ནུབ་བྱང་མི་རིགས་སློབ་ཆེན་དུ༼གཟའ་ཉི་མའི་དཔེ་ཀློག་གི་བྱེད་སྒོ༽སླར་ཡང་སྤེལ་བ།

  བོད་ཀྱི་སྐད་ཡིག་རིག་གནས་སློབ་གླིང་སློབ་ཁུལ་གསར་བ་རུ་གནས་སྤོས་ནས་ཟླ་གཅིག་ལྷག་འགོར་བཞིན་པའི་སྐབས་འདིར་སློབ་མའི་ཚོགས་པའི་ཚན་ཁག་སོ་སོའི་ལས་དགོས་ལྟར་རང་རང་གི་བྱ་བ་སྒྲུབ་བཞིན་ཡོད་ལ།དེ་བཞིན་དུ་གཟའ་ཉི་མའི་དཔེ་ཀློག་ཚན་ཁག་གིས་ཀྱང་མ་སྐུལ་དང་བླངས་གིས་གཟའ་ཉི་མའི་དཔེ་ཀློག་ཅེས་པའི་བྱེད་སྒོ་དུས་ལྟར་དུ་སྤེལ་གྱིན་འདུག
 
  རྒྱལ་ཁ་དང་གྲུབ་འབྲས་ཀྱིས་གཏམས་པའི་སློབ་སྐབས་གཅིག་ཕར་ལ་བསྐྱལ་ཞིང་།རེ་བ་དང་ཡིད་ཆེས་ཀྱིས་ཁེངས་པའི་སློབ་སྐབས་ཤིག་ཚུར་བསུས་ཏེ་ངེད་ཅག་བུ་མོ་ཚོའི་སྤོབས་པ་དང་ལྷག་བསམ་གྱིས་ཡང་བསྐྱར་༼གཟའ་ཉི་མའི་དཔེ་ཀློག༽་ཅེས་པའི་བྱེད་སྒོ་འདི་སྟོན་ཁའི་འབྲས་བཟང་དང་ལྷན་དུ་སྤེལ་ལ། ཁོ་མོ་ཚོས་༼དཔེ་ཆ་ལྟ་ཀློག་དང་བསམ་བློ་བརྗེ་རེས།དཔེ་དེབ་མངག་ཉོ།དཔེ་ཆ་གཡོར་བ༽བཅས་ཀྱི་བྱེད་སྒོའི་རྩ་དོན་གཞིར་བཟུང་ཐོག འདིར་བོད་ཡིག་གི་དཔེ་ཆ་ཉོ་རྒྱུ་མེད་པ་མ་ཟད་སློབ་རའི་ནང་དུ་བོད་ཡིག་གི་དཔེ་ཆ་གཡོར་རྒྱུའང་ཁག་པོ་ཡིན་པས།དཔེ་ཀློག་ལ་མོས་པའི་སློབ་ཆེན་པ་ཚོའི་འདུན་པ་དང་དགོས་མཁོར་དམིགས་ཏེ། བུ་མོས་ཚོས་དཀའ་མོའི་ཚེགས་དང་དཀོན་མོའི་རྒྱུ་ལ་མ་འཛེམ་པར་བོད་ཡིག་དཔེ་ཚོང་ཁང་སྐོར་ཞིག་ནས་དཔེ་ཆ་སུམ་བརྒྱ་ལྷག་ཉོས་ཏེ་སློབ་རའི་ནང་དུ་བཀྲམས་ཞིང་དཔེ་ཀློག་ལ་མོས་པའི་དགེ་སློབ་ཡོངས་ལ་ལྟ་ཀློག་དང་ཉོ་རུ་བཅུག་པས་དགེ་སློབ་མང་པོས་དགའ་བསུ་ཐོབ་པ་མ་ཟད།བོད་ཡིག་སྡེ་ཁག་དང་དགེ་རྒན་རྣམ་པའི་མཛུབ་སྟོན་དང་རྒྱབ་སྐྱོར་སྔར་ལས་ཐོབ་པར་བརྟེན།བུ་མོ་ཚོར་ཡིད་ཆེས་དང་སྤོབས་པས་ཁེངས་ཏེ།རྗེས་ཕྱོགས་སུ་བྱེད་སྒོ་འདི་མུ་མཐུད་དུ་སྤེལ་རྒྱུའི་འཆར་གཞི་ཡོད།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།