རང་གྲོལ་རྗེས་དྲན་གྱི་སྙན་ངག་གྱེར་འདོན་འགྲན་ཚོགས་ཤིག་སྤེལ་བ།

སྟག་རིག་འབྲུག་ཐར།༼ ཁྲི་ཀ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2014-11-17

 དགུན་གསུམ་ཁ་བའི་མེ་ཏོག་གིས་རི་ལུང་ལ་གོས་དཀར་མནབས་པའི་དུས་ཚིགས་འདིའི་ཧྲག་བར་དུ། ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་སློབ་གསེང་གི་འཚོ་བར་གསོན་ཤུགས་སྣོན་པ་དང་སློབ་མ་ཡོངས་ཀྱི་སློབ་སྦྱོང་གི་སྤྲོ་བ་འཕེལ་བ། སློབ་མ་རང་ཉིད་ཀྱི་སྤོབས་པ་དང་ནུས་པ་སྦྱོང་བརྡར་བྱེད་པ་སོགས་ཕྱོགས་ཡོངས་སུ་དམིགས་ནས་ཟླ11པའི་ཚེས16ཉིན་ཏེ་། གཟའ་ཉི་མའི་ཕྱི་དྲོར། སྙན་པའི་གྲགས་པ་ས་གསུམ་ན་འཕྱོ་བའི་བསམ་བློ་བ། རྩོམ་པ་པོ་གྲགས་ཅན་དཔལ་དོན་གྲུབ་རྒྱལ་སྐུ་གཤེགས་ནས་ལོ་འཁོར་ཉེར་དགུ་འགོར་བར་རྗེས་དྲན་དུ་སྙན་ངག་གྱེར་འདོན་འགྲན་ཚོགས་ཤིག་བསྡུས། ཐེངས་འདིའི་འགྲན་སྡུར་ལ་འཛིན་གྲྭ་ཉེར་བརྒྱད་དང་དགེ་རྒན་འཐུས་ཚབ། ཤེས་རིག་ཡར་སྐུལ་ཚོགས་པ་བཅས་ཁྱོན་སྡོམ་འགྲན་ཞུགས་རུ་ཁག་སོ་གཅིག་རེབ་འདིའི་འགྲན་ཚོགས་ལ་ཞུགས། དྲང་བདེན་དང་འདྲ་མཉམ་གྱི་ཨང་རིམ་ཞིག་འབྱུང་ཆེད། དཔྱད་འཇོག་པས་སྙན་ངག་གྱེར་འདོན་གྱི་ནང་དོན་དང་ཉམས་འགྱུར། བྱང་ཚད། སྤོབས་སེམས། གྱོན་ཆས་བཅས་ཕྱོགས་འགའ་གཞིར་བཟུང་ནས་དཔྱད་འཇོག་བྱས། འཛིན་གྲྭ་སོ་སོའི་ཐུན་མོང་མ་ཡིན་པའི་ཇུས་འགོད་དང་རྒྱབ་ལྗོངས་རོལ་དབྱངས། གྱོན་གོས་གསར་བ། འདོན་ལུགས་སྣ་ཚོགས། ཉམས་འགྱུར་འཁྲུག་ཆ་ཅན་སོགས་ཀྱིས་དགུན་ཁའི་ནམ་ཟླ་ཧ་ཅང་འཁྱག་ནའང་། ལྟ་མཁན་ཚོའི་ཡིད་དབང་ཅིག་ཅར་དུ་བཀུག་ཅིང་ཀུན་གྱི་སེམས་སུ་སྙན་ངག་གྱེར་འདོན་ནི་སེམས་ཀྱི་ཚོར་བ་དངོས་མ་ལས་བྱུང་བའི་ཉིང་བཅུད་ཡིན་པ་ར་སྤྲོད་བྱས། འཛིན་གྲྭ་སོ་སོའི་གཅིག་ལས་གཅིག་ལྷག་གི་ཡིད་འཕྲོག་འགྲན་བསྡུར་བརྒྱུད། མཇུག་མཐར་དམའ་གཉིས་འཛིན་གྲྭ་ལྔ་བས་ཨང་དང་པོ་བླངས་པ་དང་། དམའ་གསུམ་འཛིན་གྲྭ་གསུམ་པ་དང་དམའ་གཉིས་འཛིན་གྲྭ་གཉིས་པས་ཨང་གཉིས་པ་བླངས་པ་རེད།
  ཐེངས་འདིའི་བྱ་འགུལ་གྱིས་ཀྱང་སློབ་གྲྭའི་རིག་གནས་མཁའ་དབུགས་ལེགས་སྐྲུན་ཐད་མཐུན་རྐྱེན་བླ་ལྷག་སྦྱར་ཞིང་། དགེ་སློབ་ཀུན་ལའང་འབད་འབུངས་ཧུར་ཐག་གིས་སྐུ་ཞབས་རང་གྲོལ་ཁོང་གི་མི་གཞིའི་སྙིང་སྟོབས་དང་བསམ་བློའི་སྟོབས་ཤུགས། རྩོམ་རིག་ལ་བཅངས་པའི་ལྷད་བྲལ་གྱི་རྣམ་དཔྱོད་ལ་སློབ་སྦྱོང་བྱ་བའི་འདུན་མ་ངང་གིས་བསྐྱེད་པར་མ་ཟད། བརྩོན་པ་ཞུམ་མེད་སྒོས་མི་རིགས་རང་གི་རིག་གནས་འཛིན་སྐྱོང་སྤེལ་གསུམ་ཐད་དུའང་སྐུལ་ལྕག་ཚ་བེར་བ་ཞིག་གནང་ངོ་།།

   (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

 
 
