སྙན་ངག་པ་འཇུ་སྐལ་བཟང་ལ་གཞུང་ཕྱོགས་ཀྱི་བྱ་དགའ་མཐོ་ཤོས་ཤིག་ཐོབ་པ།


   ཟླ9བའི་ཚེས22ཉིན། སྐབས་ལྔ་བའི་རྒྱལ་ཡོངས་ཕུལ་བྱུང་ཆེད་ལས་ལག་རྩལ་མི་སྣར་གཟེངས་བསྟོད་ཚོགས་ཆེན་དེ་པེ་ཅིང་དུ་བསྡུས་ཤིང་། ཚོགས་ཐོག་ཏུ་ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུའུ་དང་། ཀྲུང་གུང་ཀྲུང་དབྱང་དྲིལ་སྒྲོག་པུའུ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ། ཚན་རིག་ལག་རྩལ་པུའུ་བཅས་མཉམ་འབྲེལ་སྒོས་ཚན་རིག་དང་སློབ་གསོ།  རིག་གནས།  འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་ཚན་ཞིབ་དང་ཐོན་སྐྱེད་རྐང་འཛིན་པ99ལ་རྒྱལ་ཡོངས་ཕུལ་བྱུང་ཆེད་ལས་ལག་རྩལ་མི་སྣའི་གཟེངས་རྟགས་དང་། ཐུན་མོང96ལ་རྒྱལ་ཡོངས་ཆེད་ལས་ལག་རྩལ་མི་སྣའི་སྔོན་ཐོན་ཐུན་མོང་གི་གཟེངས་རྟགས་གནང་། རྒྱུས་ལོན་པ་ལྟར་ན། བོད་ཀྱི་མིང་གྲགས་ཅན་གྱི་སྙན་ངག་པའམ་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གི་འགོ་གཙོ་འཇུ་སྐལ་བཟང་ལ་རྒྱལ་ཡོངས་ཕུལ་བྱུང་ཆེད་ལས་ལག་རྩལ་མི་སྣའི་གཟེངས་རྟགས་ཐོབ་པ་རེད།
   རྒྱལ་ཡོངས་ཕུལ་བྱུང་ཆེད་ལས་ལག་རྩལ་མི་སྣ་དང་སྔོན་ཐོན་ཐུན་མོང་ནི་ལོ་ལྔའི་ནང་ཐེངས་གཅིག་ལ་ལེགས་འདེམ་བྱེད་པ་ཡིན་ཞིང་། གཙོ་ཆེར་རྒྱལ་ཡོངས་ཀྱི་འཐབ་ཇུས་འགངས་ཆེན་དང་ཚན་ཞིབ་རྣམ་གྲངས་འགངས་ཆེན། བཟོ་བཀོད་འགངས་ཆེན་ཁྲོད་ཕུལ་དུ་བྱུང་བའི་སྣེ་ཁྲིད་མི་སྣ་དང་ཐུན་མོང་དང་། འཐབ་ཇུས་རང་བཞིན་གྱི་གསར་སྤེལ་ཐོན་ལས་དང་། ས་ཁོངས་འཕེལ་རྒྱས་ཀྱི་ཁྱབ་ཁོངས་གཙོ་ཆེ་བ། ཁྱད་འཕགས་ཐོན་ལས་སོགས་སུ་འབུས་པའི་ཕུལ་བྱུང་མི་སྣ་དང་གསར་སྐྲུན་ཚོགས་སྤྱི། དེ་མིན་རྒྱུན་རིང་ཆེད་ལས་ལག་རྩལ་ལས་གནས་སུ་རྐང་འཛིན་བྱ་བ་བསྒྲུབ་པའི་སྒེར་སེམས་མེད་ཅིང་བརྩོན་པ་ལྷུར་ལེན་བྱེད་པ་དང་སྤྱི་ཚོགས་སུ་ཤུགས་རྐྱེན་ཟབ་པའི་ཕུལ་བྱུང་མི་སྣ་དང་ཚན་ཞིབ་རུ་ཁག་ལ་གཟེངས་བསྟོད་བྱེད་པ་ཡིན།
 

         ཁ་བྱང་ངེད་དྲ་བས་བཏགས་པ་ཡིན། སྔར་གྱི་ཁ་བྱང་ནི་འཇུ་སྐལ་བཟང་ལ་རྒྱལ་ཡོངས་ཕུལ་བྱུང་ཆེད་ལས་ལག་རྩལ་མི་སྣའི་གཟེངས་རྟགས་ཐོབ་ཅེས་པ་དེ་ཡིན།

