བོད་ཀྱི་སྙན་ངག་པ་གཉའ་གོང་ལྷ་བྷེ་མཆོག་སྐུ་གཤེགས་པ།

 ༄༅།། བོད་ཀྱི་སྙན་ངག་པ་གཉའ་གོང་ལྷ་བྷེའམ་ལྷ་མོ་དོན་གྲུབ་མཆོག་ཕྱི་ཟླ་༢པའི་ཚེས་༡༡ཉིན་བླ་བྲང་གི་རང་ཁྱིམ་ནས་སྐུ་གཤེགས།
 ཁོང་ནི་༡༩༧༣ལོའི་ཧོར་ཟླ་༡༠བའི་ཚེས་༡༠ཉིན་ཀན་ལྷོའི་རྒན་གྱ་རུ་སྐུ་འཁྲུངས་པ་དང་། ནུབ་བྱང་མི་རིགས་སློབ་གླིང་གི་བོད་ཡིག་སྡེ་ཁག་ནས་སློབ་མཐར་ཕྱིན། དེ་སྔ་ཀན་ལྷོའི་ཀླུ་ཆུའི་ཁོངས་སུ་དགེ་རྒན་གྱི་ལས་ཀ་སྒྲུབ་ཀྱིན་ཡོད།  <<གངས་རྒྱན་མེ་ཏོག>>དང་། <<མཚོ་སྔོན་བོད་ཡིག་གསར་འགྱུར>> <<ལྷོ་ཁའི་རྩོམ་རིག་སྒྱུ་རྩལ>> <<བོད་ཀྱི་རྩོམ་རིག་སྒྱུ་རྩལ>> སོགས་སུ་སྙན་ངག་གི་བརྩམས་ཆོས་སྣ་ཚོགས་སྤེལ་ཡོད། 
   འདིར་ངེད་དྲ་བས་སྙན་ངག་པ་ཁོང་ལ་རྗེས་དྲན་གྱི་ཆེད་སྒྲིག་ཅིག་བཟོ་རྩིས་ཡོད་པས་ཁོང་སྐུ་འཚོ་གཞེས་གནང་སྐབས་ཀྱི་གྲོགས་པོ་དང་གྲོགས་མོ། ཀློག་མཁན་དག་གིས་ཁོང་ལ་རྗེས་དྲན་ཞུ་བའི་་བརྩམས་ཆོས་ཅི་རིགས་་འདི་གའི་ཡིག་ཟམ་tibetcm@126.comལ་བསྐུར་བ་དང་ཁ་བྱང་ལ་རྗེས་དྲན་སྙན་ངག་ཅེས་བྲི་བར་འཚལ།
   ཟུར་བཀོད། གཉའ་གོང་ལྷ་བྷེའི་སྙན་ངག ཐང་ཆད་པའི་ལོ་ཟླ་ལ་འཐབ་པའི་གོ་རིམ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།