རྨ་ཡུལ་རྩོམ་སྒྲིག་མཐུན་ཚོགས་གསར་དུ་བཙུགས་པ།

༢༠༡༢ལོའི་སྤྱི་ཟླ༩ཚེས༡༦དང་བོད་ཟླ༨པའི་ཚེས༡ཉིན་གྱི་ཞོགས་པའི་ཆུ་ཚོད༡༠སྟེང་།
 རྨ་ཆུ་རྫོང་བོད་ཀྱི་སྒེར་གཞུང་ལོ་དེབ་རྩོམ་སྒྲིག་ལྷན་འཛོམས་སྐབས་དང་པོ་ཞེས་པའི་སྟེང་ཕེབས་པའི་རྩོམ་སྒྲིག་འཐུས་ཚབ་པ།
༡ རིག་གནས་ཡར་སྤེལ་རྩོམ་སྒྲིག་ཁང་། རྫ་ཤུལ་བློ་བཟང་རྒྱ་མཚོ། ཆོས་ཤུལ་གསང་བདག
༢ རྨ་དགོན་གསེར་འཁོར་རྩོམ་སྒྲིག་ཁང་། ཁ་ཤུལ་ཚུལ་ཁྲིམས། དམར་ཤུལ་འཇིགས་མེད་ཚུལ་ཁྲིམས། ཁྱོ་སྐྱེས་བསོད་ནམས་རྒྱ་མཚོ།
༣ དངུལ་དཀར་ལྡེ་མིག་རྩོམ་སྒྲིག་ཁང་། དངུལ་རྭའི་རབ་རིང་།
༤  རྨ་འགྲམ་གྱི་འོད་སྣང་རྩོམ་སྒྲིག་ཁང་། བྱམས་པ། ལྷ་སྲུང་སྐྱབས།
༥ མི་ཚེའི་འགན་འཁྲི་རྩོམ་སྒྲིག་ཁང་། ཤེས་རབ་བསྟན་པ། འ་གདུགས།
༦ ཁ་བ་དཀར་པོ་རྩོམ་སྒྲིག་ཁང་། མཁར་སྐལ་བཟང་ཆོས་འཛིན།
༧ རེ་བའི་མེས་པོ་ཚང་རྩོམ་སྒྲིག་ཁང་། ཡར་འཕེལ། བློ་གྲོས་རྒྱ་མཚོ།
༨ བདུད་རྩིའི་སྨན་སྦྱོར་རྩོམ་སྒྲིག་ཁང་། རུ་འཇམ་དཔལ་ཚུལ་ཁྲིམས་བཅས་རྩོམ་སྒྲིག་ཁང་བརྒྱད་ཞུགས་ཡོད། ཞོལ་ནས་རྩོམ་སྒྲིག་པ་རེ་རེའི་རྩོམ་སྒྲིག་བྱ་བའི་མྱོང་ཚོར་དང་གཏམ་གླེང་བྱས།
  ༡ རྨ་དགོན་གསེར་རྩོམ་སྒྲིག་ཁང་གི་འཐུས་ཚབ་པ། ཁ་ཤུལ་ཚུལ་ཁྲིམས་ཀྱིས། ༢༠༠༢ལོ་ནས་ལོ་དེབ་གཉེར་མགོ་བཟུང་ཡང་རྐྱེན་དབང་ཞིག་གིས་ལོ་དུ་མ་ལོ་དེབ་འདི་ཆད་མོད། ད་ལྟ་མུ་མཐུད་དུ་འཕྲོ་སྐྱོང་བཞིན་ཡོད། ཁོས་དམིགས་སུ་བཀར་ནས་བཤད་དོན། ཡིག་མགོ་དབུ་ཁྱུད་དང་། ཤད་སྤྱོད་སྟངས་སོགས་སུམ་རྟགས་གཞུང་བཞིན་དང་། རང་མོས་སྙན་རྩོམ་ལའང་ཤད་སྤྱོད་བཞིན་ཡོད་པ། ད་དུང་ལོ་དེབ་སྟེང་དུ་ནང་ལོ་འགོད་བཞིན་ཡོད་ཅེས་གསུང་བཤད་གལ་ཆེན་གནང་།
