སྙན་ངག་པ་གྲགས་ཅན་མཱ་ཡ་ཨན་རྗི་ལུ་མཆོག་སྐུ་གཤེགས་པ།

  མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བའི་འཕྲིན། ཀུན་གྱིས་བསྔགས་པ་བརྗོད་ཡུལ་དུ་གྱུར་བའི་ཨ་རིའི་སྙན་ངག་པ་དང་། རྩོམ་པ་པོ། འཁྲབ་སྟོན་པ། ལས་འགུལ་སྤེལ་མཁན་མཱ་ཡ་ཨན་རྗི་ལུ(Maya Angelou)ལགས་དགུང་ལོ་གྱ་དྲུག་སྟེང་ཨ་རིའི་མངའ་སྡེ་ཁཱ་རོ་ལེ་ནཱ་བྱང་མའི་གྲོང་ཁྱེར་ཝེན་སི་ཐོན་སཱ་ལེམ(Winston-Salem, N.C.)གྱི་རང་ཁྱིམ་ནས་སྐུ་གཤེགས་ཡོད་པ་རེད།
 
   བརྩམས་ཆོས་འབེལ་བའི་ཨ་རིའི་མི་རྒྱུད་ནག་པོའི་རྩོམ་པ་པོ་ཁོང་གིས་རིགས་རྒྱུད་དང་། ཕོ་མོ། མི་ཚེ་དོན་སྙིང་ལྡན་པ་སྐྱེལ་བ་སོགས་ཀྱི་སྐོར་ལ་ངག་གི་རྩལ་རྫོགས་པའི་དཔྱད་གཏམ་མང་པོ་འཇོག་གནང་ཡོད། ཁོང་གིས<<ངས་གཟེབ་ཏུ་ཚུད་པའི་བྱེའུས་གཞས་གཏོང་དོན་ཤེས>>(I Know Why the Caged Bird Sings)སོགས་བརྩམ་ཆོས་དེབ་སུམ་ཅུ་ལྷག་བྲིས་ཡོད་ལ། བྱ་དགའ་གང་མང་ཐོབ་ཡོད་ཅིང་། རྩོམ་རིག་གི་སྡེ་ལ་ཞབས་ཞུ་བསྒྲུབས་པས་ལོ་སྔོན་མར་རྒྱལ་ཁབ་ཀྱི་དཔེ་དེབ་བྱ་དགའ་ཐོབ་ཡོད་པ་རོཡེ་ཁྲིར་གསར་ལམ(Reuters)ནས་བསྒྲགས་ཡོད། ཕྱི་ལོ་ཉིས་སྟོང་བཅུ་གཅིག་ལོར། ཁོང་གིས་སྲིད་འཛིན་གྱི་རང་དབང་རྟགས་མ་བཞེས་ཡོད་ཅིང་། འདི་ནི་དམངས་ཕལ་བར་གཟེངས་བསྟོད་བྱེད་ལུགས་མཐོ་ཤོས་ཡིན། ཁོང་གིས་ད་དུང་སྤྱི་ལོ1993ལོར་སྲིད་འཛིན་པེལ་ཁི་ལིན་ཁྲིན (Bill Clinton)གྱི་ལས་འཁུར་མཛད་སྒོ་རུ་སྙན་ངག་ཅིག་ཀྱང་གྱེར་མྱོང་བ་རེད།
 
   ཨན་རྗི་ལུ་ལགས་ཡུ་སི་ཁྲིན(Houston)དུ་སྦེ་སི་སྤོ་ལོ་རུ་ཁག་མཉམ་འབྲེལ་ཚོགས་པས་(Major League Baseball)གཟའ་པ་སངས་ཉིན་སྤེལ་འཆར་གྱི་ལོ་རེའི་སྤྱི་དམངས་ཀྱི་རྩ་བའི་ཐོབ་ཐང་འགྲན་སྡུར་དུ་ཁོ་མོར་ཕྱོགས་སྟོན་བྱ་དགའ་བསྩལ་ནས་གཟེངས་བསྟོད་བྱ་འཆར་ཡོད་མོད། གཟའ་འཁོར་སྔོན་མར་གཟུགས་པོའི་གནས་བབས་རྐྱེན་བྱས་ནས་ཁས་བླངས་མེད་པ་རེད།
