ཁྲིང་ཏུའུ་མཚོ་སྐྱེས་རིག་གནས་སྤྱི་གཉེར་ཁང་གི་གསར་བརྡ།

  ༡  ལས་ཁུངས་འདིས་ ༢༠༡༢-༡-༡ ནས་བཟུང་ང་ཚོ་བོད་ཀྱི་ཆོས་རིག་གྱི་གཞུང་ལུགས་མཐའ་དག་དཀའ་ངལ་བརྒྱ་ཕྲག་ལ་མ་འཛེམ་པར་རྒྱལ་ཕྱི་ནང་ནས་འཚོལ་བསྡུ་བྱས་ཏེ་འཛམ་གླིང་ཡོངས་ལ་དར་སྤེལ་གཏོང་ཆེད་ནང་ཆོས་ཀྱི་གསུང་རབ་དང་། བོད་ཀྱི་གནའ་དེང་མཁས་པའི་བརྩམས་ཆོས་གསར་རྙིང་རིན་ཐང་དང་ལྡན་པ་ཡོངས་ཕྱོགས་གཅིག་ཏུ་བསྡུས་ཏེ།  རིག་གཞུང་དེ་དག་གློག་རྡུལ་ཡི་གེ་རུ་ཕབས་ནས་ཧི་མ་ལའི་རིག་མཛོད་ཆེན་མོ་ཞེས་བོད་ཀྱི་རིག་གཞུང་མཐའ་དག་ཆ་ཚང་འདུས་པའི་དཔེ་ཚོགས་གསར་བ་ཞིག་དཔར་བསྐྲུན་བྱས་ཏེ་ཕྱོགས་ཡོངས་ལ་ང་ཚོ་བོད་ཀྱི་རིག་གནས་འདི་རྒྱུད་འཛིན་དང་དར་སྤེལ་རྒྱ་ཆེན་པོ་འོང་ཆེད་དཔེ་ཚོགས་ལ་རིན་མི་ལེན་པར་གཟིགས་འབུལ་བྱེད་རྒྱུ་དང་།  ལྷག་དུ་བརྡ་འཕྲིན་དུས་རབས་འདིར་ངེད་ལས་ཁུངས་ཀྱི་ཧི་མ་ལའི་རིག་མཛོད་དྲ་བ་ཞེས་པའི་དྲ་ལམ་གསར་བཟོ་བྱས་ཏེ་ནང་བསྟན་དང་བོད་ཀྱི་རིག་གནས་ཡོངས་རྫོགས་འཛམ་གླིང་ཧྲིལ་བོས་ཉིན་གཅིག་ལ་དུས་གཅིག་ཏུ་ལྟ་ཀློག་བྱེད་ཐུབ་པའི་སྤུས་ལེགས་གློག་རྡུལ་དཔེ་ཆ་བཟོ་རྒྱུའི་འཆར་གཞི་རབ་དང་རིམ་པ་བཞག་ནས་ལས་གཞི་འདི་དངོས་སུ་ལག་བསྟར་བྱས་ནས་ཟླ་ཁ་ཤས་སོང་ཡོད།    
  ཟླ་འདི་དག་གི་རིང་ལ་རིག་གཞུང་པོད་ ༨༠༠ ལྷག་ཅིག་ལ་གཏགས་སྒྲིག་གི་བྱ་བ་ལེགས་འགྲུབ་བྱུང་སྟེ་གྲུབ་འབྲས་མངོན་གསལ་ཅན་ཐོན་ཡོད་ཕྱིན་ཕྱོགས་སོ་སོའི་མཁས་པ་མི་ཉུང་བ་ཞིག་གིས་ལས་གཞི་འདི་ལ་སྙིང་ནས་ཡི་རངས་ངང་གཏིང་སྐུལ་དང་རྒྱབ་སྐྱོར་བླ་མེད་གནང་གིན་འདུག་པས་བཀའ་དྲིན་ཤིན་ཏུ་ཆེ་ཞུ་བ་ལགས།      