 ༢ དངུལ་དཀར་ལྡེ་མིག་རྩོམ་སྒྲིག་ཁང་གི་འཐུས་ཚབ་པ། རབ་རིང་གིས་ལོ་དེབ་འདི༢༠༠༦ལོ་ནས་གཉེར་མགོ་བཟུང་ནས་ད་ལྟའི་བར་གཉེར་བཞིན་ཡོད། དམིགས་སུ་བརྗོད་དོན། མི་གཅིག་གིས་དཔར་སྐྲུན་བྱ་དགོན་ན་ཧ་ཅང་གི་དཀའ་ཁག་པོ་ཡོད་པའི་སྐོར་གསུང་།
 ༣  རྨ་འགྲམ་གྱི་འོད་སྣང་རྩོམ་སྒྲིག་ཁང་གི་འཐུས་ཚབ་པ། བྱམས་པས་བོད་ཁུལ་གྱི་ཆེས་ཐོག་མའི་སྒྲུང་རྩོམ་ལོ་དེབ་ངོ་སྤྲོད་ཅུང་ཙམ་བྱས། བརྗོད་དོན་སྙིང་པོ་ནི་དགོན་པའི་གྲྭ་བ་དང་། སློབ་གྲྭ་བ་སོགས་མདོར་ན་སྐྱ་སེར་གཉིས་ཀྱི་རྩོམ་འགོད་སྟངས་ཐད་ཀྱི་ལྟ་ཚུལ་གསུང་།
 ༤ མི་ཚེའི་འགན་འཁྲི་རྩོམ་སྒྲིག་ཁང་གི་འཐུས་ཚབ་པ། ཤེས་རབ་བསྟན་པས། ལོ་དེབ་འདི༢༠༠༩གཉེར་མགོ་བཟུང་བའི་སྐོར་སོགས་ངོ་སྤྲོད་དང་། མི་འདང་སའི་ཆ་རྣམས་དམིགས་ཀྱིས་བཀར་ནས་གསུང་།
  ༥ ཁ་བ་དཀར་པོ་རྩོམ་སྒྲིག་ཁང་གི་འཐུས་ཚབ་པ། མཁར་སྐལ་བཟང་ཆོས་འཛིན་གྱིས། ༢༠༠༨ལོ་ནས་དེབ་འདི་གཉེར་བ། དམིགས་བསལ་ཞིག་ཡོད་པ་ནི་དགོན་པའི་ནང་ཁུལ་ལ་ཆེད་དུ་གཉེར་བ་ཡིན། ཡང་རྩོམ་བྲིས་པ་ཙམ་གྱིས་མི་ཆོག་པར། རྩོམ་གྱི་རྒྱུ་སྤུས་ཇེ་བཟང་དུ་གཏོང་བར་དམིགས་ནས་བྱ་འགུལ་རེ་སྤེལ་བཞིན་ཡོད་ཅེས་གསུང་།
 ༦ རེ་བའི་མེས་པོ་ཚང་རྩོམ་སྒྲིག་ཁང་གི་འཐུས་ཚབ་པ། སྐལ་བཟང་ཡར་འཕེལ་གྱིས། ༢༠༡༡ལོར་གསར་དུ་གཉེར། བོད་ཀྱི་འབྲི་སྲོལ་ལྟར་དབུ་ཁྱུད་དང་ཤད་སྤྱོད་བཞིན་ཡོད་པ་དང་། རང་མོས་སྙན་ངག་གི་ཤད་འཇོག་སྟངས། རྩོམ་པ་པོའི་མིང་རྩོམ་གྱི་མགོ་ལ་འཇོག་ཚུལ་ལ་རྒྱུ་མཚན་བཀའ་འདྲི་ཞུས།
 ༧ བདུད་རྩི་སྨན་སྦྱོར་རྩོམ་སྒྲིག་ཁང་གི་འཐུས་ཚབ་པ། རུ་འཇམ་དཔལ་ཚུལ་ཁྲིམས་ཀྱིས། ལོ་དེབ་འདི་དགོན་པའི་གྲྭ་བ་ཆུང་ཆུང་རྣམས་བསྐྱེད་སྲིང་བྱེད་གཉེར་བའི་སྐོར་སོགས་གསུང་།