   མོའི་བུ་གྷ་ཡེ་རྗོན་སིན(Guy B. Johnson)གྱིས་ངོ་དེབ་དུ་ཨན་རྗི་ལུ་ལགས“ཨ་རིའི་ཤར་ཕྱོགས་ཀྱི་ཞོགས་པའི་ཆུ་ཚོད་བརྒྱད་པའི་སྔོན་ལ་མོ་རང་གི་ཁྱིམ་ནས་ལྷིང་འཇགས་ངང་འདས་སོང”ཞེས་བྲིས་ཡོད།
   ངོ་དེབ་དུ་ད་དུང“མོའི་ནང་མི་ཚོས་མོ་ཡར་དག་ཞིང་ལ་ཕེབས་དུས་རྣམ་དཔྱོད་དང་ཤེས་པ་བརླག་ནས་དཀའ་ངལ་མ་འཕྲད་པར་བཀའ་དྲིན་བླ་ལྷག་ཞུ་བཞིན་ཡོད" ཅེས་ཞུས་ཡོད་ལ། "མོས་མི་ཚེ་ནི་སློབ་དཔོན་དང་། ལས་འགུལ་བ། སྒྱུ་རྩལ་བ། འགྲོ་བ་མི་ཞིག་ཡིན་པའི་ངོས་ནས་རོལ་ཡོད། མོ་ནི་འདྲ་མཉམ་དང་དཀྱེལ་ཡངས། ཞི་བདེ་བཅས་རྩོད་པའི་འཐབ་མོ་བ་ཞིག་ཡིན། ང་ཚོ་ནང་མི་ཚོས་མོ་དང་མཉམ་དུ་རོལ་བའི་དུས་ཚོད་དེ་ལྷག་པར་རིན་ཐང་གཞལ་དུ་མེད་པར་འདོད་བཞིན་ཡོད་ལ། ད་ལྟ་མོས་ང་ཚོར་ལྷ་ཡུལ་ནས་མར་བརྩེ་བའི་མིག་གིས་གཟིགས་བཞིན་ཡོད་པ་ཤེས་ཡོད།”ཅེས་བྲིས་འདུག
   ཨ་རིའི་རྒྱལ་ཡོངས་ཀྱི་དཔེ་དེབ་ཐེབས་རྩའི(the National Book Foundation) འགན་འཛིན་ཧ་རོལ་རྡི་ཨུ་གྷན་བྷི་རོམ(Harold Augenbraum)གྱིས་མོ་ནི“མོ་ནི་ཨ་མེ་རི་ཁ་ནས་སྒྱུ་རྩལ་སྤྱད་ནས་གྲུབ་འབྲས་ག་འདྲ་ཞིག་ལེན་ཐུབ་པ་སྟོན་པའི་ཕུལ་དུ་བྱུང་པའི་མཚོན་རྟགས་ཤིག་རེད”ཅེས་འགྲེལ་བརྗོད་བྱས།
  ཨུ་གྷན་བྷི་རོམ་གྱིས་རོཡེ་ཁྲིར་གསར་ལམ་ལ་བརྗོད་དོན“མོ་ནི་རང་རྣམ་རྩོམ་པ་པོ་དང་སྙན་ངག་པ་ཙམ་ལས་རིང་དུ་འགོངས་ཡོད་ལ། ངས་བལྟས་ན་མོ་ནི་རྩོམ་པའི་བསམ་བློ་ཙམ་ལས་བརྒལ་ཏེ་རྩོམ་འབྲི་བའི་ལས་དེ་མི་སྒེར་གྱི་བསམ་དོན་མངོན་འགྱུར་བྱེད་པའི་ཕ་རོལ་དུ་ཕྱིན་པའི་ཐབས་ལམ་ཞིག་ལ་བེད་སྤྱོད་བྱས་ཡོད།”