རྩོམ་ཁུངས། མཚོ་སྔོན་པོ་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ངག་པ་འཇུ་སྐལ་བཟང་ལ་གཞུང་ཕྱོགས་ཀྱི་བྱ་དགའ་མཐོ་ཤོས་ཤིག་ཐོབ་པ།

2014-09-27 ལྷ་མོ་ཚེ་སྐྱིད། ཀློག་གྲངས། མཆན ཡོད།

   ཟླ9བའི་ཚེས22ཉིན། སྐབས་ལྔ་བའི་རྒྱལ་ཡོངས་ཕུལ་བྱུང་ཆེད་ལས་ལག་རྩལ་མི་སྣར་གཟེངས་བསྟོད་ཚོགས་ཆེན་དེ་པེ་ཅིང་དུ་བསྡུས་ཤིང་། ཚོགས་ཐོག་ཏུ་ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུའུ་དང་། ཀྲུང་གུང་ཀྲུང་དབྱང་དྲིལ་སྒྲོག་པུའུ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ། ཚན་རིག་ལག་རྩལ་པུའུ་བཅས་མཉམ་འབྲེལ་སྒོས་ཚན་རིག་དང་སློབ་གསོ།  རིག་གནས།  འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་ཚན་ཞིབ་དང་ཐོན་སྐྱེད་རྐང་འཛིན་པ99ལ་རྒྱལ་ཡོངས་ཕུལ་བྱུང་ཆེད་ལས་ལག་རྩལ་མི་སྣའི་གཟེངས་རྟགས་དང་། ཐུན་མོང96ལ་རྒྱལ་ཡོངས་ཆེད་ལས་ལག་རྩལ་མི་སྣའི་སྔོན་ཐོན་ཐུན་མོང་གི་གཟེངས་རྟགས་གནང་། རྒྱུས་ལོན་པ་ལྟར་ན། བོད་ཀྱི་མིང་གྲགས་ཅན་གྱི་སྙན་ངག་པའམ་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གི་འགོ་གཙོ་འཇུ་སྐལ་བཟང་ལ་རྒྱལ་ཡོངས་ཕུལ་བྱུང་ཆེད་ལས་ལག་རྩལ་མི་སྣའི་གཟེངས་རྟགས་ཐོབ་པ་རེད།
   རྒྱལ་ཡོངས་ཕུལ་བྱུང་ཆེད་ལས་ལག་རྩལ་མི་སྣ་དང་སྔོན་ཐོན་ཐུན་མོང་ནི་ལོ་ལྔའི་ནང་ཐེངས་གཅིག་ལ་ལེགས་འདེམ་བྱེད་པ་ཡིན་ཞིང་། གཙོ་ཆེར་རྒྱལ་ཡོངས་ཀྱི་འཐབ་ཇུས་འགངས་ཆེན་དང་ཚན་ཞིབ་རྣམ་གྲངས་འགངས་ཆེན། བཟོ་བཀོད་འགངས་ཆེན་ཁྲོད་ཕུལ་དུ་བྱུང་བའི་སྣེ་ཁྲིད་མི་སྣ་དང་ཐུན་མོང་དང་། འཐབ་ཇུས་རང་བཞིན་གྱི་གསར་སྤེལ་ཐོན་ལས་དང་། ས་ཁོངས་འཕེལ་རྒྱས་ཀྱི་ཁྱབ་ཁོངས་གཙོ་ཆེ་བ། ཁྱད་འཕགས་ཐོན་ལས་སོགས་སུ་འབུས་པའི་ཕུལ་བྱུང་མི་སྣ་དང་གསར་སྐྲུན་ཚོགས་སྤྱི། དེ་མིན་རྒྱུན་རིང་ཆེད་ལས་ལག་རྩལ་ལས་གནས་སུ་རྐང་འཛིན་བྱ་བ་བསྒྲུབ་པའི་སྒེར་སེམས་མེད་ཅིང་བརྩོན་པ་ལྷུར་ལེན་བྱེད་པ་དང་སྤྱི་ཚོགས་སུ་ཤུགས་རྐྱེན་ཟབ་པའི་ཕུལ་བྱུང་མི་སྣ་དང་ཚན་ཞིབ་རུ་ཁག་ལ་གཟེངས་བསྟོད་བྱེད་པ་ཡིན།
 

         ཁ་བྱང་ངེད་དྲ་བས་བཏགས་པ་ཡིན། སྔར་གྱི་ཁ་བྱང་ནི་འཇུ་སྐལ་བཟང་ལ་རྒྱལ་ཡོངས་ཕུལ་བྱུང་ཆེད་ལས་ལག་རྩལ་མི་སྣའི་གཟེངས་རྟགས་ཐོབ་ཅེས་པ་དེ་ཡིན།

རྩོམ་ཁུངས། མཚོ་སྔོན་པོ་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།