སྟག་འབུམ་རྒྱལ་གྱི་སྒྲུང་དེབ་བཞི་བ་པར་སྐྲུན་བྱས་པ།

  
  དེ་རིང་།   མཚོ་སྔོན་པོ་བོད་ཡིག་དྲ་ངོས་ལས་ཁོའི་བརྩམས་སྒྲུང་དེབ་དེ་དཔར་ཟིན་པ་མ་ཟད།   སྤྱི་ཚོགས་སུ་བཀྲམ་ཟིན་པ་མཐོང་བྱུང་།  ང་ནི་ཁོའི་སློབ་མ་དང་ཀློག་པ་པོ།  གྲོགས་པོ།   ཆང་ཤགས་བཅས་པ་ཡིན་པའི་ཆ་ནས་དགའ་བ་ཅིས་མི་སྐྱེས།     
  བརྩམས་སྒྲུང་དེབ་དེ་ནི་ཁོའི་ སྒྲུང་རིང་<<ལྷིང་འཇགས་ཀྱི་རྩྭ་ཐང་>>དང་སྒྲུང་ཐུང་གཅེས་བསྡུས་དེབ<<མི་རབས་གསུམ་གྱི་རྨི་ལམ།>>   རྒྱ་འགྱུར་མ་ <<མི་ཚེའི་གླུ་དབྱངས་>>གསུམ་གྱི་འཕྲོར་པར་ཏུ་བསྐྲུན་པའི་བརྩམས་སྒྲུང་དེབ་བཞི་བ་རེད་ལ།  གོ་ཐོས་ལྟར་ན་སྒྲུང་འབྲིང་ཕྱོགས་བསྡུས་དེབ་འདིའི་རོགས་ན་ད་དུང་བརྩམས་སྒྲུང་པ་བཀྲ་བྷའི་སྒྲུང་འབྲིང་ཕྱོགས་བསྒྲིགས་ཤིག་དང་གཞོན་སྐྱེས་བརྩམས་སྒྲུང་པ་ལྷ་བྱམས་རྒྱལ་གྱི་སྒྲུང་རིང་<<བོད་ཀྱི་གཅེས་ཕྲུག་>>གི་སྟོད་ཆ་ཡང་ཡོད་རབས་གླེང་བྱུང་པས།   ང་རང་ལོ་འདི་གའི་བོད་ཀྱི་སྒྲུང་གཏམ་རྩོམ་རིག་གི་འཕེལ་རྒྱས་ལ་ཡི་རངས་དང་དགའ་བ་ཚད་མེད་སྐྱེས་པར་མ་ཟད།  རྩོམ་པ་པོ་ཁོང་དག་ལ་གོང་བཀུར་གྱི་སེམས་པ་ལྷོག་ལྷོག་གདུས་བྱུང་།
    གཞན་ཡང་བདག་ལ་རྒྱ་ཆེ་བའི་ཀློག་པ་པོ་དག་གི་སྙན་ལམ་དུ་གཏམ་བཟང་ཞིག་ཞུ་རྒྱུ་ཡོད་པ་ནི།   ཐེངས་འདིའི་མཚོ་སྔོན་བོདཀྱི་རྩོམ་པ་པོའི་རྩོམ་རིག་ཚོགས་འདུའི་སྐབས་སུ་ཁོ་ལ་འབྲོང་རྩོམ་རིག་བྱ་དགའ་ཐོབ་པ་མ་ཟད།   སྒྲུང་རིང་<<རྒུད་>>ཅེས་པ་ཡང་མི་འགྱངས་པར་དཔར་པའི་གན་རྒྱ་བཞག་ཟིན་པ་དེ་ཡིན།    
 
 

རྩོམ་ཁུངས། འབྲོང་ཕྲུག་གི་པོད་ཁུག

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྟག་འབུམ་རྒྱལ་གྱི་སྒྲུང་དེབ་བཞི་བ་པར་སྐྲུན་བྱས་པ།

2012-08-05 འབྲོང་ཕྲུག ཀློག་གྲངས། མཆན ཡོད།

  
  དེ་རིང་།   མཚོ་སྔོན་པོ་བོད་ཡིག་དྲ་ངོས་ལས་ཁོའི་བརྩམས་སྒྲུང་དེབ་དེ་དཔར་ཟིན་པ་མ་ཟད།   སྤྱི་ཚོགས་སུ་བཀྲམ་ཟིན་པ་མཐོང་བྱུང་།  ང་ནི་ཁོའི་སློབ་མ་དང་ཀློག་པ་པོ།  གྲོགས་པོ།   ཆང་ཤགས་བཅས་པ་ཡིན་པའི་ཆ་ནས་དགའ་བ་ཅིས་མི་སྐྱེས།     
  བརྩམས་སྒྲུང་དེབ་དེ་ནི་ཁོའི་ སྒྲུང་རིང་<<ལྷིང་འཇགས་ཀྱི་རྩྭ་ཐང་>>དང་སྒྲུང་ཐུང་གཅེས་བསྡུས་དེབ<<མི་རབས་གསུམ་གྱི་རྨི་ལམ།>>   རྒྱ་འགྱུར་མ་ <<མི་ཚེའི་གླུ་དབྱངས་>>གསུམ་གྱི་འཕྲོར་པར་ཏུ་བསྐྲུན་པའི་བརྩམས་སྒྲུང་དེབ་བཞི་བ་རེད་ལ།  གོ་ཐོས་ལྟར་ན་སྒྲུང་འབྲིང་ཕྱོགས་བསྡུས་དེབ་འདིའི་རོགས་ན་ད་དུང་བརྩམས་སྒྲུང་པ་བཀྲ་བྷའི་སྒྲུང་འབྲིང་ཕྱོགས་བསྒྲིགས་ཤིག་དང་གཞོན་སྐྱེས་བརྩམས་སྒྲུང་པ་ལྷ་བྱམས་རྒྱལ་གྱི་སྒྲུང་རིང་<<བོད་ཀྱི་གཅེས་ཕྲུག་>>གི་སྟོད་ཆ་ཡང་ཡོད་རབས་གླེང་བྱུང་པས།   ང་རང་ལོ་འདི་གའི་བོད་ཀྱི་སྒྲུང་གཏམ་རྩོམ་རིག་གི་འཕེལ་རྒྱས་ལ་ཡི་རངས་དང་དགའ་བ་ཚད་མེད་སྐྱེས་པར་མ་ཟད།  རྩོམ་པ་པོ་ཁོང་དག་ལ་གོང་བཀུར་གྱི་སེམས་པ་ལྷོག་ལྷོག་གདུས་བྱུང་།
    གཞན་ཡང་བདག་ལ་རྒྱ་ཆེ་བའི་ཀློག་པ་པོ་དག་གི་སྙན་ལམ་དུ་གཏམ་བཟང་ཞིག་ཞུ་རྒྱུ་ཡོད་པ་ནི།   ཐེངས་འདིའི་མཚོ་སྔོན་བོདཀྱི་རྩོམ་པ་པོའི་རྩོམ་རིག་ཚོགས་འདུའི་སྐབས་སུ་ཁོ་ལ་འབྲོང་རྩོམ་རིག་བྱ་དགའ་ཐོབ་པ་མ་ཟད།   སྒྲུང་རིང་<<རྒུད་>>ཅེས་པ་ཡང་མི་འགྱངས་པར་དཔར་པའི་གན་རྒྱ་བཞག་ཟིན་པ་དེ་ཡིན།    
 
 

རྩོམ་ཁུངས། འབྲོང་ཕྲུག་གི་པོད་ཁུག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།