   ཨན་རྗི་ལུས1982ནས་བཟུང་ཨ་མེ་རི་ཀ་རིག་པའི་སློབ་དཔོན་ཆེན་མོའི་འགན་བཞེས་མྱོང་སའི་ཝེ་ཁི་ཧྥོརེ་སི་ཁྲི(Wake Forest University)ནས་མོ་ལ་མྱ་ངན་ཞུས་ཡོད། སློབ་གྲྭ་དེ་གའི་དྲ་ཚིགས་སུ“གུས་པར་འོས་པའི་སྙན་ངག་པ་དང་རྩོམ་པ་པོ། འཁྲབ་སྟོན་པ། སྤྱི་དམངས་ཀྱི་རྩ་བའི་ཐོབ་ཐང་རྩོད་ལེན་པ་སློབ་དཔོན་ཆེན་མོ་དང་འབུམ་རམས་པ་མཱ་ཡ་ཨན་རྗི་ལུ”ལགས་སྐུ་ཚེ་འདས་བར་མྱ་ངན་ཞུས་ཡོད་ལ། “མོའི་མི་ཚེ་དང་སློབ་སྟོན་གྱིས་འཛམ་གླིང་གི་གང་སར་གནས་པའི་མི་ས་ཡ་དུ་མར་བློ་བསྐྱེད་བསྩལ་ཡོད”ཅེས་བྲིས་ཡོད།
  ཝེ་ཁི་ཧྥོརེ་སི་ཁྲི་སློབ་ཆེན་ནས་མོས་རྩོམ་རིག་དང་། ཀུན་སྤྱོད་རྣམ་གཞག་དང་། རྩོམ་འབྲི་སོགས་ཁྲིད་ཅིང་། 2012ལོར་སློབ་མའི་ཚགས་པར<<སེར་ནག>>(Old Gold and Black)ཅེས་པས་བཅར་འདྲི་ཞུ་སྐབས་མོས“རང་ཉིད་ནི་གཞན་ལ་ཁྲིད་སྟོན་བྱེད་ཐུབ་མཁན་གྱི་རྩོམ་པ་པོ་ཞིག་མ་ཡིན་པར། དགེ་རྒན་རྩོམ་འབྲི་ཐུབ་མཁན་ཞིག་ཡིན་པ་ཧ་གོ་སོང”ཞེས་གསུངས་ཡོད།
  མོ་ནི1928ལོར་མེ་སོ་རི་མངའ་སྡེའི་སེན་ཁྲི་ལུས་ཝེ་སི(St. Louis, Mo)ནས་འཁྲུངས་པ་ཡིན། མོའི་སྐྱེས་མིང་ལ་མར་སྒི་རི་ཁྲི་རྗོན་སིན(Marguerite Johnson)ཟེར།
  བྱིས་པའི་དུས་ཕལ་ཆེ་བ་ཨར་ཁན་ས་སི་ནས་བསྐྱལ་། བྱིས་པའི་དུས་སུ་བཙན་གཡེམ་མྱངས་རྗེས། ལོ་ལྔ་ལ་སྨྲ་བ་བཅད་མྱོང་།
  མོ་རང་ལོ་བཅུ་དྲུག་ཡིན་དུས་བུ་གཅིག་པུ་གྷ་ཡེ་རྗོན་སིན་སྐྱེས། <<རཱ་ལེའི་གསར་འགྱུར་དང་རྟོག་ཞིབ་པའི་ཚགས་པར>>(Raleigh New & Observer)གྱིས་བརྗོད་པ་ལྟར་ན། ཨན་རྗི་ལུས་ཉུང་མཐར་ཡང་ཐེངས་གཉིས་ལ་གཉེན་བསྒྲིགས་ཤིང་འཐོར་མྱོང་ཡོད་ཅིང་། མོས་རང་ཉིད་དང་བུ་ལ་འཚོ་གོས་སྦྱོར་ཆེད་ལས་ཀ་མང་པོ་བསྒྲུབས་མྱོང་ཡོད་དེ། ཞབས་ཞུ་མ་དང་། མ་བྱན། སྤྱི་སྤྱོད་གློག་འཁོར་གྱི་ཁ་ལོ་བ། ཁལ་ལེབ་སོའི་གར་མ། གཞས་མ་སོགས་བྱེད་མྱོང་། མོས་ཡོ་རོབ་དུ་འཁྲབ་སྟོན་བྱེད་རིང་། མོས་རང་གི་གཅེན་པོས་མོར་བཏགས་པའི་མཚང་མིང་དང་ཁྱོ་གའི་རུས་མིང་གཉིས་བཅོས་ནས་རང་ལ་འཁྲབ་སྟོན་པའི་མིང་ཞིག་གསར་བཟོ་བྱས།
 
  དུས་རབས་གོང་མའི་ལོ་རབས་དྲུག་ཅུའི་སྟོད་དུ་མོས《ཨ་རབ་རྟོག་ཞིབ》(the Arab Observer)ཀྱི་རྩོམ་སྒྲིག་གི་འགན་བཞེས་ནས་ཁེ་རོ(Cairo)ནས་བསྡད་ཡོད།
  མོས་སྤྱི་དམངས་ཀྱི་རྩ་བའི་ཐོབ་ཐང་ལས་འགུལ་རང་གི་རྩོམ་ཡིག་དང་འཁྲབ་སྟོན་ལ་སིམ་པར་བགྱིས་ཡོད། ཨ་རིའི་མཉམ་འབྲེལ་བརྡ་འཕྲིན་ཁང(Associated Press)གིས་བསྒྲགས་པ་ལྟར་ན། མོས་སྔོན་ཆད་ལྷོ་ཕྱོགས་ཡེ་ཤུའི་ཆོས་ཚོགས་དབུ་ཁྲིད་ལྷན་ཚོགས(Southern Christian Leadership Council)ནས་ཕྱག་ལས་གནང་ཞིང་། མོ་ཨེ་ཅིབ་དང་རྒ་ནཱ (Ghana) རུ་བཞུགས་དུས་ལྷོ་ཨ་ཧྥེ་རི་ཁའི་དབུ་ཁྲིད་དང་ཕྱིས་ཀྱི་དབུ་འཛིན་ནེལ་སིན་མན་དྷེ་ལ(Nelson Mandela)དང་གྲོགས་པོ་བསྒྲིགས། མཱལ་ཁིམ X(Malcolmn X)ལགས1965ལོར་ལྐོག་གསོད་ཐེབས་པའི་བར་ཁོང་དང་འབྲེལ་འདྲིས་བཟང་། 1968ལོར་མར་ཁྲིན་ལུ་ཐེར་ཁེང་སྐུ་གཞོན(Martin Luther King Jr)མེ་མདའ་བརྒྱབ་ནས་དམར་གསོད་བྱེད་དུས། མོས་སྤྱི་དམངས་ཀྱི་རྩ་བའི་ཐོབ་ཐང་ལས་འགུལ་གྱི་དབུ་ཁྲིད་ཁོང་ལ་རོགས་བྱས་ཏེ་ཁྲིས་ནི་སིས་མངའ་སྡེའི(Tennessee)མེམ་ཧྥིས་སི(Memphis)ནས་དབུལ་བོའི་མི་མང་གི་གོམ་བགྲོད་(the Poor People’s March)རྩ་འཛུགས་གནང་རོགས་མཛད་བཞིན་ཡོད།  
