སྙན་ངག་གི་མྱི་རབས་བཞི་བའི་འདུ་ཚོགས་སྐབས་གསུམ་པའི་གནས་ཚུལ།

  བོད་ཀྱི་ན་གཞོན་སྙན་ངག་པའི་དཔུང་སྡེ་གསར་བ་མྱི་རབས་བཞི་བའི་སྐབས་གསུམ་པའི་སྙན་ངག་འདུ་ཚོགས་དེ་སྤྱི་ལོ༢༠༡༢ལོའི་ཟླ༨པའི་ཚེས༢༠ཉིན་གྱི་སྔ་དྲོའི་དུས་ཚོད་བཅུའི་སྟེང་གནམ་འོག་གི་རྨ་ཁུག་དང་པོར་གྲགས་པའི་རྨ་ཆུ་རྩྭ་ཐང་གི་རྨ་ཉིན་བཀྲ་ཤིས་སྤྲོ་གསེང་གླིང་ནས་ཚོགས་པ་དང་།
ཐེངས་འདིའི་འདུ་ཚོགས་ལ་མྱི་རབས་བཞི་བའི་ཚོགས་མི་གཡག་བུ་དཔལ་རྩལ་དང་གེའུ། ཆོས་ཤུལ་གསང་བདག བདེན་ཞུན། འབྲོག་བུ་དཀོན་བཀྲ། དུག་ཞགས། སེ་ཆེན་སྒྲོལ་མ། འབྲོང་ཞེན་བཅས་འཛོམས་ཡོད་པ་མ་ཟད། གདན་ཞུའི་སྐུ་མགྲོན་དེ་སྙན་ངག་པ་དུང་དང་རྨོག་རུ་ཤེས་རབ་རྡོ་རྗེ། རྨ་ཆུའི་བསམ་གཏན། སེང་ཕྲུག་རྟ་མགྲིན་རྡོ་རྗེ། གངས། ངར་མ། རྨ་ཆུའི་བཟོད་པ། ཕྱི་གླིང་མ་གཡུ་མཚོ་སོགས་ཀྱང་ཞུགས་ཡོད་པ་རེད།
  ཐེངས་འདིའི་འདུ་ཚོགས་ནི་རིམ་པ་འདི་ལྟར་བཀར་ཡོད་དེ
༡*གདན་ཞུའི་སྐུ་མགྲོན་རྣམས་དང་མྱི་རབས་བཞི་བའི་ཚོགས་མི་དག་གིས་སྦྱར་བྱང་སྟེང་དུ་རང་རང་གི་མིང་རྟགས་བཀོད་པ།
  ༢
*གཡག་བུ་དཔལ་རྩལ་གྱིས་མྱི་རབས་བཞི་བའི་ལོ་འདི་དག་གི་སྙན་ངག་གི་ལམ་བུར་ཕྱིར་མིག་ལྟ་བཞིན་ཚོགས་འགོ་རྩོམ་པའི་གཏམ་བཤད་སྤེལ་བ།
  ༣
*ཚོགས་མི་དག་གིས་རང་རང་གི་སྙན་ངག་གཉིས་རེ་གྱེར་འདོན་བྱས་པ།
  ༤
*གདན་ཞུའི་སྐུ་མགྲོན་རྣམས་ཀྱིས་ཚོགས་མི་དག་གིས་གྱེར་བའི་སྙན་ངག་ལ་དཔྱད་གཏམ་སྤེལ་བ།
   ༥
*མྱི་རབས་བཞི་བའི་ཚོགས་མི་འབྲོག་བུ་དཀོན་བཀྲའི་ཚིགས་བཅད་སྙན་ངག་གི་ཆེད་ཚོགས *སྨིག་རྒྱུའི་ཚོམས་*ཞེས་པ་ཞིག་བསྒྲུབས་པ་ཡིན་ལ། དེ་ལས་ཆེད་དུ་འབྲོག་བུ་དཀོན་བཀྲའི་བཅད་རྩོམ་སྙན་ངག་དག་ལས་འགའ་ཞིག་རྩོམ་པ་པོ་ཁོ་རང་ཉིད་གཙོ་བྱས་ཏེ་མྱི་རབས་བཞི་བའི་ཚོགས་མི་ཚོས་གྱེར་འདོན་བྱས་པ་དང་གདན་ཞུའི་སྐུ་མགྲོན་རྨ་ཆུའི་བཟོད་པ་སོགས་ཀྱིས་ཀྱང་རང་རང་དགའ་སའི་འབྲོག་བུའི་བཅད་རྩོམ་སྙན་ངག་འགའ་ཞིག་གྱེར་འདོན་བྱས་བྱུང་ལ། དེར་མཐུད་ནས་འབྲོག་བུའི་སྙན་ངག་སྐོར་ལ་དཔྱད་གཏམ་སྤེལ་བ་རེད།
   ༦
*མྱི་རབས་བཞི་བའི་ཚོགས་མི་རྣམས་དང་གདན་ཞུའི་སྐུ་མགྲོན་ཚོས་མྱི་རབས་བཞི་བའི་སྙན་ངག་ལས་འཕྲོས་ཏེ་བོད་ཀྱི་ད་ལྟའི་སྙན་ངག་སྐོར་ནས་བགྲོ་གླེང་བྱས་པ།
   ༧*ཐེངས་འདིའི་ཚོགས་འདུར་ཞུགས་པའི་མྱི་རབས་བཞི་བའི་ཚོགས་མི་རྣམས་དང་གདན་ཞུའི་སྐུ་མགྲོན་ཚོས་ལྷན་དུ་མཉམ་པར་བླངས་རྗེས་ཚོགས་འདུ་མཇུག་བསྡུས་པ།
 
(ཟུར་མཆན:  མཉམ་པར་བླངས་རྗེས་གདན་ཞུའི་སྐུ་མགྲོན་འགའ་ཞིག་བྱ་བའི་དབང་གིས་ཕྱིར་སོང་ནའང་། རྨོག་ཤེར་དང་སེང་ཕྲུག་རྟ་མགྲིན་རྡོ་རྗེ། དུང་སོགས་དང་མྱི་རབས་བཞི་བའི་ཚོགས་མི་རྣམས་ཀྱིས་མུ་མཐུད་དུ་སྙན་ངག་གླེང་ནས་ཕྱི་དྲོའི་དུས་ཚོད་བཅུ་དགུའི་བར་དུ་རྨ་ཉིན་བཀྲ་ཤིས་སྤྲོ་གསེང་གླིང་ནས་བསྡད་པ་དང་དེ་ནས་སྐར་ཚོགས་འོག་ནས་སྙན་ངག་གྱེར་བཞིན་ཆོས་ཤུལ་གསང་བདག་གི་མགྲོན་ཁང་དུ་སོང་ནས་སྔར་བཞིན་སྙན་ངག་སྐོར་ནས་བགྲོ་གླེང་བྱས་ཏེ་ནམ་གུང་བར་དུ་བསྡད།   ད་དུང་ཐེངས་རྗེས་མའི་མྱི་རབས་བཞི་བའི་སྙན་དེབ་དེབ་གསུམ་པ་དེ་གེའུ་དང་སེ་ཆེན་སྒྲོལ་མ་གཉིས་ཀྱིས་པར་སྐྲུན་གྱི་འགན་འཁུར་རྒྱུ་དང་སང་ལོའི་མྱི་རབས་བཞི་བའི་སྙན་ངག་འདུ་ཚོགས་སྐབས་བཞི་བ་མཚོ་སྔོན་རེབ་གོང་ནས་འཚོགས་རྒྱུ་སོགས་ཐག་གིས་བཅད།)
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།