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རང་གྲོལ་རྗེས་དྲན་གྱི་སྙན་ངག་གྱེར་འདོན་འགྲན་ཚོགས་ཤིག་སྤེལ་བ།

2014-11-17 སྟག་རིག་འབྲུག་ཐར།༼ ཁྲི་ཀ༽ ཀློག་གྲངས། མཆན ཡོད།

 དགུན་གསུམ་ཁ་བའི་མེ་ཏོག་གིས་རི་ལུང་ལ་གོས་དཀར་མནབས་པའི་དུས་ཚིགས་འདིའི་ཧྲག་བར་དུ། ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་སློབ་གསེང་གི་འཚོ་བར་གསོན་ཤུགས་སྣོན་པ་དང་སློབ་མ་ཡོངས་ཀྱི་སློབ་སྦྱོང་གི་སྤྲོ་བ་འཕེལ་བ། སློབ་མ་རང་ཉིད་ཀྱི་སྤོབས་པ་དང་ནུས་པ་སྦྱོང་བརྡར་བྱེད་པ་སོགས་ཕྱོགས་ཡོངས་སུ་དམིགས་ནས་ཟླ11པའི་ཚེས16ཉིན་ཏེ་། གཟའ་ཉི་མའི་ཕྱི་དྲོར། སྙན་པའི་གྲགས་པ་ས་གསུམ་ན་འཕྱོ་བའི་བསམ་བློ་བ། རྩོམ་པ་པོ་གྲགས་ཅན་དཔལ་དོན་གྲུབ་རྒྱལ་སྐུ་གཤེགས་ནས་ལོ་འཁོར་ཉེར་དགུ་འགོར་བར་རྗེས་དྲན་དུ་སྙན་ངག་གྱེར་འདོན་འགྲན་ཚོགས་ཤིག་བསྡུས། ཐེངས་འདིའི་འགྲན་སྡུར་ལ་འཛིན་གྲྭ་ཉེར་བརྒྱད་དང་དགེ་རྒན་འཐུས་ཚབ། ཤེས་རིག་ཡར་སྐུལ་ཚོགས་པ་བཅས་ཁྱོན་སྡོམ་འགྲན་ཞུགས་རུ་ཁག་སོ་གཅིག་རེབ་འདིའི་འགྲན་ཚོགས་ལ་ཞུགས། དྲང་བདེན་དང་འདྲ་མཉམ་གྱི་ཨང་རིམ་ཞིག་འབྱུང་ཆེད། དཔྱད་འཇོག་པས་སྙན་ངག་གྱེར་འདོན་གྱི་ནང་དོན་དང་ཉམས་འགྱུར། བྱང་ཚད། སྤོབས་སེམས། གྱོན་ཆས་བཅས་ཕྱོགས་འགའ་གཞིར་བཟུང་ནས་དཔྱད་འཇོག་བྱས། འཛིན་གྲྭ་སོ་སོའི་ཐུན་མོང་མ་ཡིན་པའི་ཇུས་འགོད་དང་རྒྱབ་ལྗོངས་རོལ་དབྱངས། གྱོན་གོས་གསར་བ། འདོན་ལུགས་སྣ་ཚོགས། ཉམས་འགྱུར་འཁྲུག་ཆ་ཅན་སོགས་ཀྱིས་དགུན་ཁའི་ནམ་ཟླ་ཧ་ཅང་འཁྱག་ནའང་། ལྟ་མཁན་ཚོའི་ཡིད་དབང་ཅིག་ཅར་དུ་བཀུག་ཅིང་ཀུན་གྱི་སེམས་སུ་སྙན་ངག་གྱེར་འདོན་ནི་སེམས་ཀྱི་ཚོར་བ་དངོས་མ་ལས་བྱུང་བའི་ཉིང་བཅུད་ཡིན་པ་ར་སྤྲོད་བྱས། འཛིན་གྲྭ་སོ་སོའི་གཅིག་ལས་གཅིག་ལྷག་གི་ཡིད་འཕྲོག་འགྲན་བསྡུར་བརྒྱུད། མཇུག་མཐར་དམའ་གཉིས་འཛིན་གྲྭ་ལྔ་བས་ཨང་དང་པོ་བླངས་པ་དང་། དམའ་གསུམ་འཛིན་གྲྭ་གསུམ་པ་དང་དམའ་གཉིས་འཛིན་གྲྭ་གཉིས་པས་ཨང་གཉིས་པ་བླངས་པ་རེད།
  ཐེངས་འདིའི་བྱ་འགུལ་གྱིས་ཀྱང་སློབ་གྲྭའི་རིག་གནས་མཁའ་དབུགས་ལེགས་སྐྲུན་ཐད་མཐུན་རྐྱེན་བླ་ལྷག་སྦྱར་ཞིང་། དགེ་སློབ་ཀུན་ལའང་འབད་འབུངས་ཧུར་ཐག་གིས་སྐུ་ཞབས་རང་གྲོལ་ཁོང་གི་མི་གཞིའི་སྙིང་སྟོབས་དང་བསམ་བློའི་སྟོབས་ཤུགས། རྩོམ་རིག་ལ་བཅངས་པའི་ལྷད་བྲལ་གྱི་རྣམ་དཔྱོད་ལ་སློབ་སྦྱོང་བྱ་བའི་འདུན་མ་ངང་གིས་བསྐྱེད་པར་མ་ཟད། བརྩོན་པ་ཞུམ་མེད་སྒོས་མི་རིགས་རང་གི་རིག་གནས་འཛིན་སྐྱོང་སྤེལ་གསུམ་ཐད་དུའང་སྐུལ་ལྕག་ཚ་བེར་བ་ཞིག་གནང་ངོ་།།

   (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

 
 
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།