པར་སྒོའི་ནང་གི་བོད*ཅེས་པའི་གློག་བརྙན་གཟིགས་འབུལ་བྱེད་སྒོ་ཞིག་ཨ་རིའི་གྲོང་ཁྱེར་ཉིག་ཡོག་ལ་སྤེལ་འཆར་།

  མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བའི་འཕྲིན།
ངེད་དྲ་བར་འབྱོར་བའི་གནས་ཚུལ་ལྟར་ན། ཉེ་ཆར་། ཨ་རིའི་གྲོང་ཁྱེར་ཆེན་པོ་ཉིག་ཡོག་ལ་གནས་པའི་དེང་རབས་སྒྱུ་རྩལ་བཤམས་སྟོན་ཁང**(MoMA)ཟེར་པ་དེས། ་་པར་སྒོའི་ནང་གི་བོད་་ཅེས་པའི་གློག་བརྙན་གཟིགས་འབུལ་བྱེད་སྒོ་ཆེན་པོ་ཞིག་སྤེལ་འཆར་ཡོད་འདུག་པར་། བྱེད་སྒོའི་དུས་ཚོད་ནི་སྤྱི་ཟླ༨པའི་ཚེས་༢༠ནས་༣༡བར་འཁེལ་འདུག
  ད་རེས་གཟིགས་འབུལ་གནང་འཆར་གྱི་གློག་བརྙན་དག་ཐོན་ས་གཙོ་བོ་ནི་ཀྲུང་གོ་དང་བྱང་ཨ་རི་། ཡོ་རོབ་བཅས་ཡིན་པ་དང་། ཀྲུང་ཕྱི་མཉམ་འབྲེལ་ཐོག་བཟོས་པའི་གློག་བརྙན་རེ་གཉིས་ཀྱང་ཡོད་པར་སྣང་། གཟིགས་འབུལ་འདམས་ཐོན་གྱི་གློག་བརྙན་ལས། སྙན་ངག་པ་གྲགས་ཅན་དང་གློག་བརྙན་འཁྲབ་འཁྲིད་པ་ལྗང་བུའམ་ལྕེ་ནག་ཚང་རྡོ་རྗེ་ཚེ་རིང་དང་ཁོང་གི་གྲོགས་པོ་ཨ་སྟག་གཉིས་ཀྱིས་མཉམ་བཟོ་བྱས་པའི་་་དབྱར་རྩྭ་རིན་པོ་ཆེ་་ཞེས་པ་དེ་ ཐེངས་འདིའི་དབུ་འབྱེད་གློག་བརྙན་ལ་བདམས་ཡོད་པ་མ་ཟད་། བྱེད་སྒོ་འགོ་བཙུགས་པ་ནས་མཇུག་བསྡུ་བའི་བར་དུ་ཉིན་ལྟར་གཟིགས་འབུལ་ཐེངས་རེ་གནང་གིན་ཡོད་འདུག་ལ། འཁྲབ་འཁྲིད་པ་དང་གཟིགས་མོ་བའི་བར་གྱི་བགྲོ་གླེང་བྱེད་སྒོའང་ཐེངས་ཁ་ཤས་བཀོད་སྒྲིག་བྱས་ཡོད་འདུག  ་་དབྱར་རྩྭ་རིན་པོ་ཆེ་་ཞེས་པའི་གློག་བརྙན་འདིས། དབྱར་རྩྭ་དགུན་འབུ་བརྐོ་སྒྲུག་གི་རྒྱུད་རིམ་ལྟར་མི་སྣ་གཙོ་བོའི་མི་ཚེའི་ལོ་རྒྱུས་འཆད་པ་དང་། ཁ་སང་དེ་རིང་བོད་ཡུལ་ལ་བྱུང་དང་་འབྱུང་གིན་པའི་དངོས་ཡོད་གནས་ཚུལ་མང་པོ་ཞིག་རྒྱབ་ལྗོངས་ཀྱི་ཚུལ་དུ་བར་འཇུག་བྱས་ཡོད་པས། རྗོད་བྱེད་ཀྱི་ཆ་ནས་བཤད་ན། རྟོག་བཟོ་དང་དངོས་ཡོད་སྦྲག་མར་སྡེབ་པའི་ལམ་ཀ་གསར་པ་ཞིག་གི་ངོས་ཐད་ནས་བཟོས་ཡོད་ཅིང་། ཡོ་རོབ་སོགས་ནས་གློག་བརྙན་དུས་སྟོན་ཆེ་ཆུང་ཁ་ཤས་ལ་ཞུགས་པ་དང་ཞིབ་འཇུག་ཁང་དང་སློབ་གྲྭ་ཆེན་མོ་སོགས་ནས་སྤྱན་འབུལ་ཞུས་པར་། ཆེད་ལས་མི་སྣས་གདེང་འཇོག་ཡག་པོ་གང་འཚམས་ཤིག་གནང་ཡོད་འདུག
