད་འཚེ་བར་མ་ཆད་པ་འཕྲད་བཞིན་པའི་དངོས་བྱུང་གི་ལོ་རྒྱུས་དང་དོན་དངོས་ཀྱི་སྣང་ཚུལ། དེ་བཞིན་འགྲོ་བ་མིའི་འཚོ་ལམ་དང་སེམས་ཁམས་སུ་སྔོན་མེད་ཀྱི་སྡུག་བསྔལ་དང་དཀའ་ངལ་སྣ་ཚོགས་འཕྲད་བཞིན་པའི་རྒྱུད་རིམ་ལ་རྩོམ་པ་པོས་རང་གི་ཁྱད་དུ་འཕགས་པའི་རྩོམ་རྩལ་དང་ལྷད་མེད་ཀྱི་ལྷག་བསམ་ཟུང་དུ་འབྲེལ་བའི་དཔྱད་པ་གཟབ་ནན་ངང་ནང་པ་སངས་རྒྱས་པའི་ཟབ་ཅིང་རྒྱ་ཆེ་བའི་ཆོས་ལུགས་ཀྱི་ལྟ་བ་དང་སྤྱོད་པའི་ལམ་ནས་དཀའ་ངལ་དེ་དག་སེལ་ཐབས་ཀྱི་ཡང་དག་པའི་ལམ་སྟོན་དང་འཛམ་གླིང་ཡོངས་ལ་འཚེ་མེད་ཞི་བདེའི་འོད་དཀར་འཆར་ཐབས་ཀྱི་ཕུགས་འདུན་མཚོན་པར་བྱས་ཡོད།།
                   འབྲེལ་བ་གནང་ཡུལ། 13628912300
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།