རྡོ་གྲགས་ཀྱི་བརྙན་འཕྲིན་བརྩམས་ཆོས་གཉིས་པ《རྨ་ཁུག་གྱི་ལིང》ཕབ་སྐྲུན་ལེགས་འགྲུབ་བྱུང

  མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་འཁོར་སྐར་འཕྲིན་ལམ་དང་།  རྨ་ལྷོ་ཁུལ་རྨ་ལྷོ་རྫོང་ཏང་ཨུའི་དྲིལ་སྒྲོག་པུའུ།  པེ་ཅིང་ཏུང་ཧྥང་རོས་ཡིན་གློག་བརྙན་ཀུང་ཟི་གསུམ་གྱིས་མཉམ་འབྲེལ་ཕབ་སྐྲུན་བྱས་པའི་གློག་བརྙན«རྨ་ཁུག་གྱི་ལིང»ལེགས་འགྲུབ་བྱུང་བའི་བྱ་བའི་སྤྱི་སྡོམ་དང་གཟེངས་བསྟོད་ཚོགས་ཆེན་ཟླ་ལྔ་བའི་ཚེས་ཉེར་བཞི་ཉིན་རྨ་ལྷོ་ཁུལ་ཐོག་དུ་གཟབ་རྒྱས་ངང་འཚོགས།
  རྨ་ལྷོ་རྫོང་ཏང་སྲིད་ལས་ཁུངས་སོ་སོའི་འགན་ཁུར་པ་གཙོ་བོ་དང་། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཚབ་བྱེད་མི་སྣ།  པེ་ཅིང་ཏུང་ཧྥང་རོས་ཡིན་ཀུང་ཟིའི་ཚབ་བྱེད་མི་སྣ།  དེ་མིན་གློག་བརྙན«རྨ་ཁུག་གྱི་ལིང»གི་འཁྲབ་གཞུང་རྩོམ་མཁན་དང་འཁྲབ་ཁྲིད་པ་རྡོ་གྲགས་དང་།  གློག་བརྙན་འཁྲབ་སྟོན་གཙོ་གྲས་དང་། གློག་བརྙན་ཕབ་སྐྲུན་ལ་ཞུགས་པའི་ལས་བྱེད་མི་སྣ་སོགས་བསྡོམས་པས་མི་སུམ་བརྒྱ་ཙམ་ཞིག་ཚོགས་འདུ་ལ་ཞུགས།   གློག་བརྙན«རྨ་ཁུག་གྱི་ལིང»ནི་མཚོ་སྔོན་བརྙན་འཕྲིན་ཁང་གིས་ཕབ་སྐྲུན་བྱས་པའི་ལེའུ་དྲུག་ཅན་གྱི་བརྙན་འཕྲིན་ཟློས་གར«མོ་སྟོན་ཕག་མགོ»དང་། ལེའུ་བརྒྱད་ཅན་གྱི་མུ་འབྲེལ་བརྙན་འཕྲིན་ཟློས་གར«ཁ་སང་གི་གཏམ་རྒྱུད»ཀྱི་རྗེས་ནས་ཕབ་སྐྲུན་བྱས་པའི་དོན་བརྗོད་བརྙན་འཕྲིན་བརྩམས་ཆོས་ཤིག་ཡིན་ལ། མཚོ་སྔོན་བརྙན་འཕྲིན་ཁང་གི་འཁྲབ་ཁྲིད་པ་རྡོ་གྲགས་ཀྱིས་འཁྲབ་གཞུང་དང་འཁྲབ་ཁྲིད་གཅིག་ལྕོགས་སུ་འགན་ལེན་བྱས་པའི་བརྙན་འཕྲིན་བརྩམས་ཆོས་གཉིས་པ་ཡིན།
 
