མཚོ་ནུབ་བརྙན་འཕྲིན་ཁང་གི་བརྩམས་ཆོས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པ།

གསར་འགོད་པ་དོན་གྲུབ་ཚེ་རིང་དང་ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-08-07

  ཉེ་ཆར།ཐེངས་ཉེར་བརྒྱད་པའི་རྒྱལ་ཡོངས་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་ལེ་ཚན་བརྗེ་རེས་དང་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་ལེ་ཚན་གྱི་དཔྱད་བསྡུར་ཚོགས་འདུ་དེ་གནའ་མཁར་ཟི་ལིང་ནས་འཚོགས་པ་དང་། ཐེངས་འདིའི་ཚོགས་འདུ་ལ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་གཙོ་སྒྲུབ་བྱས་ཤིང་། ཀྲུང་དབྱང་མི་དམངས་རྒྱང་སྒྲོག་ཁང་བོད་སྐད་སྡེ་ཁག་དང་། བོད་ལྗོངས། མཚོ་སྔོན། སི་ཁྲོན། ཀན་སུའུ། ཡུན་ནན་སོགས་ཞིང་ལྗོངས་ལྔ་ནས་ཡོང་བའི་རྒྱང་སྒྲོག་བརྙན་འཕྲིན་གྱི་འཐུས་མི་64ཚོགས་འདུ་ལ་ཞུགས།
   ཐེངས་འདིའི་རྒྱལ་ཡོངས་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་གྱི་ལེ་ཚན་བརྗེ་རེས་དང་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་གྱི་ཕུལ་བྱུང་ལེ་ཚན་དཔྱད་བསྡུར་སྟེང་། མཚོ་ནུབ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་བྱ་གཞག་འདི་གཙིགས་སུ་བཟུང་ནས་རླུང་འཕྲིན་གྱི་བརྩམས་ཆོས་བཞི་དང་བརྙན་འཕྲིན་གྱི་བརྩམས་ཆོས་ལྔ་འགྲན་བསྡུར་ཁྲོད་ཞུགས་པ་དང་། ཆེད་མཁས་ཚན་ཁག་གིས་ནན་ཏན་གྱིས་དཔྱད་བསྡུར་བྱས་པ་བརྒྱུད།ཀྲུང་དབྱང་མི་དམངས་རྒྱང་སྒྲོག་བོད་སྐད་སྡེ་ཁག་དང་། བོད་ལྗོངས། མཚོ་སྔོན། སི་ཁྲོན། ཀན་སུའུ། ཡུན་ནན་སོགས་ཞིང་ལྗོངས་ལྔ་ནས་ཡོང་བའི་རྒྱང་སྒྲོག་བརྙན་འཕྲིན་དང་རྫོང་རིམ་པ་ཡན་གྱི་བརྙན་འཕྲིན་ཁང་སོགས་ཀྱིས་མཁོ་འདོན་གནང་བའི་བརྩམས་ཆོས283ཁྲོད་བརྩམས་ཆོས་178ལ་བྱ་དགའ་ཐོབ། ཐེངས་ཉེར་བརྒྱད་པའི་རྒྱལ་ཡོངས་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་གྱི་ལེ་ཚན་བརྗེ་རེས་དང་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་གྱི་ཕུལ་བྱུང་ལེ་ཚན་དཔྱད་བསྡུར་སྟེང་མཚོ་ནུབ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་སྤེལ་བའི་རླུང་འཕྲིན་བརྩམས་ཆོས་༼རྩོམ་རིག་གླེང་སྟེགས༽་ཀྱི་ལེ་ཚན་ལ་རྩོམ་རིག་ཆེད་སྒྲིག་གི་རྩོམ་སྒྲིག་བྱ་དགའ་ཨང་གསུམ་པ་དང་།༼དཔའ་རྒོད་ཞོན་མེན་ཡང༽་ཞེས་པ་ལ་གསར་འགྱུར་ཚན་ཁག་གི་བྱ་དགའ་ཨང་གསུམ་པ། ༼གངས་ལྗོངས་དབྱངས་སྙན༽ཞེས་པ་ལ་རིག་རྩལ་ཆེད་སྒྲིག་གི་སྒྲིག་སྦྱོར་ཨང་དང་པོའི་བྱ་དགའ་ཐོབ། དེ་མིན་མཚོ་ནུབ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་བརྙན་འཕྲིན་བརྩམས་ཆོས་༼བོད་པའི་བུ་མོའི་སྐྲ་ཕབ་པ༽ཞེས་པ་ལ་དངོས་བཀོད་བརྙན་འཕྲིན་གྱི་བྱ་དགའ་ཨང་གཉིས་པ་དང་། ༼ཐེམ་ཆེན་རྫོང་གིས་འབྲོང་རྒྱུད་ལེགས་པོར་སྤེལ་བ་༽ཞེས་པ་ལ་བརྙན་འཕྲིན་ཆེད་སྒྲིག་གི་བྱ་དགའ་ཨང་གཉིས་པ་དང་། གསར་འགྱུར་༼དྲོད་སྐྱིད་ཀྱི་ཁྱིམ་གཞི་རྒུ་རུའི་རྒན་གསོ་ཁང་༽ཞེས་པ་ལ་གསར་འགྱུར་གྱི་བྱ་དགའ་ཨང་གསུམ་པ་ཐོབ་པ་དང་། མཚོ་ནུབ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་བོད་སྐད་སྙན་སྒྲོན་པ་ཀུན་གྲགས་ལ་སྙན་སྒྲོན་གྱི་བྱ་དགའ་ཨང་གསུམ་པ་ཐོབ།མཚོ་ནུབ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་བསོད་རྡོ་ཡི་བརྩམས་ཆོས་༼གློག་བརྙན་ལས་གནས་སྟེང་གི་མི་སྣའི་སྤྱི་ཚོགས་འགན་བབས༽ཞེས་པར་རྒྱང་སྒྲོག་བརྙན་འཕྲིན་དཔྱད་རྩོམ་གྱི་བྱ་དགའ་ཨང་གསུམ་པ་ཐོབ། ཐེངས་འདིའི་དཔྱད་འདེམས་འགྲན་བསྡུར་བརྒྱུད། མཚོ་ནུབ་རྒྱང་ཁུལ་སྒྲོག་བརྙན་འཕྲིན་ཁང་དང་ཞིང་ལྗོངས་ལྔའི་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་ལེ་ཚན་གྱི་ཕྱོགས་ནས་བརྗེ་རེས་བྱས་པ་དང་། ལྷག་པར་ཏུ། མཚོ་ནུབ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་བརྩམས་ཆོས་སྐོར་ཅིག་ལ་བྱ་དགའ་ཨང་དང་པོ་ཐོབ་པ་དང་། འདི་ཡིས་ཁུལ་རིམ་པའི་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་གྱི་མི་སྣའི་ཡིད་ཆེས་དང་བརྩོན་སེམས་ཤུགས་ཆེར་བཏང་བར་མ་ཟད། བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་གྱི་འཕེལ་རྒྱས་ལ་སྒུལ་ཤུགས་དང་གཟི་བྱིན་གསར་བ་ཞིག་བསྣན།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཚོ་ནུབ་བརྙན་འཕྲིན་ཁང་གི་བརྩམས་ཆོས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པ།

2012-08-07 གསར་འགོད་པ་དོན་གྲུབ་ཚེ་རིང་དང་ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།