 ༢  ལྷག་ཏུ་ ༢༠༡༢ ལོ་འདིར་བོ་དོང་པཎ་ཆེན་གྱི་གསུང་འབུམ་དཔར་སྐྲུན་བྱེད་རྒྱུའི་འཆར་གཞི་ཡོད་ལ།        
  བོ་དོང་པཎ་ཆེན་ནི་དུས་རབས་ ༡༤ ཡས་མས་ཀྱི་བོད་ཀྱི་མཁས་པ་ཆེན་པོ་ཞིག་ཡིན།  ཁོང་གི་གསུང་འབུམ་སྡོམ་པས་པོད་༼ ༡༣༧  ༽ཡོད་ལ།    དེར་བོད་ཀྱི་བཅུ་ཕྲག་རིག་གནས་ཆ་ཚང་འདུས་ཡོད་པར་མ་ཟད།   ལྷག་པར་དུ་ཁོང་གི་གསུང་རྩོམ་དེ་ནང་བསྟན་རིག་པའི་ཕྱོགས་ནས་བོད་ཀྱི་ས་དགེ་བཀའ་རྙིང་ཇོ་བོན་བཅས་གྲུབ་མཐའ་ཆེ་ཁག་དྲུག་གི་ཕྱོགས་གར་ཡང་མི་གཏོགས་ཤིང་། གྲུབ་མཐའ་གཞན་དག་གི་ཉིང་བཅུད་འདུས་ཤིང་ཁོང་བཅོལ་སའི་གཞི་རྩའི་རིག་གཞུང་ལྟ་བུ་ཞིག་དུ་གྱུར་ཡོད་པར་མ་ཟད།  བོད་ཡུལ་འདིར་བོ་དུང་གྲུབ་མཐའ་ཞེས་སྔོན་གྱི་གྲུབ་མཐའ་སྨྲ་བ་ཚོས་གཅིག་གྱུར་གྱི་དཔེ་ཀློག་བྱེད་སའི་རིག་གཞུང་ཁྱད་འཕགས་ཤིག་ཏུ་ཆགས་ཡོད།  ལྷག་ཏུ་དུས་འཁོར་སྒྲ་ཚད་གསོ་རིག་སོགས་ལ་ཐུན་མིན་ཁྱད་ཆོས་ཡོད་པ་དང་།    ད་དུང་བོད་ཀྱི་ཡུལ་སྲོལ་གོམ་གཤིས་ལུགས་ཀྱི་བསྟན་བཅོས་སོགས་དམངས་སྲོལ་རིག་གནས་ཀྱི་ནང་དོན་ཕུན་སུམ་ཚོགས་པ་འདུས་ཤིང་ཞིབ་འཇུག་གི་རིན་ཐང་ཆེན་པོ་ལྡན་ལ། འཛམ་གླིང་དུ་སྔར་བྱོན་མཁས་པའི་བརྩམས་ཆོས་ཁྲོད་ཆེས་བརྩམས་ཆོས་མང་བའི་མཁས་པ་གཅིག་པུའང་ཡིན།  ཡིན་ནའང་ད་སྔོན་རྒྱལ་ཕྱི་ནང་ན་ཁོང་གི་གསུང་རྩོམ་མ་ཕྱི་བྲིས་མ་གཅིག་པོ་འདི་ལས་མེད་པ་དང་། དཔེ་དེབ་ཀྱི་གྲངས་མང་བ། འགྲོ་གྲོན་དང་དཀའ་ཚེགས་ཤིན་ཏུ་ཆེ་བ་བཅས་ཀྱིས་ཁོང་གི་གསུང་རྩོམ་ཆ་ཚང་ཞིག་དཔེ་སྐྲུན་དང་དར་སྤེལ་བྱེད་མ་ཐུབ་པར་ད་བར་དུ་ལུས་སོང་བ་ཡིན།    