  ཨན་རྗི་ལུ་ནི་རྩོམ་པ་པོ་ལྗེམ་སི་བྷོལ་སྒྲི་ཝེན(James Baldwin)སོགས་ཀྱིས་མོའི་བྱིས་དུས་ཀྱི་གཏམ་རྒྱུད་རྣམས་ཐོས་ནས། དེ་དག་ཡིག་ཐོག་ཏུ་བྲི་བར་བསྐུལ་རྗེས་ད་གཟོད་རྩོམ་རིག་གི་ལས་ལ་ཞུགས་པ་རེད།
 1969ལོར<<ངས་གཟེབ་ཏུ་ཚུད་པའི་བྱེའུས་གཞས་གཏོང་དོན་ཤེས>>པར་དུ་བསྐྲུན་པས་མོར་བསྟོད་བསྔགས་མང་དུ་ཐོབ་ཅིང་། མོ་རང་ཨ་མེ་རི་ཁའི་ལྷོ་ཕྱོགས་སུ་ནར་སོན་པའི་གཏམ་རྒྱུད་དེས་རིགས་རྒྱུད་ཁྱད་གསོད་རིང་ལུགས་དང་བཙན་གཡེམ་སོགས་ཀྱི་གནད་དོན་གླེང་ཡོད།
  1993ལོར། ཨན་རྗི་ལུ་ཡིས་ཨ་རིའི་སྲིད་འཛིན་ཁི་ལེན་ཁྲིན(Clinton)གྱི་ལས་འཁུར་གཏམ་བཤད་ཐོག་མར་<<ཞོགས་པའི་འཕར་རྩ་རུ>>ཞེས་པ་གྱེར་འདོན་བགྱིས་པས་མོར་དགའ་བསུ་དང་དོ་སྣང་བྱེད་མཁན་སྔར་བས་མང་པོ་བྱུང་།  2008ལོའི་ཨ་རིའི་སྲིད་འཛིན་བདམ་བསྐོའི་སྐབས་མོས་ཧེལ་རའེ་ཁི་ལེན་ཐོན་ཧེལ་ལེ་རིས་ཁི་ལེན་ཁྲིན(Hillary Clinton)བྷི་རག་ཨོ་བྷ་མཱ(Barack Obama)ལས་རྒྱལ་བར་རྒྱབ་སྐྱོར་གནང་ཡང་། རྒྱལ་ཁབ་དེར་མི་ནག་གི་སྲིད་འཛིན་ཐོག་མ་བདམས་ཐོན་བྱུང་དུས་དགའ་སྤྲོ་ཚད་མེད་སྐྱེས། 2011ལོར་ཨོ་བྷ་མཱས(Barack Obama)མོར་སྲིད་འཛིན་གྱི་རང་དབང་རྟགས་མ་གནང་ལ། 2013ལོར་མོར་རྒྱལ་ཁབ་དཔེ་དེབ་བྱ་དགའི་བསྔགས་བརྗོད་མཚན་སྙན་ཐོབ།
  ཁོང་གིས་ལྷུག་རྩོམ་དང་རང་རྣམ། འཁྲབ་གཞུང་། བྱིས་པའི་ཀློག་དེབ། ཟས་སྦྱོར་གྱི་དཔེ་དེབ་སོགས་བརྩམས་ཆོས་འབོར་ཆེན་བརྩམས་གནང་མཛད་ནའང་། <<གཟེབ་ཏུ་ཚུད་པའི་བྱེའུ>>དང<<ང་སྔར་བཞིན་ཡར་འཕགས་ཀྱིན་ཡོད>>  <<བུ་མོར་བྲིས་པའི་འཕྲིན>>བཅས་ཀྱིས་མོ་ལ་སྙན་གྲགས་ཆེས་ཆེར་རྒྱས་སུ་བཅུག  མོའི་བརྩམས་ཆོས་གསར་བ་སྟེ་མ་ཡུམ་དང་རྨོ་མོས་མོ་ལ་ཞལ་ཏ་གནང་བའི་སྐོར་བརྗོད་པའི《ཨ་མ་དང་ང་། ཨ་མ》ཞེས་པ་ན་ནིང་འགྲེམས་སྤེལ་གནང་།