  ད་རེས་གཟིགས་འབུལ་གནང་འཆར་གྱི་གློག་བརྙན་མང་ཆེ་བ་བོད་པ་གློག་བརྙན་བཟོ་མཁན་རང་གིས་བཟོས་པ་ཡིན་འདུག་པར་། དཔེར་ན། ཀུན་ལ་རྒྱུས་མངའ་ཡོད་འོས་པའི་་འཚོལ་་༼པདྨ་ཚེ་བརྟན༽་དང་། ་་དབུས་ལམ་གྱི་ཉི་མ་་༼ཟོན་ཐར་རྒྱལ༽། སྤུས་དག་པའི་གློག་བརྙན་འདི་གཉིས་རྒྱལ་ནང་ལ་སྐད་གྲགས་མི་དམན་པ་ཡོད་འདུག་ཅིང་། དེ་མིན་ད་དུང་་དཔའ་བོའི་ལུང་པ་་ཞེས་པ་༼བསེ་མཁའ་བྱམས་རྒྱལ༽། ་་སྔགས་པ་་དང་མཚོ་སྔོན་པོ་་ཞེས་པ་༼ལྕེ་ནག་ཚང་རྡོ་རྗེ་ཚེ་རིང༽སོགས་ཡོད་འདུག 
  གཞན་ཡང་ཕྱི་རྒྱལ་དང་མཉམ་ལས་སམ་ཕྱི་རྒྱལ་མི་སྣས་བོད་བརྗོད་གཞི་བྱས་ཏེ་བཟོས་པའི་གློག་བརྙན་ནི། ་་ཡེ་ཤེས་རྒྱུད་འཛིན་མ་་༼ Daughters of Wisdomཞེས་པ་Bari Pearlmanགྱིས་བཟོས་པ༽ཞེས་པ་དང་། པདྨ་བཀྲ་ཤིས་དང་ཡུས་ཏན་སིམེར་གྱིས་བཟོས་པའི་་འཐམ་འཁྱུད་་༼Embrace༽ཞེས་པ། ཚེ་རིང་འཕེལ་བློ་སོགས་ཀྱི་་དབྱར་མཚེར་་ཞེས་པ། Donagh དང་ལྷ་རིག་མཚོ་གཉིས་ཀྱི་་གེ་སར་སྒྲུང་མཁན་གྱི་སྒྲུང་་ཞེས་པ་སོགས་ཁ་ཤས་ཀྱང་ ཡོད་འདུག
  དེང་རབས་སྒྱུ་རྩལ་བཤམས་སྟོན་ཁང་ཟེར་པ་འདི་ནི་༡༩༢༩ལོར་བཙུགས་པ་དང་། ཨ་རི་ཙམ་མ་ཡིན་པར་འཛམ་གླིང་ཡོངས་ལ་ཧ་ཅང་སྐད་གྲགས་ཡོད་པའི་སྒྱུ་རྩལ་བརྩམས་ཆོས་གསོག་ཉར་དང་འགྲེམ་སྟོན་བྱེད་གནས་ཤིག་ཡིན་འདུག་ལ། ཕི་ཁ་སོ་དང་། ཟལ་ཝ་དྷོ་་དྷ་ལིས། ཝན་ཟན་ཊི་ཝན་གོ***སོགས་སྒྱུ་རྩལ་གྱི་སྐྱེས་ཆེན་ཚོའི་ཕྱག་རིས་སོགས་རི་མོ་དང་འདྲ་པར་འབུམ་གཅིག་དང་ཕྱེད་ཀ་ལྷག་ཉར་ཚགས་བྱས་ཡོད་པ་མ་ཟད། གློག་བརྙན་མི་འདྲ་བ་ཁྲི་ཕྲག་གཉིས་ཙམ་ཡང་ཉར་ཚགས་བྱས་ཡོད་འདུག
  ད་རེས་བྱེད་སྒོ་འདིའི་མཉམ་ལས་ཀྱི་ལས་ཁུངས་གཙོ་བོ་ནི་ཀུན་ཕན་ཐེབས་རྩ་ཚོགས་པ་ཟེར་པ་ཞིག་ཡིན་འདུག་པར་། ཁོང་ཚོས་ཀྲུང་གོའི་བོད་རིགས་འདུས་སྡོད་ས་ཁུལ་གྱི་ཤེས་རིག་དང་སློབ་གསོ། འཕྲོད་བསྟེན་། གློག་བརྙན་། སྒྱུ་རྩལ། དཔལ་འབྱོར་སོགས་ལས་རིགས་དུ་མ་ཡར་རྒྱས་དང་རྒྱུད་འཛིན་ཐད་ལ་ད་བར་དུ་ལས་གཞི་མང་པོ་སྤེལ་གཉེར་བྱས་མྱོང་ཡོད་འདུག   ད་ལོ་ནི་ཏག་ཏག་ཚོགས་པ་དེའི་ལོ་ངོ་ཉི་ཤུའི་སྐྱེས་སྐར་ལ་ཡང་འཁེལ་འདུག
  ཀློག་མཁན་ཚོའི་མིག་གི་དགའ་སྟོན་འགྱེད་བྱེད་གློག་བརྙན་ཁྱབ་བསྒྲག་གི་འདྲ་པར་སྐོར་ཞིག་ཟུར་བཀོད་ཞུས་ཡོད།
 