  དེ་ཕྱིར་ད་ལན་ངེད་མཚོ་སྐྱེས་རིག་གནས་སྤྱི་གཉེར་ཁང་གིས་ད་ལོ་ཐོག་མར་བོ་དོང་པཎ་ཆེན་གྱི་གསུང་རྩོམ་མ་ཕྱི་བྲིས་མ་གཅིག་པོ་འདི་རྒྱལ་ཕྱིའི་དཔེ་མཛོད་ཁང་ཆེན་མོ་ནས་ཆེད་དུ་གདན་དྲངས་ཏེ་གློག་རྡུལ་ཡི་གེ་རུ་ཕབས་ཏེ་ཞུ་དག་དང་ལེགས་སྒྲིག་འཐུས་ཚང་རང་བཞིན་ཅན་ཞིག་ཧི་མ་ལའི་རིག་མཛོད་ཆེན་མོའི་གྲས་སུ་དཔར་སྐྲུན་དང་དར་སྤེལ་བྱེད་པའི་འཆར་གཞི་འདི་ལག་བསྟར་བྱེད་བཞིན་ཡོད།   
  ༣   ཉེ་ལམ་ལས་ཁུངས་འདིར་ཆེད་ལས་མི་སྣ་དག་བསྡུ་ལེན་བྱས་དང་བྱེད་བཞིན་ཡོད་ནའང་།  ད་དུང་ཞུ་དག་དང་རྩོམ་སྒྲིག་སྡེ་ཁག་གི་ཆེད་ལས་མི་སྣ་དག་ད་ལོ་གསར་དུ་བསྡུ་རྒྱུ་ཡིན།  དེ་ཕྱིར་རྒྱལ་ཕྱི་ནང་གི་ཆེད་མཁས་མི་སྣ་འགའ་ངེད་ལས་ཁུངས་ཀྱི་གདན་ཞུ་བྱེད་རྒྱུ་ཡིན་པས་མྱུར་བར་འབྲེལ་གཏུགས་གནང་རོགས།  ཆེད་མཁས་ཞུ་དག་པའི་ཆ་རྐྱེན་ནི། བོད་ཀྱི་ནང་བསྟན་དང་། ཡང་ན་རིག་གནས་གཞན་དག་གི་ཕྱོགས་ལ་ངེས་ཆ་མི་དམན་པ།   ངེས་པར་དུ་ཐུན་མོང་རིག་གནས་ལ་བྱང་ཆ་ཡོད་པ།  ཧི་གཟུགས་དང་རྩིས་འཕྲུལ་ལ་གོ་བ་རགས་ཙམ་ཆགས་ཡོད་པ་བཅས་ཡིན།    ཆེད་མཁས་རྩོམ་སྒྲིག་པར་ཕྱིའི་མཛེས་ཆ་དང་ནང་ཡིག་ཆའི་སྒྲིག་བཟོ་ལ་ལག་རྩལ་ཐུན་མིན་ཡོད་པ།   ཡང་ན་རྒྱ་སྤྱིའི་རྩོམ་སྒྲིག་མཉེན་ཆས་ Adobe InDesign CS4  ལ་ཆེད་ལས་གནང་ཡོད་པ་གང་རུང་ཡིན་དགོས།   གསོལ་བཅས་སྡོད་གནས་སོགས་གཞུང་ནས་བཀོད་སྒྲིག་ཡོད་པར་མ་ཟད་ཟླ་ཕོགས་སོགས་ཀྱང་དུས་ལྟར་སྤྲོད་རྒྱུ་ཡིན།   
འབྲེལ་ལམ།   13980886163    028-87422886     QQ1095661700  ཡིག་སྒམ།    Maizha6688@163.com  
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྲིང་ཏུའུ་མཚོ་སྐྱེས་རིག་གནས་སྤྱི་གཉེར་ཁང་གི་གསར་བརྡ།

2012-03-09 བསིལ་རླུང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།