 ༨ རིག་གནས་ཡར་སྤེལ་རྩོམ་སྒྲིག་ཁང་གི་འཐུས་ཚབ་པ། རྫ་ཤུལ་བློ་བཟང་རྒྱ་མཚོས། རྩོམ་སྒྲིག་ཁང་སོ་སོའི་གསུང་བཤད་སྤྱི་སྡོམ་དང་། ལོ་དེབ་དང་དུས་དེབ་རྩོམ་སྒྲིག་སྐོར་ལ་རང་གི་ད་ཚུལ་ཞིབ་ཏུ་བཏོན།
 ༡ ཐོག་མའི་དམིགས་ཡུལ་ནི་བྱ་བ་ཆེ་ཆུང་ཇི་འདྲ་སྒྲུབ་རུང་མགོ་བཀྲ་ཤིས་བདེ་ལེགས་ནས། མཇུག་ཕུན་སུམ་ཚོགས་པར་འོང་རྒྱུ་བརྩོན་ལེན་བྱེད་དགོས་པ་ནང་བཞིན། ངེད་རྩོམ་སྒྲིག་པ་རྣམས་ཀྱི་ཐུན་མོང་གི་འོས་འགན་ནི། རྩོམ་སྒྲིག་བྱ་བའི་བརྒྱུད་རིམ་ཡང་དག་ཅིག་ངེས་སུ་བཅུག་ནས། མི་རིགས་ཀྱི་བསམ་བློའི་འདུ་ཤེས་དང་། རིག་གནས་ཀྱི་གོ་རྟོགས་ཇེ་མཐོར་གཏོང་བ། ཚན་རྩལ་རིག་གནས་གསར་བ་ནང་འདྲེན་དང་། ཡུལ་སྲོལ་གོམས་གཤིས་བཟང་པོ་དར་རྒྱས་གཏོང་བ་སོགས་ནི་རྩོམ་སྒྲིག་བྱ་བའི་མགོ་རྩོམ་ས་དང་། མཇུག་མཐའི་འབྲས་བུ་ལེགས་པོ་འབྱུང་སའང་ཡིན།
 ༢ རྩོམ་སྒྲིག་པ་ལ་ཚད་ལྡན་ཞིག་ལ་འཛོམས་དགོས་པའི་ཆ་རྐྱེན་ནི། སྤྱིར་རྩོམ་སྒྲིག་པའི་འགན་ཁུར་རྒྱུ་འདི་ཧ་ཅང་དཀའ་ལས་ཁག་པོ་འདུག་སྟེ། རྩོམ་སྒྲིག་པ་ནི་རྩོམ་ཡིག་རྣམས་ཕྱོགས་སྒྲིག་བྱེད་ལྟ་བུ་ཞིག་མ་ཡིན་པར། རྩོམ་ཡིག་གི་རྫི་བོ་དང་། དུས་དེབ་ཀྱི་བླ་སྲོག་སྐྱོང་མཁན་ནམ་སྤྱིའི་བཀོད་འདོམ་པ་ཆེན་པོ། རྩོམ་པ་པོ་དང་ཀློག་པ་པོའི་བར་མཐུན་སྒྲིལ་གྱི་ཟམ་པ་འཛུགས་མཁན་ལྟ་བུ་ཡིན་པས། དངོས་ཐོག་བདེན་འཚོལ་དང་། དྲང་མོ་དྲང་བདེན་གྱི་བསམ་བློ་འཛིན་དགོས།ད་དུང་རྩོམ་སྒྲིག་པ་ལ་ལྟ་རྒྱ་ཆེ་བ། མཐོང་རྒྱ་ཡངས་པ། ཤེས་རྒྱ་འཛོམས་པ། ཁོག་རྒྱ་ལྡན་པ་བཅས་ཀྱི་སྐོར་དམིགས་སུ་བཏོན་ནས་བཤད།
