སྦྲ་ནག་རིག་གནས་སྒྱུ་རྩལ་ཚོགས་པའི་གློག་བརྙན་སློབ་ཁྲིད་སྐོར་གྱི་བརྡ་སྦྱོར།

  དེང་སྐབས་བོད་ཁུལ་ས་ཕྱོགས་སུའང་གློག་བརྙན་སྒྱུ་རྩལ་གྱི་བྱ་བར་སྤྲོ་སྣང་ཅན་དང་དགའ་ཕྱོགས་ཅན་གང་མང་མང་ཡོད་ཀྱང་། ཁོར་ཡུག་གི་དབང་གིས་དང་ཡང་ན་ཆ་རྐྱེན་གྱི་དབང་གིས་ཆེད་ལས་སློབ་སྦྱོང་བྱེད་པའི་གོ་སྐབས་ཤིན་ཏུ་དཀོན། དེ་བས་ངེད་སྦྲ་ནག་རིག་གནས་སྒྱུ་རྩལ་ཚོགས་པས་བོད་ནང་ཁུལ་ཏུའང་སྒྱུ་རྩལ་གྱི་བྱ་བ་འདི་མཐོར་འདེགས་དང་གོང་འཕེལ་གཏོང་བ་དང་། ཡང་ན་བོད་རིགས་ན་གཞོན་ཕོ་མོ་རྣམས་ཀྱིས་ཀྱང་སྒྱུ་རྩལ་གྱི་བྱ་བ་འདི་ལས་མི་རིགས་ལ་ཕན་ཐོགས་པའམ་ཞབས་ཞུ་ཅུང་ཙམ་སྒྲུབ་པ། མཐར་ཐུག་རང་ཁ་རང་གསོ་བྱེད་ཐུབ་པ་བཅས་ཀྱི་རྒྱུ་རྐྱེན་འདི་དག་དམིགས་སུ་བཟུང་ནས། བོད་ཁུལ་དུ་ཤེས་ལྡན་མི་སྣ་བསྐྱེད་བསྲིང་བྱེད་ཆེད་དུ་ད་ཐེངས་འདིར་སློབ་ཡོན་གཅིག་ཀྱང་མི་ལེན་པར་བརྙན་ལེན་སྒྲིག་སྦྱོར་གྱི་རྨང་གཞིའི་ཤེས་བྱ་གཙོ་བྱས་ཏེ་གློག་བརྙན་དང་འབྲེལ་ཡོད་ཀྱི་ཤེས་བྱ་གཞན་དག་སློབ་ཁྲིད་བྱེད་རྒྱུ་ཡིན། སློབ་ཁྲིད་ཀྱི་གོ་རིམ་ཁྲོད་ཆེད་དུ་ཆེད་ལས་གློག་བརྙན་འཁྲབ་ཁྲིད་པ་དང་། བརྙན་ལེན་པ། སྒྲིག་སྦྱོར་བ། འཁྲབ་གཞུང་རྩོམ་པ་པོ་སོགས་བཅས་གདན་འདྲེན་བྱས་ཏེ་སློབ་ཁྲིད་བྱེད་པ་དང་། དངོས་ཡོད་ལག་ལེན་བརྒྱུད་དེ་བརྙན་ལེན་སྒྲིག་སྦྱོར་ཕྱོགས་ཀྱི་སློབ་ཁྲིད་བྱེད་པ། གཞན་རེས་གཟའ་སྤེན་པ་དང་ཉི་མ་ཉིན་གཉིས་ལ་བརྙན་ལེན་སྒྲིག་སྦྱོར་གྱི་ལས་བྱ་དང་གློག་བརྙན་ལ་བལྟ་བའི་ལས་བྱ་བཀོད་སྒྲིག་བྱེད་པ་བཅས་ཀྱི་འཆར་གཞི་ཡང་ཡོད། ཁ་གཏད་ཡུལ་ནི་ས་ཁུལ་གཅིག་མ་ཡིན་པར་བོད་ལྗོངས་དང་། སུ་ཁྲོན། ཀན་སུའུ། ཡུན་ནན། མཚོ་སྔོན་བཅས་ཀྱི་བོད་རིགས་ལས་ཤོར་མཐར་ཕྱིན་སློབ་མ། གཞན་སྒྱུ་རྩལ་བྱ་བར་སྤྲོ་སྣང་ཆེ་བའི་བོད་རིགས་ན་གཞོན་པ་བཅས་ཡིན་ལ། ལྷག་པ་དུ་རང་རིགས་སྐྱེས་མ་ཞུགས་པར་དགའ་བསུ་ཡོད།
  དུས་ཚོད། སྤྱི་ལོ་ཉིས་སྟོང་བཅུ་གཉིས་པའི་ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན། སློབ་ཁྲིད་བྱེད་ཡུན་ཟླ་གཉིས་ཀྱི་རིང་ཡིན་ཏེ། ཟླ་གཅིག་གི་རིང་ལ་བརྙན་ལེན་དང་སྒྲིག་སྦྱོར་སློབ་ཁྲིད་བྱེད་པ་དང་། ཟླ་གཅིག་གི་རིང་ལ་དངོས་སྦྱོང་བྱེད་ཞོར་གློག་བརྙན་བཟོ་བསྐྲུན་བྱེད་རྒྱུ་ཡིན།
 ས་གནས། ཟི་ལིང་།
 འབྲེལ་གཏུག་བྱེད་ཡུལ། དགྲ་འདུལ།18297003399
                               སྒོམ་པ། 13099776619  09713838384
                               བཀྲ་ཤིས་བསམ་འཕེལ། 13639754987 09713666256
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།