   བརྙན་རིས། མགོ་རྩོམ་པའི་བརྙན།
  གློག་བརྙན་འདི་ནི་ཧ་ལམ་ལོ་གཅིག་ལྷག་གི་དུས་ཚོད་བེད་སྤྱད་ནས་ཐོག་མའི་ཇུས་འགོད་དང་། འཁྲབ་གཞུང་གསར་རྩོམ། ཕབ་སྐྲུན་དང་།  སྒྲིག་སྦྱོར་སོགས་ལེགས་འགྲུབ་བྱུང་ཞིང་།  ཉེ་སྔོན་རྒྱལ་ཁབ་གློག་བརྙན་འཕྲིན་སྤྱི་ཁྱབ་ཅུའུ་ཡི་དཔྱད་ཞིབ་རབ་དང་རིམ་པ་བརྒྱུད་ནས་ད་ལྟ་ཆོག་མཆན་ཡི་གེ་སྣ་ཚོགས་ལག་སོན་བྱུང་ཡོད།
 
  བརྙན་རིས། རྟས་རླངས་འཁོར་གྱི་རྗེས་སྙེག་པ།
 
  བརྙན་རིས། རྟར་སོས་བྱེད་ཀྱིན་པ།
 
  བརྙན་རིས། བེའུ་འདོགས་བཞིན་པ།
   སྤྱི་བསྡོམས་ཚོགས་ཆེན་སྟེང་ནས་ཚོགས་ཞུགས་འགོ་ཁྲིད་ཡོངས་ཀྱིས་གཅིག་ནས་རྨ་ཁུག་རྩྭ་ཐང་གི་རྟ་མཆོག་དང་།  རྟ་མཆོག་རིག་གནས་བརྙན་རིས་སུ་སྤར་བ་དང་། གཉིས་ནས་ཧ་ཅང་བདེ་ལེགས་ཀྱི་སྒོ་ནས་རྒྱལ་ཁབ་འབྲེལ་ཡོད་སྡེ་ཁུངས་ཀྱི་ཆོག་མཆན་ཡིག་ཆ་ལག་སོན་བྱུང་བ།  གསུམ་ནས་རྒྱལ་ཡོངས་མི་རིགས་གྲངས་ཉུང་གི་སྤྱི་ཕན་གློག་བརྙན་དུ་འདེམས་ཐོན་བྱུང་ནས་རྒྱལ་ཡོངས་ཀྱི་མི་རིགས་གྲངས་ཉུང་སོ་སོའི་ཡིག་རིགས་སུ་བསྒྱུར་རྒྱུ་དང་མི་རིགས་ས་ཁུལ་ཁག་ཏུ་སྐོར་གཏོང་བྱེད་རྒྱུའི་བསྐལ་བ་ལྡན་པ་བཅས་ཕྱོགས་གསུམ་གྱི་ལམ་ནས་གདེངས་འཇོག་ཚད་མཐོན་པོ་གནང་། 
ཚོགས་འདུའི་སྟེང་ནས་གློག་བརྙན་ཕབ་སྐྲུན་ཁྲོད་ནས་གྲུབ་འབྲས་ངེས་ཅན་བླངས་པའི་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་སྡེ་ཁག་དང་།  པེ་ཅིང་ནས་ཡོང་བའི་བརྙན་བསྐྲུན་ལས་ཁུངས་ལ་ཐུན་མོང་གི་བྱ་དགའ་བྱིན་པ་དང་། གློག་བརྙན་ཕབ་སྐྲུན་གྱི་བྱ་བའི་མགོ་རྔ་ཡོངས་ནས་གྲུབ་འབྲས་གཟེངས་སུ་ཐོན་པའི་ལས་བྱེད་མི་སྣ་སྐལ་བཟང་བློ་གྲོས་དང་།  འཁྲབ་སྟོན་པ་དཀོན་མཆོག་སོགས་མི་བརྒྱད་ལ་མི་སྒེར་གྱི་བྱ་དགའ་གནང་། ཚོགས་འདུའི་མཇུག་ནས་ཚོགས་ཞུགས་མི་སྣ་ཡོངས་ཀྱིས་མཉམ་གཅིག་ཏུ་བརྙན་འཕྲིན་བརྩམས་ཆོས་འདི་ལ་བལྟས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྡོ་གྲགས་ཀྱི་བརྙན་འཕྲིན་བརྩམས་ཆོས་གཉིས་པ《རྨ་ཁུག་གྱི་ལིང》ཕབ་སྐྲུན་ལེགས་འགྲུབ་བྱུང

2013-06-06 གསང་བདག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།