  ༣ ལོ་དེབ་དང་དུས་དེབ་སྒྲུབ་པར་ཚང་དགོས་པ་ནི། དེབ་མང་ལས་མི་ཆོག་པར་རང་གི་ས་གནས་གཙོ་བྱས་བོད་ཁུལ་ཡོངས་ལ་ནུས་པ་བླ་ལྷག་ཏུ་ཐོན་དགོས། ལྷག་པར་དུ་མི་རིགས་མཐུན་སྒྲིལ་གྱི་བསམ་བློ་བརྟན་པ། རྩོམ་པ་པོ་དང་ཀློག་པ་པོའི་བར་ཐག་ཇེ་ཉེར་གཏོང་བའི་ནུས་པ་ལྡན་པ། དཀའ་ངལ་ཁྱད་བསད་ཀྱི་སྙིང་སྟོབས་ཡོད་པ། རྩོམ་སྒྲིག་པ་ཕན་ཚུན་བར་དུ་འགྲོགས་འདྲིས་ཟབ་པ། དེབ་ནང་གི་སྒྲིག་གཞི་དང་། ཕྱིའི་འཆར་འགོད་ལེགས་པ། རྩོམ་པ་པོ་དང་རྩོམ་གྱི་ཁྱབ་ཁུངས་ཆེ་བ། རྩོམ་སྒྲིག་གི་ལས་ཀ་སྒྲུབ་པའི་ཆེད་ལས་མི་སྣ་སྐྱེད་སྲིང་བྱེད་པ། འགྲེལ་སྤེལ་བྱ་སའི་ཚོང་ར་རྒྱ་བསྐྱེད་པ། དུས་ལྟར་རྩོམ་སྒྲིག་བྱ་ཐུབ་པ། འགྲོ་གྲོན་མ་དངུལ་ཐག་གཅོད་བྱེད་པ་བཅས་ནི་སྒེར་གཉེར་དུས་དེབ་ཀྱི་གནད་དོན་གཙོ་བོ་ཞིག་རེད། གནད་དོན་དེ་རིགས་ཐག་གཅོད་མ་ཐུབ་ན་ལོ་དེབ་དང་དུས་དེབ་གང་ཡིན་ཚེ་སྲོག་རྒྱུན་སྐྱོང་མི་ཐུབ་ཅེས་བཤད།
 ༤རྩོམ་སྒྲིག་པའི་མཉམ་འཇོག་དགོས་པའི་གནད་དོན་སྐོར་ནི། དེབ་རྒྱུན་རིང་དུ་གནས་མིན་ནི། རྩོམ་པ་པོ་དང་ཀློག་པ་པོ། མང་ཚོགས་བཅས་ལ་ཕན་འབྲས་ཇི་ལྟར་སྒྲུབ་པའི་སྐོར་ལ་བསམ་གཞིགས་ཡང་ཡང་བཏང་སྟེ། འགྲན་རྩོད་ངང་བྱ་བ་སྒྲུབ་དགོས་རྒྱུ་རེད། འགྲན་རྩོད་མེད་ན་འཕེལ་རྒྱས་མེད་ལ། འཕེལ་རྒྱས་མེད་ན་གསར་བཏོད་ཀྱང་ཡོད་མི་སྲིད། ལྷག་པར་དུ་རྩོམ་སྒྲིག་པ་ལ་འགྲན་རྩོད་ཀྱི་འདུ་ཤེས་མེད་ན་བྱ་བ་སྒྱིད་ལུག་འགྲོ་བས། འགྲན་རྩོད་ཀྱི་འདུ་ཤེས་གཙིགས་སུ་བཟུང་ནས། ཐོག་མའི་འཆར་གཞི་དང་། མཐར་ཐུག་གི་དམིགས་ཡུལ་ཡོད་པའི་སྒོ་ནས་རྩོམ་སྒྲིག་གི་ལས་ཀ་འདི་གཉེར་ན་མཉམ་འཇོག་བྱེད་དགོས་ས་ནི། མདུན་ཤོག་དང་རྒྱབ་ཤོག་ནི་མི་ཞིག་ལ་མཚོན་ན་ངོ་གདོང་ལྟ་བུ་རེད་ཅེས་གསུང་པ་ནང་མཉམ་འཇོག་དགོས།