  མོ་ནི་བརྩམས་སྒྲུང་བ་ཐོ་ནི་མོ་རིས་སིན(Toni Morrison)དང་གསར་འགྱུར་བརྒྱུད་ལམ་གྱི་བདག་གཉེར་བ་ཆེན་མོ་ཨོ་ཕི་རཱ་ཝེན་ཧྥི་རི་(Oprah Winfrey)སོགས་ཀྱི་གྲོགས་པོ་དང་སློབ་སྟོན་པ་དམ་པ་ཡིན་ལ། བསྐྲུན་ནས་ཡུན་རིང་འགོར་བའི་ཨོ་ཕི་རཱ་ཝེན་ཧྥི་རིའི་བརྙན་འཕྲིན་གླེང་སྟེགས་ཐོག་ཐེངས་མང་པོར་ཕེབས་མྱོང་། ཉེ་བའི་ལོ་ཤས་སུXMརླུང་འཕྲིན་ཁང་གི“ཨོ་ཕི་རཱ་དང་མོའི་གྲོགས་པོ་རྣམ་པ”ཞེས་པའི་ལེ་ཚན་དུ་མོར་ཉན་མཁན་མང་པོ་ཡོད།
 མོ་ད་དུང་གློག་བརྙན་དང་བརྙན་འཕྲིན་དུ་ཡོང་ཡོད་ལ། ཆེད་སྒྲིག་རོལ་དབྱངས་དང་མོའི་སྙན་ངག་ཡང་སྒྲར་འཇུག་བྱས་ཡོད། མོའི་གྱེར་འདོན་ཆེད་སྒྲིག་ལ་སྒི་རམ་མས་བྱ་དགའ(Grammy)ཐེངས་གསུམ་ཐོབ་ཞེས་ཨ་རིའི་མཉམ་འབྲེལ་བརྡ་འཕྲིན་ཁང་གིས་བསྒྲགས་ལ། མོས་རྩོམ་རིག་གི་སྡེ་ལ་མཛད་རྗེས་བཞག་པར2013ལོར་རྒྱལ་ཁབ་དཔེ་དེབ་བྱ་དགའི་མཚན་སྙན་ཐོབ།
   མོས་རང་གི་རྩོམ་རེ་འགའ་ངོ་དེབ(Facebook) བརྒྱུད་ནས་ཀུན་གྱི་མཐོང་ལམ་དུ་བསྟར་ལ། མོས་སྤྱི་ཟླ5བའི་ཚེས23ཉིན་སྦྱར་བའི་ཟིན་བྲིས་ཀྱི་ཚིག་མཐའ་མ་ཞིག་ནི་འདི་ལྟ་སྟེ། “རང་ལ་ཉོན་དང་། ཞི་གནས་དེའི་ཁྲོད་ནས་ཁྱེད་ཀྱིས་དཀོན་མཆོག་གི་གསུང་སྐད་ཐོས་སྲིད”

          གཡག་བུ་དཔལ་རྩལ་དང་གྲྭ་ཚང་སྐྱབས་ཀྱིས་ཨིན་ཡིག་ལས་བསྒྱུར་བ་དང་། མདའ་ཚན་པ་བླ་མ་སྐྱབས་ཀྱིས་ཞུ་དག་མཛད།

     (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ངག་པ་གྲགས་ཅན་མཱ་ཡ་ཨན་རྗི་ལུ་མཆོག་སྐུ་གཤེགས་པ།

2014-06-03 ངེད་དྲ་བ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།