ཨི་ཏ་ལིའི་སྐད་གྲགས་ཆེ་བའི་གློག་བརྙན་འཁྲབ་གཞུང་རྩོམ་པ་པོ་དང་སྙན་ངག་པ་ཐོ་ནི་ནོ་གྷེ་རེ་སྐུ་གཤེགས་པ།

 
 ཨི་ཏ་ལིའི་སྐད་གྲགས་ཆེ་བའི་གློག་བརྙན་འཁྲབ་གཞུང་རྩོམ་པ་པོ་དང་སྙན་ངག་པ་ཐོ་ནི་ནོ་གྷེ་རེའ༼Tonino Guerra ༽མཆོག་ཟླ་འདིའི་ཚེས་ཉེར་གཅིག་ཉིན་སྐུ་འདས་པར་གྱུར་ཞིང་ད་ལོ་དགུང་གྲངས་གོ་གཉིས་ལ་སོན་ཡོད་འདུག  ཁོང་ནི་གཅིག་དགུ་ཉི་ཤུ་ལོའི་ཟླ་གསུམ་པའི་ཚེས་ཉེར་དྲུག་ཉིན་སོ་ནམ་པའི་ཁྱིམ་ཞིག་ཏུ་སྐྱེས་ཤིང་ཕ་ནི་ཉ་བ་ཞིག་དང་མ་ནི་ཡིག་ངོ་མི་ཆོད་པའི་སོ་ནམ་པ་ཞིག་ཡིན།  ཁོས་གཅིག་དགུ་ཞེ་དྲུག་ལོར་སྙན་དེབ་ཐོག་མ་དཔར་དུ་བཏབ།  ཁོང་གིས་ཚེ་གང་བོར་གློག་བརྙན་འཁྲབ་གཞུང་བརྒྱ་ལྷག་བརྩམས་ཡོད་པ་མ་ཟད་ཡོ་རོབ་གླིང་གི་སྒྱུ་རྩལ་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་མི་ཁེ་ལང་གྷེ་ལོ་ཨན་ཊོན་ནེའོ་ནི༼ Michelangelo Antonioni ༽དང་སེའོ་ཨན་གྷེ་ལོ་ཕོའུ་ལོ་སི༼ Theo Angelopoulos ༽དང་ཧྥེ་རྡེ་རི་ཁོ་ཧྥེལ་ལི་ནི༼ Federico Fellini ༽དང་ཨན་སྒྲི་རེ་ཐར་ཁོབ་སི་ཁེ༼ Andrei Tarkovsky ༽སོགས་དང་ལྷན་དུ་འཁྲབ་གཞུང་བྲིས་ཏེ་སྙན་ངག་གི་ཉམས་ཀྱིས་ཕྱུག་པའི་གློག་བརྙན་བརྩམས་ཆོས་འབོར་ཆེན་ཞིག་མི་ཡུལ་ལ་ལག་རྗེས་སུ་བཞག་ཡོད་ལ་འདིར་དཔེ་མཚོན་འགའ་དྲངས་ན༼ ཕ་ཡུལ་དྲན་པའི་གདུང་བ ༽(1983)དང་༼ དུས་ཚོད་ཀློང་གི་འགྲུལ་བཞུད ༽(1983)དང་༼ སྤྲིན་པའི་ཕ་རོལ་ན ༽(1995)དང་༼ ན་བུན་ཀློང་གི་ཡུལ་ལྗོངས ༽(1988)དང་༼ རྟག་བརྟན་གྱི་ཉིན་གཅིག ༽(1998)དང་༼ ངུ་བཞིན་པའི་སྤང་ལྗོངས ༽(2004)ཞེས་པ་སོགས་ཡོད་དོ།།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཨི་ཏ་ལིའི་སྐད་གྲགས་ཆེ་བའི་གློག་བརྙན་འཁྲབ་གཞུང་རྩོམ་པ་པོ་དང་སྙན་ངག་པ་ཐོ་ནི་ནོ་གྷེ་རེ་སྐུ་གཤེགས་པ།

2012-03-28 ལྡོང་བུ། ཀློག་གྲངས། མཆན ཡོད།

 
 ཨི་ཏ་ལིའི་སྐད་གྲགས་ཆེ་བའི་གློག་བརྙན་འཁྲབ་གཞུང་རྩོམ་པ་པོ་དང་སྙན་ངག་པ་ཐོ་ནི་ནོ་གྷེ་རེའ༼Tonino Guerra ༽མཆོག་ཟླ་འདིའི་ཚེས་ཉེར་གཅིག་ཉིན་སྐུ་འདས་པར་གྱུར་ཞིང་ད་ལོ་དགུང་གྲངས་གོ་གཉིས་ལ་སོན་ཡོད་འདུག  ཁོང་ནི་གཅིག་དགུ་ཉི་ཤུ་ལོའི་ཟླ་གསུམ་པའི་ཚེས་ཉེར་དྲུག་ཉིན་སོ་ནམ་པའི་ཁྱིམ་ཞིག་ཏུ་སྐྱེས་ཤིང་ཕ་ནི་ཉ་བ་ཞིག་དང་མ་ནི་ཡིག་ངོ་མི་ཆོད་པའི་སོ་ནམ་པ་ཞིག་ཡིན།  ཁོས་གཅིག་དགུ་ཞེ་དྲུག་ལོར་སྙན་དེབ་ཐོག་མ་དཔར་དུ་བཏབ།  ཁོང་གིས་ཚེ་གང་བོར་གློག་བརྙན་འཁྲབ་གཞུང་བརྒྱ་ལྷག་བརྩམས་ཡོད་པ་མ་ཟད་ཡོ་རོབ་གླིང་གི་སྒྱུ་རྩལ་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་མི་ཁེ་ལང་གྷེ་ལོ་ཨན་ཊོན་ནེའོ་ནི༼ Michelangelo Antonioni ༽དང་སེའོ་ཨན་གྷེ་ལོ་ཕོའུ་ལོ་སི༼ Theo Angelopoulos ༽དང་ཧྥེ་རྡེ་རི་ཁོ་ཧྥེལ་ལི་ནི༼ Federico Fellini ༽དང་ཨན་སྒྲི་རེ་ཐར་ཁོབ་སི་ཁེ༼ Andrei Tarkovsky ༽སོགས་དང་ལྷན་དུ་འཁྲབ་གཞུང་བྲིས་ཏེ་སྙན་ངག་གི་ཉམས་ཀྱིས་ཕྱུག་པའི་གློག་བརྙན་བརྩམས་ཆོས་འབོར་ཆེན་ཞིག་མི་ཡུལ་ལ་ལག་རྗེས་སུ་བཞག་ཡོད་ལ་འདིར་དཔེ་མཚོན་འགའ་དྲངས་ན༼ ཕ་ཡུལ་དྲན་པའི་གདུང་བ ༽(1983)དང་༼ དུས་ཚོད་ཀློང་གི་འགྲུལ་བཞུད ༽(1983)དང་༼ སྤྲིན་པའི་ཕ་རོལ་ན ༽(1995)དང་༼ ན་བུན་ཀློང་གི་ཡུལ་ལྗོངས ༽(1988)དང་༼ རྟག་བརྟན་གྱི་ཉིན་གཅིག ༽(1998)དང་༼ ངུ་བཞིན་པའི་སྤང་ལྗོངས ༽(2004)ཞེས་པ་སོགས་ཡོད་དོ།།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།