  དེབ་ནང་གི་གནད་དོན་ནི། ད་ལྟ་དུས་དེབ་མང་ཆེ་བ་ལ་ཞུ་དག་དང་། དཔར་གཞི་སྒྲིག་བཀོད་སོགས་ཀྱི་ཕྱོགས་ནས་གཏན་འདང་གིན་མེད། དེ་ནི་རྩོམ་སྒྲིག་ཁང་ལ་མཁོ་ཆས་མེད་རྐྱེན་རེད། ཞུ་དག་བྱེད་སྐབས་ཐོག་མར་སྲོལ་རྒྱུན་རིག་གནས་ཏེ་སུམ་རྟགས་དག་གསུམ་གྱི་གཞུང་ནས་བསྟན་པ་ལྟར། ཡིག་མགོའི་དབུ་ཁྱུད་ནས་བཟུང་། ཤད་སྤྱོད་སྟངས། ཡི་གེའི་ཐོབ་ཐང་། དུས་གསུམ་གྱི་དབྱེ་བ། འདམ་ང་ཅན། ནོར་སླ་བའི་ཡི་གེ་བཅས་ལ་ཆེད་དུ་གཟབ་ནན་བྱེད་རྒྱུ་དང་། ད་ལྟ་རྒྱལ་སྤྱིའི་གཅིག་གྱུར་ཏུ་སྤྱོད་པ་དག་དུས་དེབ་ཁ་ཤས་ནང་སྤྱོད་མ་ཤེས་པར་ཉོག་དྲ་མི་ཉུང་བ་ཞིག་བཟོས་འདུག་པས། སྤྱོད་མི་ཤེས་ན་མ་སྤྱད་ན་ལེགས། དཔར་གཞི་སྒྲིག་བཀོད་མི་ལེགས་པའི་ཐད། ཡི་གེ་ཆད་ལྷག་ཤོར་བ། ཡི་གཟུགས་དོ་མི་མཉམ་པ། ནང་དོན་དང་མི་མཐུན་པའི་པར་སྣ་ཚོགས་འགོད་པ། སྣ་འཛོམས་དང་སྣ་གཅིག་དུས་དེབ་དབྱེ་བ་མི་འབྱེད་པར། རྩོམ་ཡིག་རྣམས་གཅིག་སྣེར་གཅིག་སྤྲེལ་ནས་འགོད་པ་བཅས་གནད་དོན་མི་ཉུང་བ་རེ་ཡོད།  ངོ་འཛིན་ཞེས་པའི་སྒེར་གཉེར་ཚང་གི་ལམ་སྲོལ་ཞིག་ཡིན་སྙམ། མཚམས་སྦྱོར་མི་སྣ་དེ་ནི་སྐྱ་སེར་དང་ཕོ་མོ་སུ་ཡིན་ཡང་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་མཁན། དུས་རབས་གསར་རྙིང་གི་མགྲིན་ཚབ་པ། སྐད་གཉིས་སྨྲ་བའི་ལོ་ཙྰ་བ། རང་རིགས་ལ་ལྷག་བསམ་མཆོག་ཏུ་དཀར་བའི་གདོང་མཆོང་དཔའ་བོ་སོགས་བཀོད་ན་དོན་དངོས་དང་མཐུན་པའི་མཚམས་སྦྱོར་ཞེས་པ་སོགས་ལོ་དེབ་དང་དུས་དེབ་རྩོམ་སྒྲིག་ཐད་རང་གི་ཉམས་མྱོང་སྒོ་ནས་གསུང་བཤད་གལ་ཆེན་བཏོན།
 ཞོལ་ནས་ཚོགས་ཞུགས་མི་སྣ་རྒན་ནགས་ཚང་ནུས་ལོ་དང་། རྨ་ཆུའི་བསམ་གཏན། རིག་གནས་ཡར་སྤེལ་རྩོམ་སྒྲིག་ཁང་གི་ཚོགས་མི་ཆོས་ཤུལ་གསང་བདག མི་ཚེའི་འགན་ཁྲི་རྩོམ་སྒྲིག་ཁང་གི་ཚོགས་མི་འ་གདུགས་བཅས་རང་རང་གི་བསམ་ཚུལ་དང་ལྟ་ཚུལ་བརྗོད།