༼རྩོམ་ཡིག་བསྒྱུར་སྒྲིག  བསྟན་འཛིན་ཉི་མ། པར་རིས་ཀྱི་དབང་ཆ། ཏཱ་རེའི་རིག་གཞུང༽

*Lens on Tibet ཞེས་པ་འདི་བོད་ཡིག་ནང་་པར་སྒོའི་ནང་གི་བོད་་ཅེས་བསྒྱུར་པ་ཡིན་ལ། ཨ་རིའི་རྒྱ་ཡིག་གསར་འགྱུར་བརྒྱུད་ལམ་ཁག་ན镜头下的西藏ཞེས་བསྒྱུར་འདུག
**MoMAཞེས་པ་ནི Museum of Modern Art ཞེས་པའི་བསྡུས་མིང་ཡིན་ལ། དེང་རབས་སྒྱུ་རྩལ་བཤམས་སྟོན་ཁང་ཅེས་པའི་དོན་ཡིན་པ་དང་། རྒྱ་ཡིག་ལ 现代艺术博物馆ཞེས་འཁོད་འདུག wiki སྦྲེལ་ལམ་ཁ་བྱང་ནི zh.m.wikipedia.org རེད་།
*** Pabio Picasso,Vincent van Gogh,Salvador Dali (毕加索、凡高、达利)སོགས་རི་མོ་བ་དག་གི་མཚན་།
****MoMA ཡི་སྡོད་གནས་ཁ་བྱང་དང་གློག་བརྙན་གཟིགས་འབུལ་ཚོམས་ཆེན་གྱི་མིང་།Theater 2 (The Roy and Niuta Titus Theater 2), T2 11 West 53rd Street  New York , NY 10019

        (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

པར་སྒོའི་ནང་གི་བོད*ཅེས་པའི་གློག་བརྙན་གཟིགས་འབུལ་བྱེད་སྒོ་ཞིག་ཨ་རིའི་གྲོང་ཁྱེར་ཉིག་ཡོག་ལ་སྤེལ་འཆར་།

2014-08-18 བསྟན་འཛིན་ཉི་མ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།