 ཕྱི་དྲོ། ཆུ་ཚོད༢སྟེང་།
 རྨ་ཡུལ་རྩོམ་སྒྲིག་མཐུན་ཚོགས་འཛུགས་པར་རྩོམ་སྒྲིག་ཁང་སོ་སོའི་གྲོས་མོལ་གནང་སྟེ། མཐར་མཐུན་ཚོགས་འཛུགས་པར་གྲོས་འཆམ་བྱུང་ནས།
 མཐུན་ཚོགས་ཀྱི་བློ་འདྲི་ཡུལ། རྒན་ནགས་ཚང་ནུས་ལོ།
 ཚོགས་གཙོ། རྫ་ཤུལ་བློ་བཟང་རྒྱ་མཚོ།
 གཞོན་པ། དངུལ་རྭའི་རབ་རིང་། ཁ་ཤུལ་ཚུལ་ཁྲིམས་རྒྱ་མཚོ།
 དྲུང་ཡིག མཁར་སྐལ་བཟང་ཆོས་འཛིན།
 ཚོགས་མི། རིག་གནས་ཡར་སྤེལ་རྩོམ་སྒྲིག་ཁང་། ཆོས་ཤུལ་གསང་བདག
 རྨ་དགོན་གསེར་འཁོར་རྩོམ་སྒྲིག་ཁང་། དམར་ཤུལ་འཇིགས་མེད་ཚུལ་ཁྲིམས།
 རྨ་འགྲམ་གྱི་འོད་སྣང་རྩོམ་སྒྲིག་ཁང་། བྱམས་པ།
 དངུལ་དཀར་ལྡེ་མིག་རྩོམ་སྒྲིག་ཁང་། སྐལ་བཟང་རབ་རྒྱས།
 མི་ཚེའི་འགན་འཁྲི་རྩོམ་སྒྲིག་ཁང་། ཤེས་རབ་བསྟན་པ།
 ཁ་བ་དཀར་པོ་རྩོམ་སྒྲིག་ཁང་། སྐལ་བཟང་ཡར་འཕེལ།
 བདུད་རྩིའི་སྨན་སྦྱོར་རྩོམ་སྒྲིག་ཁང་། རུ་འཇམ་དཔལ་ཚུལ་ཁྲིམས།
 རེ་བའི་མེས་པོ་རྩོམ་སྒྲིག་ཁང་། བློ་གྲོས་རྒྱ་མཚོ་བཅས་ཐེངས་དང་པོའི་རྨ་ཡུལ་རྩོམ་སྒྲིག་མཐུན་ཚོགས་ཀྱི་ལས་འཛིན་མི་སྣར་འདམ་ནས་ད་ལྟའི་གནས་ཚུལ་དང་མ་འོངས་ཁ་ཕྱོགས་བཅས་ལ་རྩོམ་སྒྲིག་ཁང་སོ་སོའི་གྲོས་མོལ་ཞིབ་ཚགས་ལྡན་གནང་ནས་ཚོགས་འདུ་གཟི་བརྗིད་དང་རྒྱལ་ཁའི་ངང་མཇུག་ཡོངས་སུ་རྫོགས་སོ། །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཡོང་བར་སྨོན།
༢༠༡༢ལོའི་བོད༨ཚེས༡ཉིན།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྨ་ཡུལ་རྩོམ་སྒྲིག་མཐུན་ཚོགས་གསར་དུ་བཙུགས་པ།

2012-09-18 ཆོས་ཤུལ་གསང་བདག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།